མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་བདེའི་དེད་དཔོན་དག་བོད་ཕྱོགས་སུ་ལངས་པ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་མི་ ༨ བརྒྱད་ཀྱིས་༧གོང་ས་མཆོག་གིས་བཏོན་གནང་མཛད་པའི་བོད་མིའི་ཆེས་མཐོའི་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར་གནང་ཡོད་ཅིང་། ཁོང་ཚོས་བོད་དོན་འདི་ནམ་ཡང་ཤི་རུ་འཇུག་གི་མིན་ཟེར།

ཚེས་ ༢༧ ཉིན་གནས་ཚུལ་སྤེལ་བ་ལྟར་ན། ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མྱོང་མཁན་ཁག་ཅིག་གིས་༧གོང་ས་མཆོག་གིས་འཚེ་མེད་ཞི་བའི་ལམ་ནས་བོད་མི་མང་ལ་དོན་དམ་གྱི་རང་སྲིད་རང་སྐྱོང་རག་ཐབས་སུ་ཐུགས་བརྩོན་གནང་བཞིན་པར་རྒྱབ་སྐྱོར་གནང་ཡོད་པ་དང་། བོད་མི་རྣམས་ལ་ཁྲིམས་མཐུན་དང་ཚད་མཐོའི་རང་སྲིད་རང་སྐྱོང་ཞིག་ཡོང་བར་རྒྱ་ནག་གི་རྩ་ཁྲིམས་འོག་ནས་ལག་བསྟར་བྱེད་ཐུབ་པའི་ཁྲིམས་གཞི་བཟོ་རོགས་ཞེས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་ཡོད་པ་རེད།
   

ནོ་སྦེལ་ཞི་བདེའི་གཟེངས་རྟགས་པ་དེ་དག་ནི་ Jody Williams ཇོ་ཌེ་ཝེ་ལེམ་དང་། Shirin Ebadi ཤི་རིན་ཨེ་བྷ་ཌི། Mairead Corrigan Maguire མེ་རི་ཌུ་ ཁོ་རེ་གྷན་མ་གྷུ་རེ། Archbishop Desmond Tutu ཆོས་དཔོན་ཌེ་སི་མོན་ ཊུ་ཊུ།  Rigoberta Menchu Tum རི་གྷོ་བྷེར་ཊ་མེན་ཆུ། Adolfo Perez Equivel ཨ་ཌོལ་ཧྥོ་ པེ་རེ་ཛུ།  Betty Williams བྷེ་ཊི་ ཝེལ་ལམ། Wangari Maathai ཝང་བྷ་རི་ མ་ཐེ་བཅས་རེད། ཁོང་རྣམས་ནི་༧གོང་ས་མཆོག་དང་བོད་མི་རིགས་ལ་རྒྱབ་སྐྱོར་གྱི་གསུང་བཤད་དེར་མཚན་རྟགས་འགོད་མཁན་དག་རེད། དེའི་གྲས་ནས་མེ་རི་ཌུ་ ཁོ་རེ་གྷན་མ་གྷུ་རེ་དང་ ཇོ་ཌེ་ཝེ་ལེམ། ཤི་རིན་ཨེ་བྷ་ཌི་བཅས་ཀྱིས་ཕྱི་ཚེས་ ༢༧ ཉིན་༧གོང་ས་མཆོག་དང་ངྷ་སའི་བོད་རིགས་མི་མང་གིས་དགའ་བསུའི་མཛད་སྒོ་ཞིག་འཚོགས་སྐབས་གསུང་བཤད་ཀྱི་ཕྱག་འཕྲིན་དེ་༧གོང་ས་མཆོག་གི་ཕྱག་ལ་ཕུལ་ཡོད་པ་རེད།

བསྒྲགས་གཏམ་དེའི་ནང་དུ། མི་ལོ་ ༥༠ རིང་༧གོང་ས་ཏཱ་ལའི་བླ་མ་དང་བོད་མི་དམངས་ཀྱིས་རང་གི་གནའ་བོའི་ཆོས་དང་རིག་གཞུང་། སྐད་ཡིག་དང་ངོ་རྟགས་སོགས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་རྒྱུའི་དོན་དུ་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་བྱས་ཡོད། བོད་ཀྱི་གནད་དོན་དེ་ད་དུང་སེལ་མ་ཐུབ་པར་ལྷག་ཡོད་པ་དང་། བོད་ནང་གི་བོད་རིགས་མང་ཚོགས་རྣམས་ནི་མུ་མཐུད་ནས་དྲག་གནོན་དང་གདུག་རྩུབ་ཀྱི་གནས་སྟངས་འོག་ཡོད་སྟབས། འདིར་ང་ཚོ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྣམས་ཀྱིས་བོད་མིའི་ངོ་རྟགས་འདི་རྒྱུན་འཛིན་ཡོང་ཐུབ་མིན་ལ་སེམས་ཁུར་ཆེན་པོ་བྱེད་བཞིན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ལ་ཚད་མཐོའི་རང་སྲིད་རང་སྐྱོང་རག་ཐབས་སུ་འཚེ་མེད་ཞི་བའི་ལམ་ནས་ཐུགས་གནང་བཞིན་པ་དེར་རྒྱབ་སྐྱོར་གནང་གི་ཡོད་ཅེས་བཀོད་ཡོད་པ་རེད།

བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གིས་ས་སྟེང་གི་འགྲོ་བ་ཡོངས་ཕན་ཚུན་རྟེན་འབྱུང་དུ་གནས་པའི་གོ་བ་ཟབ་མོ་དང་། བཟོད་སྒོམ། སྙིང་རྗེ་བཅས་ཀྱི་འཇིག་རྟེན་ཀུན་ཁྱབ་ཀྱི་རིན་ཐང་དེ་ཉར་ཡོད། ང་ཚོས་དུས་རབས་ཉེར་གཅིག་པའི་ནང་དུ་ཞི་བདེ་དང་དྲང་བདེན། རྒྱུན་གནས་ཀྱི་གོ་ལའི་སྤྱི་ཚོགས་ཤིག་བསྐྲུན་བཞིན་པ་འདི་ལ་བོད་ཀྱི་རིག་གཞུང་གི་ཁྱད་ཆོས་འདི་དག་གིས་རོགས་འདེགས་ཆེན་པོ་ཞིག་འཐོབ་གི་རེད། ཅེས་དང་།

བོད་མི་རིགས་ཀྱིས་མུ་མཐུད་ནས་མུན་ནག་དང་ཟུག་གཟེར་ཆེ་བའི་ལོ་རྒྱུས་ཀྱི་ལེའུ་ཞིག་ཏུ་ཡོད་ནའང་། ཁོང་ཚོས་བཙན་བྱོལ་དུ་རང་གི་རིག་གཞུང་གཅེས་ཉར་བྱེད་ཐུབ་ཡོད་པ་མ་རེད། འགྲོ་བ་མིའི་རིགས་ལ་ལས་རིགས་ཀྱི་ཕྱོགས་གང་ཐད་ནས་ཁོང་ཚོའི་ཤེས་ཡོན་གྱི་ལེགས་སྐྱེས་མང་པོ་ཕུལ་ཡོད་པ་རེད། འཛམ་བུ་གླིང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཤེས་རབ་དང་ཀུན་སྤྱོད་ཀྱི་མགོ་ཁྲིད་འོག་ནས་ཁེ་བཟང་ཆེན་པོ་ལེན་བཞིན་པ་ལྟར། ང་ཚོས་ཁོང་ལ་བརྩི་བཀུར་བྱེད་ོ་ནི་འོས་འཚམ་ཡིན་ལ། ད་ལྟ་ང་ཚོ་ཁོང་གི་སྐུ་རྒྱབ་ཏུ་ལངས་ཏེ་བོད་ཀྱི་གནད་དོན་འདི་གསོན་གནས་ཡོང་བ་བྱ་རྒྱུ་ཡིན།

ང་ཚོས་རྒྱ་ནག་གཞུང་ལ་གང་མགྱོགས་བོད་ཀྱི་གནས་སྟངས་ཐད་འདུམ་འགྲིག་ཡོང་བ་དང་དེང་སང་བོད་རང་གི་ས་ཐོགཏུ་བོད་མི་རྣམས་མཐར་འདེད་དང་འགལ་རྐྱེན་བྱུང་བར་དྲག་གནོན་བྱེད་པའི་སྲིད་བྱུས་དེ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། བོད་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་འཐོབ་པར་རྒྱ་ནག་གི་རྩ་ཁྲིམས་དང་མི་འགལ་བའི་ཁྲིམས་གཞི་བཟོ་རྒྱུ་དང་། རྒྱ་ནག་གཞུང་གིས་གོམ་སྟབས་ཆེན་པོའི་ངང་རྒྱལ་ཁབ་འདི་ཞི་བདེ་མཉམ་གནས་ཡོང་བ་བྱེད་དགོས་ཀྱི་རེད་ཅེས་དང་།

ང་ཚོས་བོད་མི་དམངས་ཀྱི་སྙིང་སྟོབས་དང་བརྗོད་ཀྱིས་མི་ལངས་པའི་དཀའ་སྡུག་གི་སྐབས་འདིར་བློ་སྟོབས་བསྐྱེད་དགོས་པའི་སྐུལ་མ་དང་། ཞི་བདེར་དགའ་བའི་འཛམ་གླིང་མི་དམངས་ཀྱིས་བོད་ལ་རྒྱབ་སྐྱོར་བྱས་ཏེ། བོད་ཀྱི་རིག་གཞུང་འདི་བོད་མིའི་ཕ་ཡུལ་ནས་ཡང་བསྐྱར་དར་ཞིང་རྒྱས་པ་་དང་ང་ཚོ་སའི་གོ་ལའི་ཤུལ་བཞག་རིག་གནས་ཀྱི་ཆ་ཤས་གལ་ཆེན་ཞིག་ཏུ་སྲུང་སྐྱོབ་བྱེད་དགོས་པའི་སྐུལ་མ་བྱེད་ཀྱིན་ཡོད་ཅེས་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༧ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 8

  1. གཉན་མདང་ཕོ་ཉ། says:
    ལོ་ 17 སྔོན།

    དེ་ནི་་ཁོང་ཚོའི་འོས་བབ་ཀྱི་བྱ་བ་ཞིག་ཡིན་པ་མཐོང་གི་ཡོད

    Reply
  2. ཐོག་རྒོད། says:
    ལོ་ 17 སྔོན།

    རྒྱ་མིའི་མ་ཉན་ན་ཞི་བདེའི་གཟེངས་རྟགས་བཞེངས་མཁན་དེ་ཚོས་ག་རེ་བྱས་ཡོང་གི་རེད་དམ???????????
    བྱས་ཡ་ཞིག་ཡོད་མདོག་མདོག་གིས་ང་ཚོར་ཕན་ས་མ་རེད་དཱོ།

    Reply
  3. རྒྱང་རིང་ནས། says:
    ལོ་ 17 སྔོན།

    ང་ཚོ་ལ་དོན་དམ་པའིརྒྱབ་སྐྱོར་འདི་རྣམས་དགོས་པ་རེད་ གང་ཡིན་ཞེ་ན
    ང་ཚོས་ད་བར་༧གོང་ས་མཆོག་གི་ལམ་སྟོན་གནང་བའི་སྲིད་ཇུས་ལ་མུ་མཐུད་ཤར་བསྐྱོར་བྱས་ནས་རྒྱ་ནག་ལ་ཞི་རྒོལ་བྱས་ཡོད་ཀྱང་རྒྱ་ནག་གིས་ཁ་བྲལ་བའི་མིང་
    ངན་འདོགས་ཀྱི་ཡོད་པས་དེ་ལ་བརྡ་ལན་ཞིག་འཛམ་གླིང་གི་མི་དབང་འདི་རྣམས་ཀྱིས་རྒྱབ་པ་རེད་ད་དུང་ཡང་མི་དབང་འདི་འདྲ་བ་འབུམ་ཁྲག་གི་རྒྱབ་སྐྱོབ་ཐོབ་པའི་རེ་བ་ཡོད་ཚད་དང་ཡོད་ཚད་ཡོད།

    Reply
  4. དུག་ཚེར། says:
    ལོ་ 17 སྔོན།

    དངོས་གནས་དོན་པའི་ཞི་བདེའི་དེད་དཔོན་ཞིག་ཡིན་ན་ཚད་མཐོའི་ཞི་བདེ་འམ་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་འོས་པ་ཞིག་རེད་འདོད་ཁུ།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་སྐྱེ་བོ་འདི་དག་གིས་བོད་མི་གཙོ་བའི་འཛམ་གླིང་ཞི་བའི་བདེན་དོན་ལ་རང་ནུས་གང་ཡོད་ཀྱིས་ཁ་གཡང་བསྒྲགས་པ་དེ་ལྟར་དུ་ཕྱག་ལས་ཀྱང་ཇི་སྲིད་བར་དུ་དེ་ལྟར་དུ་གནང་སྐྱོང་ཡོང་བར་འབོད་སྐུལ་དང་། ད་རེབ་༧གོང་ས་མཆོག་གི་ཞབས་རྗེས་སུ་གུས་མདུད་གནང་བ་དེར་སེམས་གཏིང་ནས་བོད་རིགས་ཤིག་གི་ངོས་ནས་བཀའ་དྲིན་ཆེ་ཞུ།

    Reply
  6. ཚྭ་སྒང་ཕོ་ཉ། says:
    ལོ་ 17 སྔོན།

    སྐྱེས་བུ་དམ་པ་དེ་དག་ནི་འཛང་གླིང་མི་རིགས་ཡོངས་ཀྱི་བླ་ན་མེད་པའི་སྙིང་སྟོབས་མཚོན་པའི་གང་ཟག་ཞིག་ཡིན་པར་ངའི་ཡིད་ཆེས་ཡོད།

    ངས་སྔོན་ནས་ཞི་བདེ་གཟིང་རྟགས་གཞེས་མཁན་དེ་དག་གཅིག་སྒྲིལ་ཐོག་ནས་འཛམ་གླིང་མི་དམངས་ཉམ་ཐག་དེ་དག་གི་དོན་དུ་ཚོགས་པ་ཞིག་མཛུག་རྒྱུ་བའི་རེ་བ་ཡོད།།

    Reply
  7. གསེར་རྟ་ཆོས་དབྱིངས། says:
    ལོ་ 17 སྔོན།

    དགའ་འོས་པའི་གཏམ་བཟང་ཞིག་རེད། བོད་པ་རྩམ་ཟན་ཞིག་ཡིན་པའི་ཆ་ནས་ཞི་བདེའི་དེད་དཔོན་ཆེན་པོ་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  8. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    སྐྱེས་བུ་དམ་པ་འདི་ཚོ་ལ་ཡིད་ཆེས་བརྒྱ་བརྒྱ་བྱེད་ཆོག་པར་འདོད། དེ་མིན་ཕྱི་གླིང་བའི་མཐོ་རིམ་དཔོན་རིགས་ཚོས་བོད་མཁོ་སྐབས་བོད་དོན་གྱི་རྔ་རྡུང་གི་རེད། རྒྱ་དགོས་དུས་རྒྱ་དོན་གྱི་དུང་འབུད་ཀྱི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese