བཙུན་མ་ཞིག་གི་ཞལ་ཆེམས།

རྒྱ་ནག་གཞུང་གིས་སྡོད་ཤག་ཆུང་ཆུང་དེ་ཚོའང་བཤིག་སོང་བས་ང་ཤི་ན་དགའ་ཡི་འདུག

འདས་ལོའི་ཕྱི་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་གསེར་རྟ་བླ་རུང་སྒར་པདྨ་མཁའ་འགྲོའི་འདུ་གླིང་དུ། རྒྱ་ནག་གཞུང་གི་བཙན་དབང་གཏོར་བཤིག་ལ་ངོ་རྒོལ་གནང་སྟེ། རང་ཤི་བརྒྱབ་པའི་རྨེ་བའི་བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཀྱི་ཞལ་ཆེམས་གཞི་ནས་ཕྱི་རུ་འབྱོར་འདུག

སྐབས་དེར་བཙུན་མ་ཁོང་གིས་ཞལ་ཆེམས་ཞིག་བཞག་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་ཡང་། རྒྱ་ནག་གཞུང་གི་གནོན་ཤུགས་འོག་བཙུན་མ་ཁོང་རང་ཤི་བརྒྱབ་པ་མིན་པར་ནད་མནར་གྱིས་འདས་གྲོངས་སུ་ཕྱིན་པ་ཡིན་ལུགས་སོགས་ཀྱི་འཁྱོག་བརྗོད་བྱས་ཡོད་ཀྱང་། དེ་རིང་བཙུན་མ་ཁོང་གི་གྲོང་པ་གཅིག་པ་ཆབ་སྲིད་བཙོན་ཟུར་ཤེལ་དགེ་འདུན་ཚེ་རིང་ལགས་ཀྱིས་མོའི་ཞལ་ཆེམས་ལག་བྲིས་མ་ཞིག་འདི་གར་གནས་མཁོ་སྤྲོད་གནང་བྱུང་།

མོའི་ཞལ་ཆེམས་ནང་དུ། ངའི་སེམས་པ་འདི་ཧ་ཅང་སྐྱོ། རྒྱུ་མཚན་རྒྱ་ནག་གཞུང་གིས་ཆོས་སློབ་པ་ལའང་རང་དབང་སྤྲོད་ཀྱི་མི་འདུག སྡོད་ཤག་ཆུང་ཆུང་དེ་ཚོའང་བཤིག་བཞག་ཐལ། ང་ཤི་ན་དགའ། ཞེས་བྲིས་འདུག

རྒྱ་གཞུང་གི་གནོན་ཤུགས་དང་དམ་དྲག་འོག་བོད་ནང་གི་ཞི་རྒོལ་གནས་ཚུལ་མང་པོ་ཞིག་གཏན་ནས་ཕྱི་རུ་བསླེབ་ཐུབ་ཀྱི་མེད་པ་དང་། ཕྱི་རུ་བསླེབས་པ་ཡིན་ནའང་ཞིབ་ཕྲ་ཁ་གསལ་རག་རྒྱུ་ཁག་པོ་ཡོད་པ་ལྟར། བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཀྱིས་ངོ་རྒོལ་རང་ཤི་བརྒྱབ་སྟེ་ལོ་གཅིག་ཧྲིལ་པོ་འཁོར་གྱི་ཡོད་པའི་སྐབས་འདིར་གཞི་ནས་མོའི་ཞལ་ཆེམས་ཕྱི་ལོགས་སུ་འབྱོར་ཐུབ་ཡོད་པ་དང་། གནས་ཚུལ་མཁོ་སྤྲོད་པས་བཙུན་མ་ཁོང་གི་འབྲེལ་ཡོད་ནས་ད་བར་ཞལ་ཆེམས་དེ་ཕྱི་རུ་བསྐུར་མ་ཕོད་པར་ཉར་ནས་བསྡད་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༨/༡༢

Leave a Reply

2 thoughts on “བཙུན་མ་ཞིག་གི་ཞལ་ཆེམས།

  1. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་མིའི་བོད་ཀྱི་བདག་དབང་བཙན་འཕྲོག་དང་བོད་མི་རིགས་དང་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་རྩ་མེད་བཟོ་བཞིན་པ་ལ་ང་ཚོའི་འགན་འཁུར་ནས་བོད་རྒྱ་གཉིས་མི་དང་མི་ཐུག་ནས་ཕར་བཤད་ཚུར་ཉན་ཚུར་བཤད་ཕར་ཉན་རྒྱུད་ནས་བོད་རྒྱའི་དཀའ་སྙོགས་སེལ་དགོས་པ་ལས་གསར་ཤོག་སྟེང་གནས་ཚུལ་སྤེལ་རྒྱུ་དང་ཕྱིའི་རྒྱལ་ཁབ་ལ་སྐྱབས་བཅོལ་ནས་དུས་ཚོད་སྐྱེལ་རྒྱུ་དེ་དག་བོད་རྒྱའི་དཀའ་སྙོགས་སེལ་རྒྱུའི་ཚབ་ཏུ་སྙོགས་རྫིངས་ཆེ་རུ་འགྲོ་སྲིད་པ་མ་རེད་དམ་?

  2. རྒྱ་གཞུང་གི་གནོན་ཤུགས་དང་དམ་དྲག་འོག་བོད་ནང་གི་ཞི་རྒོལ་གནས་ཚུལ་མང་པོ་ཞིག་གཏན་ནས་ཕྱི་རུ་བསླེབ་ཐུབ་ཀྱི་མེད་པ་དང་། ཕྱི་རུ་བསླེབས་པ་ཡིན་ནའང་ཞིབ་ཕྲ་ཁ་གསལ་རག་རྒྱུ་ཁག་པོ་ཡོད་པ་ལྟར། བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཀྱིས་ངོ་རྒོལ་རང་ཤི་བརྒྱབ་སྟེ་ལོ་གཅིག་ཧྲིལ་པོ་འཁོར་གྱི་ཡོད་པའི་སྐབས་འདིར་གཞི་ནས་མོའི་ཞལ་ཆེམས་ཕྱི་ལོགས་སུ་འབྱོར་ཐུབ་ཡོད་པ་དང་། གནས་ཚུལ་མཁོ་སྤྲོད་པས་བཙུན་མ་ཁོང་གི་འབྲེལ་ཡོད་ནས་ད་བར་ཞལ་ཆེམས་དེ་ཕྱི་རུ་བསྐུར་མ་ཕོད་པར་ཉར་ནས་བསྡད་ཡོད་སྐོར་བརྗོད་བྱུང་།