མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་སྐྱིད་སིལ་སྤོལ་རྩེད་ཐང་ལ་བདག་ཉར་ཡག་པོ་བྱེད་དགོས་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༨/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

དྷ་ས་གངས་སྐྱིད་སིལ་སྤོལ་རྩེད་ཐང་ལ་སྒོ་ལྕགས་བརྒྱབས་པར་བརྟེན་རྩེད་མོ་བ་ཚོས་རྩེད་ཐང་གི་ལྕགས་ར་གཏོར་ཏེ་ནང་དུ་གད་སྙིགས་མང་པོ་གཡུགས་འདུག

བཞུགས་སྒར་དྷ་རམ་ས་ལའི་གངས་སྐྱིད་བོད་ཀྱི་གཞོན་ནུའི་རུ་ཁག་གིས་སྤྱི་ཚོགས་ནང་ཞལ་འདེབས་བསྡུ་སློང་བྱས་པ་བརྒྱུད། ཕྱི་ལོ་ ༡༩༨༠ ཡས་མས་སུ་གངས་སྐྱིད་སིལ་སྤོལ་རྩེད་ཐང་གསར་དུ་བརྒྱབས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་དྷ་ས་ཁུལ་གྱི་ན་གཞོན་ཚོའི་འཕྲོད་བསྟེན་བདེ་ཐང་ཆེད་སིལ་སྤོལ་རྩེད་ཐང་ལ་བཟོ་བཅོས་གནང་སྟེ་རྩེད་ཐང་སྔར་ལས་འཐུས་སྒོ་ཚང་བ་ཞིག་ཏུ་བཟོས་གནང་ཡོད་ཀྱང་། ད་ལྟའི་ཆར་རྩེད་ཐང་ལ་སྒོ་ལྕགས་བརྒྱབས་ནས་བཞག་ཡོད་པར་བརྟེན། རྩེད་མོ་རྩེ་མཁན་ཚོས་རྩེད་ཐང་སྒོ་ཆེན་འགྲམ་གྱི་ལྕགས་ར་གཏོར་ཏེ་ནང་དུ་འཛུལ་བ་མ་ཟད། རྩེད་ཐང་གི་གྲུ་ག་བཞི་ལ་གད་སྙིགས་སྒམ་བཞག་ཡོད་ཀྱང་རྩེད་མོ་བ་ཚོས་གད་སྙིགས་གང་བྱུང་དུ་གཡུགས་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་དྷ་ས་ས་གནས་གཞོན་ནུའི་ལམ་སྟོན་པ་བསྟན་འཛིན་བརྩོན་འགྲུས་ལགས་དང་ས་རྒྱུན་སྐལ་བཟང་ལགས་སུ་རྩེད་ཐང་གི་སྐོར་ལ་སྐད་ཆ་དྲིས་པ་ལྟར་ན། ད་ལྟའི་ཆར་སིལ་སྤོལ་རྩེད་ཐང་ལ་ས་གནས་གཞོན་ནུས་ལྟ་རྟོག་གནང་གི་ཡོད་པ་དང་། ཉེ་སྔོན་བོད་མིའི་སྒྲིག་འཛུགས་ནས་རྩེད་ཐང་རྩིས་སྤྲོད་དགོས་པའི་ཡིག་ཆུང་ཞིག་ས་གནས་གཞོན་ནུར་འབྱོར་ཡོད་ཀྱང་། གཞོན་ནུ་ལྷན་ཚོགས་ནས་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ཚོགས་ཞབས་ཞུ་ཞུ་ཡི་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་ནང་བོད་དོན་གོ་རྟོགས་སྤེལ་བའི་སྐོར་སྐྱོད་ལས་འགུལ་འགྲོ་བཞིན་པ་སོགས་ཀྱིས་རྒྱུན་ལས་མང་པོ་ཞིག་བྲེལ་བ་ཆེན་པོ་ཡིན་སྟབས། སིལ་སྤོལ་རྩེད་ཐང་རྩིས་སྤྲོད་སྐོར་ལ་ཐག་གཅོད་ཐུབ་མེད་ཀྱང་། གཞོན་ནུ་ལྷན་ཚོགས་ནས་རྩེད་ཐང་ལ་ལྟ་རྟོག་ཆེད་རྒྱུས་ཡོད་སིལ་སྤོལ་རྩེད་མཁན་འགའ་ཞིག་ལ་ལྟ་རྟོག་བྱེད་རོགས་ཞེས་རེ་སྐུལ་གནང་ཡོད་སྐོར་བརྗོད་བྱུང་།

ནང་སྲིད་ལས་ཁུངས་ས་ཁང་འགན་འཛིན་དངོས་གྲུབ་འོད་ཟེར་ལགས་ཀྱིས་གསར་འགོད་པར། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་རིགས་གཞོན་སྐྱེས་ཚོའི་འཕྲོད་བསྟེན་བདེ་ཐང་ཡོང་ཆེད། ཕྱི་ལོ་ ༢༠༡༥ ལོར་འགྲོ་གྲོན་ཧིན་སྒོར་འབུམ་ ༦༠ ལྷག་ཙམ་བཏང་ནས་བཟོ་བཅོས་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་དང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བར་གྲོས་ཆོད་ཅིག་བཞག་སྟེ། གཞོན་ནུ་ལྷན་ཚོགས་ནས་མུ་མཐུད་གངས་སྐྱིད་སིལ་སྤོལ་རྩེད་ཐང་ལ་ལྟ་རྟོག་བྱེད་པའི་འོས་འགན་སྤྲད་ཡོད་ཀྱང་། ཉེ་སྔོན་རྩེད་ཐང་དུ་བྱིས་པ་ཚོས་རྐང་འཁོར་ཞོན་པ་དང་གད་སྙིགས་གང་བྱུང་དུ་གཡུགས་པ་སོགས་ཀྱིས་ནང་སྲིད་ལས་ཁུངས་ནས་སྒོ་ལྕགས་བརྒྱབས་ཡོད་པ་མ་ཟད། འཛིན་སྐྱོང་བཀའ་ཤག་ནས་རྩེད་ཐང་ལ་ལྟ་རྟོག་བྱེད་པའི་འགན་དབང་རྩིས་ལེན་གནང་འཆར་ཡོད་སྐོར་བརྗོད་བྱུང་།ཕྱི་ལོ་ ༢༠༡༥ ལོར་བོད་མིའི་སྒྲིག་འཛུགས་དང་གཞོན་ནུའི་བར་བཞག་པའི་གྲོས་ཆོད་ནང་དུ། སིལ་སྤོལ་རྩེད་ཐང་གི་ས་ཆའི་བདག་དབང་དངོས་དེ་བོད་མིའི་སྒྲིག་འཛུགས་ལ་ཡོད་པ་དང་། གཞོན་ནུ་ལྷན་ཚོགས་ནས་མུ་མཐུད་རྩེད་ཐང་བདག་ཉར་གནང་བའི་བཀའ་འཁྲོལ་ཐོབ་ཡོད་ཀྱང་། གལ་སྲིད་བོད་མིའི་སྒྲིག་འཛུགས་ལ་དགོས་མཁོ་བྱུང་ཚེ་ཀ་ཀོར་མེད་པར་རྩིས་འབུལ་ཞུ་དགོས་སྐོར་བཀོད་ཡོད་འདུག་ལ། ད་ལྟ་བར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྩེད་ཐང་ལ་ཆེད་དུ་སྒོ་སྲུང་བ་བཞག་སྟེ་གཙང་སྦྲ་བདག་ཉར་བྱས་ཡོད་ཀྱང་། ཐེངས་གཉིས་ལ་སྒོ་ལྕགས་གཏོར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༢ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese