མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྐོར་གླེང་ཚན་བརྒྱད།  ཡང་སྲིད་གནད་དོན་སྐོར།

བོད་ཀྱི་དུས་བབ།
༢༠༢༦/༡༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ།  ཞའེ་ཝི།  (༢༠༢༦/༡༠/༠༨ ཉིན་སྤེལ།)

གཙང་བོས་རྒྱ་ཡིག་ནས་བསྒྱུར།

རྩོམ་ཁུངས། བོད་ཀྱི་དུས་བབ།

The Dalai Lama directs a peace sign toward the head table, where U.S. President Barack Obama was seated, during the National Prayer Breakfast in Washington, Feb. 5, 2015.

༼རྒྱ་ནག་ལ་ལྟ་བ། ༢༠༢༦ལོའི་ཟླ་ ༡༠  ཚེས་  ༨ ཉིན་གྱི་གསར་འགྱུར།༽ ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་གནད་དོན་ནི། ངོ་གདོང་ནས་ཆོས་ལུགས་རྒྱུད་འཛིན་ཙམ་ཡིན་ཡང་། དོན་དུ་བོད་པའི་སྤྱི་ཚོགས་ཀྱི་དད་མོས་འཚོ་བ་དང། བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ། དེ་བཞིན་དེང་གི་རྒྱལ་ཁབ་ཀྱི་སྒྲིག་གཞིའི་བར་གྱི་གོ་བ་ལེན་ཕྱོགས་ཀྱི་ཧེ་བག་དང་འབྲེལ་བ་ཡོད་པ་རེད། དེའི་ཕྱིར་མ་འོངས་པར་ཡང་སྲིད་སྐོར་གྱི་གནད་དོན་དངོས་གནས་ལྷག་ཚེ། གདོང་ལེན་བྱ་དགོས་པ་ནི་ཆོས་ལུགས་ཆོ་ག་ཁོ་ན་མིན་པར། ཕྱོགས་སོ་སོས་ཐག་གཅོད་དང་བརྒྱུད་རིམ་ལ་གོ་བ་ལེན་ཚུལ་ཡང་འདུས་པས། དེ་རིང་ཅིས་ཀྱང་གནད་དོན་འདི་སྔོན་ནས་གླེང་དགོས་པའི་རྩ་བ་ཡང་དེར་ཐུག་ཡོད།

ཚན་པ་དང་པོ།  ཡང་སྲིད་ལམ་སྲོལ་གྱི་ཆོས་ལུགས་དོན་སྙིང།

ཏཱ་ལའི་བླ་མའི་ཡང་སྲིད་སྒྲིག་གཞི་ནི་ལོ་ངོ་བརྒྱ་ཕྲག་ལྷག་གི་འཕེལ་རྒྱས་བརྒྱུད་དེ། བོད་བརྒྱུད་ནང་བསྟན་ཀྱི་དགེ་ལུགས་པའི་ཆོས་ལུགས་ལམ་སྲོལ་གལ་ཆེན་ཞིག་ཏུ་གྱུར་ཡོད།  དད་ལྡན་པ་ལ་མཚོན་ན། ཡང་སྲིད་བཙལ་འཚོལ་དང་ངོས་འཛིན་ནི་སྤྱིར་བཏང་གི་གོ་གནས་བརྒྱུད་སྤྲོད་ཙམ་མིན་པར། ཆོས་ལུགས་རྒྱུད་འཛིན་དང་དད་མོས་རྒྱུན་བསྲིང་གི་ཆ་ཤས་ཤིག་ཡིན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་ངོས་ནས་ཀྱང་། མ་འོངས་ཡང་སྲིད་ཀྱི་གནད་དོན་སྐོར་ལ་དུས་ཡུན་རིང་བོ་ཞིག་ནས་ཡོངས་ཁྱབ་གསལ་བསྒྲགས་བྱས་འདུག  ཕྱི་ལོ་ ༡༩༦༩ ལོར་ཁོང་གིས་མ་འོངས་པར་ཡང་སྲིད་འབྱུང་མིན་ནི་འབྲེལ་ཡོད་མི་སྣས་ཐག་གཅོད་བྱེད་དགོས་ཚུལ་བསྟན་པ་དང།  ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༧ པར། ཁོང་གིས་སྔར་ལས་ཀྱང་མ་འོངས་ཡང་སྲིད་སྐོར་གྱི་བཀའ་སློབ་ལམ་སྟོན་ཡོངས་བསྒྲགས་བྱས། ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༧ པར་ཁོང་གིས་ཡང་བསྐྱར་དངོས་སུ་གསལ་བསྒྲགས་བྱས་པར། ཏཱ་ལའི་བླ་མའི་ལམ་ལུགས་མུ་མཐུད་དུ་གནས་རྒྱུ་དང། མ་འོངས་ཡང་སྲིད་ཀྱི་ངོས་འཛིན་འགན་དབང་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་ལ་ཡོད་ཚུལ་བསྟན་འདུག། བྱེད་ཕྱོགས་དེ་དག་གིས་མ་འོངས་ཡང་སྲིད་སྐོར་ལ་བཀོད་སྒྲིག་གསལ་བོ་བྱས་པ་མཚོན་ལ། དེ་བཞིན་ཆོས་ལུགས་ཀྱི་སྒོ་ནས་ངོས་འཛིན་དཔང་རྟགས་ཀྱང་གསལ་བོར་བཏོན་ཡོད། མ་འོངས་པའི་གནད་དོན་གཙོ་བོ་ནི་ཡང་སྲིད་དགོས་དང་མི་དགོས་ཙམ་མ་ཡིན་པར། སུ་ཡིས་ངོས་འཛིན་མིན་དང་ལག་བསྟར་ཇི་ལྟར་བྱེད་མིན། དེ་བཞིན་ངོས་འཛིན་མི་འདྲ་བའི་བར་ལ་ཐག་གཅོད་ཇི་ལྟར་བྱེད་མིན་བཅས་ཀྱང་འདུས་སོ།།

ཚན་པ་གཉིས་པ།  པཎ་ཆེན་ཡང་སྲིད་ཀྱིས་བསྟབས་པའི་ལོ་རྒྱུས་བསླབ་བྱ།

པཎ་ཆེན་ཡང་སྲིད་ཀྱི་གནད་དོན་ནི་ཏཱ་ལའི་བླའི་མ་འོངས་ཡང་སྲིད་ཀྱི་གནད་དོན་སྐོར་ཤེས་པར་གཡོལ་ཐབས་མེད་པའི་ལོ་རྒྱུས་དུམ་བུ་ཞིག་རེད། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་རྙོག་འཛིང་ཆེ་བའི་ལོ་རྒྱུས་ཁོར་ཡུག་ཁྲོད་ནས་རིག་གནས་གསར་བརྗེ་དུས་སྐབས་ཀྱི་བརྡབ་གསིག་མྱངས་ཤིང་། དུས་ཕྱིས་དག་སེལ་བྱུང་ཡོད། ཕྱི་ལོ་ ༡༩༩༥ ལོར་ཁོང་སྐུ་གྲོངས་པ་ནས་བཟུང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཆུང་སྲིད་ངོས་འཛིན་སྐོར་གྱི་མཇུག་འབྲས་མི་འདྲ་བ་བྱུང་བར་བརྟེན། མིག་སྔར་ད་དུང་གནས་པའི་ངོས་འཛིན་མི་འདྲ་བ་འདི་བྱུང་། དོན་དེས་སྤྱིར་ཆོས་ལུགས་ལམ་སྲོལ་གྱི་གནད་དོན་ཞིག་ལག་བསྟར་བྱེད་ཕྱོགས་དང་མཐའ་མའི་དབང་ཤུགས་ལ་རྩ་བའི་འགལ་བ་ཤོར་ན། དེ་མ་ཐག་ཏུ་ཆོས་ལུགས་ཀྱི་ཁྱབ་ཁོངས་ལས་འདས་ཏེ་དུས་ཡུན་རིང་བོའི་སྤྱི་ཚོགས་དང་ཆབ་སྲིད་གནད་དོན་ཞིག་ཏུ་འགྱུར་བ་གསལ་བཤད་བྱས་ཡོད། དེའི་ཕྱིར། པཎ་ཆེན་ཡང་སྲིད་ཀྱི་གནད་དོན་དེས་བསྟབས་པའི་བསླབ་བྱ་གལ་ཆེན་ཞིག་ནི། གལ་སྲིད་འབྲེལ་ཡོད་ཕྱོགས་ཀྱིས་གནད་དོན་མ་བྱུང་སྔོན་ནས་རྩ་བའི་འགྲོ་ཕྱོགས་གཏན་འཁེལ་མ་ཐུབ་ན། མ་འོངས་པར་འགལ་བ་ཐག་གཅོད་ཇེ་དཀའ་རུ་འགྱུར་བ་དེའོ།།

ཚན་པ་གསུམ་པ།  ཏཱ་ལའི་བླ་མས་མ་འོངས་ཡང་སྲིད་སྐོར་ལ་བཟུང་བའི་ཁ་གསལ་ལངས་ཕྱོགས།

ཏཱ་ལའི་བླ་མས་མ་འོངས་ཡང་སྲིད་སྐོར་ནས་སྤེལ་བའི་བྱེད་ཕྱོགས་དེ་ཉེ་ཆར་བྱུང་བ་ཞིག་མ་རེད། ཕྱི་ལོ་ ༢༠༡༡ ལོར་ཁོང་གིས་མ་འོངས་ཡང་སྲིད་ཀྱི་རྩ་བའི་ལམ་སྟོན་ཁྱབ་བསྒྲགས་བྱས་ཤིང་། ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༧ པར་ཡང་བསྐྱར་ཏཱ་ལའི་བླ་མའི་ལམ་ལུགས་མུ་མཐུད་དུ་གནས་རྒྱུའི་གསལ་བསྒྲགས་བྱས་པར་མ་ཟད། ཡང་སྲིད་ངོས་འཛིན་གྱི་འགན་དབང་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་ལ་ཡོད་པ་ནན་བཤད་བྱས། བྱེད་ཕྱོགས་དེ་དག་གིས་མ་འོངས་ཡང་སྲིད་སྐོར་ནས་བཀོད་སྒྲིག་བྱས་པ་སྔར་ལས་མངོན་གསལ་ཡིན་པ་དང་། ཆོས་ལུགས་ཀྱི་སྒོ་ནས་ངོས་འཛིན་དཔང་རྟགས་གསལ་འདོན་བྱས་ཡོད། མ་འོངས་པའི་གནད་དོན་གཙོ་བོ་ནི་ཡང་སྲིད་དགོས་དང་མི་དགོས་ཙམ་མ་ཡིན་པར། སུ་ཡིས་ངོས་འཛིན་མིན་དང་ལག་བསྟར་ཇི་ལྟར་བྱེད་མིན། དེ་བཞིན་ངོས་འཛིན་མི་འདྲ་བའི་བར་ལ་ཐག་གཅོད་ཇི་ལྟར་བྱེད་མིན་བཅས་ཀྱང་འདུས་སོ།།

ཚན་པ་བཞི་བ།  རྒྱ་ནག་གི་མིག་སྔའི་སྒྲིག་གཞི་དང་ཆོས་ལུགས་ལམ་སྲོལ་གྱི་ཧེ་བག

རྒྱ་ནག་གཞུང་གིས་སྤྲུལ་སྐུའི་ལམ་ལུགས་ལ་སྒྲིག་གཞི་གསལ་བོ་བཟོས་ཡོད་པ་སྟེ། ཕྱི་ལོ་ ༢༠༠༧ ལོར་ཁྱབ་བསྒྲགས་བྱས་པའི་《བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས་》ཞེས་པར་གཏན་འབེབས་བྱས་དོན། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དེ་སྙན་ཞུ་དང་ཆོག་མཆན་གྱི་རིམ་པ་བརྒྱུད་དགོས་པ་དང་། ཤུགས་རྐྱེན་ཆེ་བའི་རིགས་ཀྱིས་རྒྱལ་ཁབ་ཆོས་ལུགས་ལས་དོན་ཁང་ལ་སྙན་ཞུ་དང་། ཤུགས་རྐྱེན་ཆེས་ཆེ་བའི་རིགས་ཀྱིས་རྒྱལ་དོན་ཁང་ལ་སྙན་ཞུ་བྱེད་དགོས་ཚུལ་བསྟན་ལ། དེ་བཞིན་འབྲེལ་ཡོད་ནང་བསྟན་མཐུན་ཚོགས་ཀྱིས་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ཀྱི་འགྲོ་ལུགས་ཏེ། གསེར་བུམ་དཀྲུགས་འདོན་གྱིས་ཆུང་སྲིད་ངོས་འཛིན་བྱེད་སྲོལ་ལྟར་ཡང་སྲིད་ངོས་འཛིན་བྱེད་དགོས་ཚུལ་ཡང་གཏན་འབེབས་བྱས་འདུག། ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་གི་ངོས་ནས་ཀྱང་ཡོངས་ཁྱབ་གསལ་བསྒྲགས་བྱས་དོན། ཏཱ་ལའི་བླ་མའི་ཡང་སྲིད་ནི་རྒྱལ་ནང་དུ་བཙལ་འཚོལ་དང་གསེར་བུམ་དཀྲུགས་འདོན། དབུས་སྲིད་གཞུང་གིས་ངོས་ལེན་ཆོག་མཆན་དགོས་ཚུལ་སོགས་ཀྱི་རྩ་དོན་བཏོན་ཏེ། གནད་དོན་དེ་དང་འབྲེལ་བའི་རྒྱ་ནག་དབུས་གཞུང་གི་བདག་དབང་གཙོར་འདོན་བྱས་ཡོད། དེར་བརྟེན་ཕྱོགས་གཉིས་པོར་ཡང་སྲིད་གནད་དོན་སྐོར་གྱི་ངོས་འཛིན་ལ་འགལ་བ་མངོན་གསལ་ཡོད་པ་ཤེས་ཐུབ་སྟེ། ཏཱ་ལའི་བླ་མའི་ཕྱོགས་ནས་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་དང་དགའ་ལྡན་ཕོ་བྲང་གི་ཡང་སྲིད་ཁྲོད་ཀྱི་འགན་དབང་གཙོར་འདོན་བྱས་ཡོད་པ་དང་། རྒྱ་ནག་གི་ཕྱོགས་ནས་མིག་སྔའི་སྒྲིག་གཞི་ལས་གསལ་བོར་བསྟན་པ་བཞིན་སྤྲུལ་སྐུའི་ཡང་སྲིད་གང་ཡང་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ངོས་ལེན་གྱི་རིམ་པ་བརྒྱུད་དགོས་པ་གཙོར་འདོན་བྱས་ཡོད། དེར་བརྟེན་མ་འོངས་པར་འབྱུང་ངེས་པའི་འགལ་བའི་འགག་རྩ་དེ་“ཆོས་ལུགས་དང་ཆབ་སྲིད་”ཅེས་པའི་སྤྱི་མཚན་ཞིག་མ་ཡིན་པར། ཡང་སྲིད་ངོས་འཛིན་གྱི་མངོན་སུམ་བརྒྱུད་རིམ་དང་མཐའ་མའི་ཐག་གཅོད་ཀྱི་དབང་ཆ་སུ་ཞིག་ལ་ཡོད་མེད་དེར་ཐུག་ཡོད།

ཚན་པ་ལྔ་བ།  ངོས་འཛིན་མི་འདྲ་བར་འབྱུང་ངེས་པའི་ཤུགས་རྐྱེན།

གལ་ཏེ་མ་འོངས་པར་ཡང་སྲིད་ངོས་འཛིན་མི་འདྲ་བ་བྱུང་ན། དེའི་ཤུགས་རྐྱེན་ནི་ཆོས་ལུགས་ཀྱི་ཁྱབ་ཁོངས་ལས་ཡོངས་སུ་འདས་པ་ཞིག་ཡིན་ངེས། དང་པོ། དེས་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་ཆོས་ལུགས་ངོས་འཛིན་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཏེ། དད་མོས་མི་གཅིག་པའི་ཚོགས་པས་ཡང་སྲིད་ངོས་འཛིན་མི་འདྲ་བར་ངོས་ལེན་བྱས་ན། ཡུན་རིང་གནས་པའི་ལྟ་བའི་འགལ་ཟླ་བསྐྲུན་ངེས། གཉིས་པ། དེས་བོད་པའི་སྤྱི་ཚོགས་དང་རྒྱ་ནག་གི་མི་རིགས་གཞན་བར་གྱི་ཕན་ཚུན་རྒྱུས་ལོན་ལ་ཤུགས་རྐྱེན་ཐེབས་ངེས། གལ་ཏེ་ཆོས་ལུགས་ཀྱི་གནད་དོན་ཞིག་དུས་ཡུན་རིང་པོར་གླེང་མོལ་བརྒྱུད་ནས་སེལ་མ་ཐུབ་ན། དེ་ཉིད་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནད་དོན་ཞིག་ཏུ་འཕོ་ཡང་སྲིད་པ་ཡིན། གསུམ་པ། བོད་དོན་རང་ངོས་ཀྱིས་རྒྱལ་སྤྱིར་ཤུག་རྐྱེན་ཐེབས་ཟིན་པས། གལ་ཏེ་མ་འོངས་པར་ངོས་འཛིན་མི་གཅིག་པའི་སྒྲོམ་གཞི་གཉིས་བྱུང་ན། དེའི་ཤུགས་རྐྱེན་ནི་རྒྱ་ནག་ནང་ཁུལ་གྱི་སྤྱི་ཚོགས་ལས་འདས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་སུ་མུ་མཐུད་དོ་སྣང་བྱེད་པའི་གནད་དོན་དུ་འགྱུར་སྲིད། རྒྱུ་མཚན་དེའི་དབང་གིས་ཡིད་གཟབ་བྱེད་དགོས་ས་ནི་ལྟ་ཚུལ་མི་འདྲ་བ་མིན་པར། ལྟ་ཚུལ་མི་འདྲ་བ་དེས་མཐར་ཕྱོགས་གཉིས་པོའི་འབྲེལ་ལམ་འགག་པའི་གནས་བབ་དེ་རེད།

ཚན་པ་དྲུག་པ།  ཅིའི་ཕྱིར་སྔོན་ནས་བགྲོ་གླེང་བྱེད་དགོས་པ་ཡིན།

       ལོ་རྒྱུས་ཀྱིས་བསྟན་ཟིན་པ་ལྟར། གནད་དོན་ལ་ལ་ཞིག་བགྲོ་གླེང་གི་གོ་སྐབས་ཡོད་པའི་དུས་སུ་གདོང་ལེན་མ་བྱས་ཚེ། འགལ་བ་དེ་ཉིད་རྒྱ་ཁྱབ་ཏུ་གྱུར་ཟིན་རྗེས་དེ་ཡི་ཆེད་དུ་བློས་གཏོང་ཚད་མེད་ཅིག་བྱ་དགོས་ངེས། ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་གནད་དོན་ཡང་མིག་སྔར་དངོས་སུ་བྱུང་མེད་མོད། ཕྱོགས་གཉིས་པོས་སོ་སོའི་ལངས་ཕྱོགས་གསལ་བོར་བསྟན་ཟིན། དེ་ཡིས་ཏག་ཏག་མིག་སྔར་ལོ་རྒྱུས་དཔེ་མཚོན་ལ་ཞིབ་འཇུག་དང་། ལྟ་ཚུལ་མི་མཐུན་པར་གཤིབ་བསྡུར། འབྱུང་སྲིད་པའི་གནས་ཚུལ་ལ་བསམ་གཞིགས་བཅས་བྱེད་པའི་མཐུན་རྐྱེན་ཡོད་པ་གསལ་བཤད་བྱས་པ་རེད། སྔོན་ནས་བགྲོ་གླེང་བྱེད་པ་ནི། དང་ཐོག་ནས་མཇུག་འབྲས་གཏན་འཁེལ་བྱེད་པའི་དོན་མིན་ལ། འགལ་ཟླ་སློང་བའི་ཆེད་དུའང་མིན་པར། གང་ཐུབ་ཅི་ཐུབ་ཀྱིས་མ་འོངས་པར་ཕན་ཚུན་འབྲེལ་ལམ་འགག་པའི་གནས་སྟངས་འབྱུང་བར་གཡོལ་ཐབས་བྱེད་པའི་ཆེད་དུ་ཡིན།

ཚན་པ་བདུན་པ།  ཐ་དད་པའི་ལྟ་ཚུལ་སྤྱི་ཚོགས་འགལ་ཟླ་འགྱུར་བའི་སྔོན་འགོག

གལ་ཏེ་མ་འོངས་པར་དངོས་གནས་ཡང་སྲིད་ངོས་འཛིན་མི་འདྲ་བ་བྱུང་ན། གལ་ཆེ་བ་ནི་ཇི་ལྟར་བྱས་ནས་འགལ་བ་དེ་ཆོས་ལུགས་འབྲེལ་མོལ་དང་སྤྱི་ཚོགས་འབྲེལ་ལམ་གྱི་ངོ་བོས་སེལ་ཐབས་དེ་རེད། དེའི་ཕྱིར་གནད་དོན་དངོས་སུ་མ་བྱུང་སྔོན་ནས་འབྲེལ་མཐུད་ཀྱི་གོ་སྐབས་བསྐྲུན་རྒྱུ་ནི། མ་འོངས་པར་ཞི་བདེའི་སྒོ་ནས་ཐག་གཅོད་བྱེད་པར་ཆ་རྐྱེན་བསྐྲུན་པ་རེད། ཡིན་ན་ཡང་འགལ་བ་སེལ་བར་བགྲོ་གླེང་བྱེད་པ་ལ་སོ་སོའི་ལངས་ཕྱོགས་བརྟན་པོར་འཛིན་དགོས་ཏེ། ཏཱ་ལའི་བླ་མའི་ལངས་ཕྱོགས་སྲུང་སྐྱོབ་དང་། རྒྱ་ནག་གི་དྲག་སྤྱོད་ལ་ངོ་རྒོལ་བྱེད་པའོ།།

ཚན་པ་བརྒྱད་པ། ང་ཚོས་ཇི་ལྟར་གནད་དོན་འདིར་གདོང་གཏད་དགོས།

ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་གནད་དོན་དེ་ནི། ཆོས་ལུགས་མི་སྣ་ཞིག་གི་རྒྱུད་འཛིན་གྱི་གནད་དོན་ཁོ་ན་ཞིག་མ་ཡིན་པར། གནའ་བོའི་ཆོས་ལུགས་ཤིག་གི་ལམ་སྲོལ་དེ་དེང་རབས་རྒྱལ་ཁབ་ཅིག་གི་སྒྲིག་གཞིའི་འོག་ཇི་ལྟར་ངོས་འཛིན་བྱེད་མིན་དང་འབྲེལ་བ་ཞིག་རེད། ཆོས་ལུགས་ལམ་སྲོལ་དེ་ལ་ལོ་རྒྱུས་རྒྱུན་མཐུད་རང་བཞིན་ཡོད་ལ། རྒྱལ་ཁབ་ཀྱི་སྒྲིག་གཞི་ལ་ཡང་རྩ་ཁྲིམས་ཀྱི་རྒྱབ་གཉེར་ཡོད། གལ་ཏེ་ཕྱོགས་གཉིས་པོས་སོ་སོའི་ཁེ་དབང་ཁོ་ན་གཙོར་འདོན་བྱས་ཏེ། ཕྱོགས་གཞན་པའི་དངོས་ཡོད་ངོས་ལེན་མ་བྱས་ན་འགལ་ཟླ་འབྱུང་སླ་བ་ཡིན། དེའི་ཕྱིར་དེ་ལས་ཀྱང་གལ་ཆེ་བ་ནི་དངོས་དོན་དང་ལམ་སྲོལ། ཁྲིམས་ལུགས། དེ་བཞིན་ཕྱོགས་སོ་སོས་ཁྱབ་བསྒྲགས་བྱས་པའི་ལངས་ཕྱོགས་བཅས་མདུན་དུ་བཞག་སྟེ། གང་མགྱོགས་ངང་འབྱུང་སྲིད་པའི་གནས་ཚུལ་འདྲ་མིན་ལ་ཞིབ་འཇུག་དང་བགྲོ་གླེང་བྱེད་དགོས། བོད་པའི་སྤྱི་ཚོགས་ལ་མཚོན་ན། ཆོས་ལུགས་ལམ་སྲོལ་གྱི་རྒྱུན་མཐུད་དང་དད་མོས་རང་དབང་གཉིས་ཕན་ཚུན་བརྟེན་ཅིང་འབྲེལ་ཡོད་ལ། རྒྱ་ནག་གི་སྤྱི་ཚོགས་ལ་མཚོན་ན། ཆོས་ལུགས་ལམ་སྲོལ་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འབྲེལ་བ་ཐག་གཅོད་ཇི་ལྟར་བྱེད་མིན་ནི། དེང་རབས་སྤྱི་ཚོགས་ཀྱིས་ཅིས་ཀྱང་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཞིག་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ལ་མཚོན་ན། གནད་དོན་དེ་ཞི་བདེ་དང་གནས་ལུགས་ལྡན་པའི་སྒོ་ནས་སེལ་ཐུབ་མིན་ལ་དོ་སྣང་བྱེད་དགོས་པ་རེད།

མཇུག་གཏམ།

ཏཱ་ལའི་བླ་མའི་ཡང་སྲིད་གནད་དོན་དེ་མིག་སྔར་དངོས་སུ་བྱུང་མེད་ན་ཡང་། འབྲེལ་ཡོད་ཀྱི་ཕྱོགས་གཏོགས་སོ་སོས་མི་མཐུན་པའི་ལངས་ཕྱོགས་གསལ་བོར་བཏོན་ཟིན། དེས་མ་འོངས་པར་དངོས་གནས་གདོང་ལེན་བྱེད་དགོས་པ་དེ། གློ་བུར་འབྱུང་བའི་གནད་དོན་ཞིག་མིན་པར། སྔོན་དཔག་བྱེད་ཆོག་པ་དང་གཟབ་ནན་སྒོས་ཐག་གཅོད་བྱེད་ཐབས་ལ་བསམ་གཞིག་དགོས་པའི་དཀའ་ངལ་ཞིག་རེད། དེ་འདྲ་ཡིན་པའི་དབང་གིས་ད་ལྟ་བགྲོ་གླེང་བྱེད་པ་ནི། འགལ་ཟླ་སློང་བྱེད་མ་ཡིན་པར་འགལ་བའི་འབྱུང་རྩ་ར་འཕྲོད་པར་ཚོད་ལྟ་བྱས་ཏེ། མ་འོངས་པར་གཞན་དབང་གིས་མཇུག་འབྲས་འཁུར་མི་དགོས་པའི་ཆེད་དུ་ཡིན།  ང་མི་སྒེར་ལ་མཚོན་ན་རྩོམ་ཡིག་འདི་ཞེ་དཀར་བའི་བསམ་གཞིག་ཅིག་ཏུ་འགྱུར་བའི་རེ་བ་ལས། སྟབས་བདེའི་ཆབ་སྲིད་འབོད་ཚིག་ཙམ་མིན། དངོས་དོན་ལ་བརྩི་འཇོག་དང་ལམ་སྲོལ་ལ་བསམ་ཤེས། དངོས་ཡོད་ལ་ངོས་ལེན་བཅས་གཞི་རྩར་བཞག་ན། ད་གཟོད་མ་འོངས་པར་གདོང་ལེན་བྱེད་དགོས་པའི་ལམ་ཁ་དེ་གསལ་བོར་མཐོང་ཐུབ་བོ།།

འབྲེལ་ཡོད་གསར་འགྱུར།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

༢༠༢༦/༡༡/༠༩
མ་རྩོམ་གྱི་པར།
Mobile App

གསེར་བུམ་དཀྲུག་འདོན་གྱི་གསང་བ་ཡང་བསྐྱར་ཕྱིར་བསྟན་པ།

༢༠༢༦/༠༩/༣༠
Foreign Ministry Spokesperson Mao Ning 
Mobile App

རྒྱ་ནག་གི་མགྲིན་ཚབ་པས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་སྐྱོན་བརྗོད་བྱས།

༢༠༢༥/༠༧/༠༨
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
ཕྱི་ལོ་ ༢༠༢༣ ལོའི་༧གོང་ས་ཏཱ་ལའི་བླ་མའི་གོ་ལའི་འཆར་སྣང་གི་ལྷན་ཚོགས་ཐེངས་གསུམ་པ་ཕྱི་ལོ་ ༢༠༢༣ ཟླ་ ༠༣ ཚེས་ ༡༦ ནས་ ༢༠ བར་འཚོག་རྒྱུ་རེད།
༸གོང་ས་མཆོག གསར་འགྱུར།

ཕྱི་ལོ་ ༢༠༢༣ ལོའི་༧གོང་ས་ཏཱ་ལའི་བླ་མའི་གོ་ལའི་འཆར་སྣང་གི་ལྷན་ཚོགས་ཐེངས་གསུམ་པ་འཚོག་རྒྱུ་རེད།

༢༠༢༣/༠༣/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese