མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཙོན་ཟུར་ཞིག་འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༡༩/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

མི་ལོ་ ༡༤ ལྷག་རིང་རྒྱ་ནག་གི་བཙོན་འོག་ཏུ་མནར་གཅོད་མྱངས་བའི་ཨོ་སི་ཊོ་ལི་ཡར་གནས་སྡོད་བོད་ཀྱི་ཆབ་སྲིད་བཙོན་ཟུར་བེན་ཚང་ཚེ་རིང་བློ་གསལ་ལགས་ནད་རྙིང་བསྐྱར་ལོག་བྱུང་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུག
ཁ་སང་ཕྱི་ཚེས་ ༩  ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༡༢ སྟེང་ཨོ་སི་ཊོ་ལི་ཡའི་མལ་བྷོན་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ། མི་ལོ་ ༡༤ ལྷག་རིང་རྒྱའི་བཙོན་ཁང་དུ་མནར་གཅོད་མྱངས་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བེན་ཚང་ཚེ་རིང་བློ་གསལ་ལགས་ནད་རྙིང་བསྐྱར་ལོག་བྱུང་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཁ་སང་ནས་བཟུང་ས་གནས་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་བོད་མི་ཚོས་ཁོང་ལ་བསྔོ་སྨོན་མཆོད་འབུལ་གནང་བཞིན་ཡོད་པ་དང་།  སང་ཉིན་སྐུ་ཕུང་ཞུགས་འབུལ་གནང་རྒྱུ་ཡིན་འདུག

འདི་གའི་གསར་འགོད་པར་དམ་པ་ཁོང་གི་སྤུན་མཆེད་ཀརྨ་ལགས་ཀྱིས། ནད་རྙིང་བསྐྱར་ལོག་བྱུང་སྟེ་བདུན་ཕྲག་གཅིག་ཙམ་རིང་སྨན་བཅོས་བྱས་ཡོད་ཀྱང་ཕན་འབྲས་བྱུང་མེད་པ་དང་། ཁ་སང་དང་དེ་རིང་གཉིས་ལ་ས་གནས་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་དང་བོད་རིགས་སོགས་མི་མང་པོ་འཛོམས་ཏེ། བསྔོ་སྨོན་དང་རོགས་རམ་སོགས་ཧ་ཅང་ཡག་པོ་གནང་བྱུང་བས། ང་ལ་ཁོང་གི་ནང་མི་ཚོས་ཐུགས་རྗེ་ཆེ་ཞུ་རོགས་ལབ་པ་ལྟར་རོགས་རམ་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ལ། སང་ཉིན་ཁོང་གི་སྐུ་ཕུང་ཞུགས་འབུལ་བྱ་རྒྱུ་ཡིན་པ་དང་། བདུན་ཕྲག་རྗེས་མའི་གཟའ་ཉི་མ་ཉིན་བོད་རིགས་མཐུན་ཚོགས་ཀྱིས་མཆོད་འབུལ་སྨོན་ལམ་རྒྱ་ཆེན་པོ་ཞིག་གནང་འཆར་འདུག ཅེས་བརྗོད་བྱུང་།

ཆབ་སྲིད་བཙོན་ཟུར་དམ་པ་བེན་ཚང་ཚེ་རིང་བློ་གསལ་ལགས་ནི། ཕྱི་ལོ་ ༡༩༣༧ ཟླ་ ༡༡ ཚེས་ ༢༧ ཉིན་ཁམས་ཁྱུང་པོ་རྨེ་རུ་ཞེས་པར་ཕ་རྡོ་རྒྱལ་དང་མ་བཀྲ་ཤིས་ཆོས་འཚོ་གཉིས་ཀྱི་བུར་སྐྱེས་ཤིང་། ཁོང་གི་ཁྱིམ་ཚང་གི་མིང་ལ་ཉི་རི་བེན་ཚང་ཞེས་འབོད་ཀྱི་ཡོད་པ་དང་། དམ་པ་ཚེ་རིང་བློ་གསལ་ལགས་ལ་སྤུན་མཆེད་བུ་དྲུག་ཡོད་པའི་ནང་ནས་ཁོང་ཆེ་ཤོས་གཉིས་པ་དེ་ཡིན་ལ།  ད་ལྟ་ཁོང་བཟའ་ཟླ་གཉིས་ལ་བུ་མོ་གསུམ་ཡོད་པ་ལས་ཆེ་བ་གཉིས་ཨ་རིར་ཡོད་འདུག

དམ་པ་ཚེ་རིང་བློ་གསལ་ལགས་ཀྱིས་ང་ལ་གུང་ཁྲན་ཏང་མགོ་རྟིང་སློག་རྒྱུའི་ནུས་པ་མེད་པ་མ་གཏོགས་བསམ་བློ་ཡོད་ཅེས་རྒྱ་ནག་གཞུང་གི་བཙན་གནོན་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་བར་བརྟེན། མི་ལོ་ ༡༤ ལྷག་རིང་རྒྱ་ནག་གཞུང་གི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱངས་ཡོད་པ་དང་། ཕྱི་ལོ་ ༡༩༧༩ ཟླ་ ༡༠ ནང་བཙོན་གྲོལ་ཐོབ་རྗེས། བཙོན་རོགས་འགའ་དང་ལྷན་དུ་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་སྟག་འབྲུག་ཚོགས་པ་ཞེས་པ་བཙུགས་ཤིང་། ཕྱིས་སུ་ཆབ་སྲིད་ཀྱི་རྒྱུ་རྐྱེན་སྣ་ཚོགས་འོག་སླར་ཡང་བཙོན་འཇུག་བྱེད་སྲིད་པའི་ཉེན་ཁར་འཕྲད་སྟབས། ཕྱི་ལོ་ ༡༩༩༣ ཟླ་ ༡༠ པའི་ནང་བཙན་བྱོལ་དུ་བསླེབས། ཕྱིས་སུ་བོད་རྒྱལ་ཡོངས་ཆབ་སྲིད་བཙོན་གྲོལ་བདེ་དོན་ཚོགས་པ་ནས་ཁོང་གིས་བཙོན་འོག་ཏུ་དཀའ་སྡུག་མནར་གཅོད་ཚད་མེད་མྱངས་བའི་ལོ་རྒྱུས་དངོས་བྲིས་༼ཁྲག་དྲོན་གྱི་འཁྱུག་བྲིས་༽ཞེས་པ་སོགས་སྔ་གཞུག་ཏུ་དེབ་གཉིས་བཏོན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

ཆུ་ཚོད་ ༡༠ སྔོན་ལ།
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

ཆུ་ཚོད་ ༡༤ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese