རང་དབང་སྒུམ་པ། རིག་པ།(༦)

ཉེ་ཆར་ངས་སྤྱི་འཐུས་གྲོས་ཚོགས་ཀྱི་བརྙན་པར་ཞིག་ལ་བལྟས་པ་ཡིན།  སྲིད་སྐྱོང་བློ་སེང་གིས་གྲོས་ཚོགས་ལ་གཏམ་བཤད་ཅིག་བྱེད་ཀྱིན་འདུག  དེར་ཁོང་གིས་ཉེ་ཆར་གྱི་འོས་འདེམས་སྐོར་ལ་སྐད་ཆ་བཤད་ཀྱིན་འདུག   ཚོགས་གཙོས་འོས་འདེམས་སྐོར་མ་བཤད་ཅེས་སྐུལ་མ་ཡང་བྱས་སོང་།  གྲོས་ཚོགས་རྭ་བ་དེ་ན་བློ་སེང་ངར་ནས་འདུག   ཁོང་གི་ཚིག་ཇི་བཞིན་མི་དྲན་མོད།  བཤད་དོན་གཙོ་བོ་ནི་ཐེངས་འདིའི་འོས་འདེམས་ལ་ཁོང་ལ་རྒྱལ་ཁ་ཐོབ་པ་དེར་དམིགས་བསལ་དགའ་བ་ཞིག་མེད་ཟེར།  དེ་ནས་ཧིན་དཱིའི་ཚིག་ཅིག་བེད་སྤྱོད་བྱེད་ཆོག་པ་ཞུ་ཞེས་གསུངས་ནས་ Izzat གསུངས་སོང་།  “ངའི་Izzat ཐར་སོང་ངམ་བསྐྱབས་བྱུང་”ཟེར་བ་ལྟ་བུ་ཞིག་རེད།

ངའི་གོ་བ་ལེན་ཕྱོགས་བྱས་ན། ཐེངས་འདིའི་འོས་ཤོག་ལ་བརྟེན་ནས་ཁོ་རང་གི་མཚན་སྙན་མ་ཉམས་ཙམ་བྱུང་ཟེར་བའམ་ཡང་ན་ཁོང་གི་སྙན་གྲགས་དང་མཚན་མཐོང་སྐྱོབ་ཐུབ་ཙམ་བྱུང་ཟེར་བ་འདྲ་ཞིག་རེད།   ང་ཚོས་མི་རིགས་ཤིག་རྩ་དོན་སྐོར་སྐད་ཆ་བཤད་བཞིན་ཡོད་པ་ལས་བློ་བཟང་སེང་གེའི་མཚན་མཐོང་བཤད་ཀྱིན་མེད།  བློ་བཟང་སེང་གེ་སེང་གེ་དང་ཁྱི་ཡིན་ཁྱད་པར་མི་འདུག  འོན་ཀྱང་རྐུབ་ཀྱག་དེའི་ཐོག་བསྡད་ནས་བོད་མི་རིགས་ཀྱི་ལས་ཀ་ཁོ་ན་བྱེད་ཐུབ་ན་ང་ཚོའི་བསོད་ནམས་རེད།  སྐད་ཆ་ཆུང་ཆུང་འདི་ལ་བརྟེན་ནས་བློ་བཟང་སེང་གེར་རྒྱལ་ཁ་ཐོབ་པ་དེ་མི་རིགས་ཀྱི་ཕམ་ཁ་ཞིག་ཡིན་པ་གསལ་པོར་ཤེས་ཐུབ་པ་འདུག  ཅིའི་ཕྱིར་ཞེ་ན།  དུས་རབས་ཉེར་གཅིག་པའི་ནང་བོད་ལ་འགྱུར་ལྡོག་སྔར་བྱུང་མ་མྱོང་བ་ཞིག་འགྲོ་བཞིན་ཡོད།  སེམས་ཁུར་ཡོད་མཁན་ཚོས་ད་ནི་མི་རིགས་འདི་ཧ་ཅང་མགྱོགས་པོར་ཉམས་རྒྱུ་ཡིན་པ་ཚོད་དཔག་བྱེད་བཞིན་ཡོད།  པད་མ་ཚེ་བརྟན་གྱི་གློག་བརྙན་ཁྱི་རྒན་ཞེས་པའི་ནང་གི་ཁྱི་རྒན་དེ་དྲན་གྱི་འདུག་གམ།

ད་བོད་མི་རིགས་ལྟ་བུའི་ཆེ་སའི་སྐད་ཆ་ཕར་བཞག་ཞོག  བཙན་བྱོལ་གཅིག་པུའི་ནང་བལྟས་པ་ཡིན་ནའང་། ད་འཆི་རྟགས་མང་པོ་མངོན་སུམ་དུ་ཐོན་བཞིན་ཡོད།  བཙན་བྱོལ་བོད་མིས་སྐད་ཡིག་གི་རྒྱུན་འཛིན་མ་ཐུབ།  འདས་པའི་ལོ་སུམ་ཅུའི་རིང་བོད་ཀྱི་སྐད་ཡིག་ཁྲ་ལེམ་མེར་ཡོད་པ་དེ་ནི་གསར་འབྱོར་བ་ཚོའི་བཀའ་དྲིན་ཡིན།   ད་ལྟའི་ཆར་གསར་འབྱོར་རྒྱུན་ཆད་པ་དང་གཅིག་པ་ཡིན།  གསར་འབྱོར་དང་ཡང་ན་གཞིས་ཆགས་གང་ཡོད་པ་རྣམས་རྒྱ་གར་དུ་གཏན་སྡོད་བྱེད་པའི་འདུན་པ་དང་ཁོར་ཡུག་གཉིས་ཀ་ཤོར་བཞིན་ཡོད།  གནས་སྐབས་འདི་ལྟ་བུའི་འཆི་རྟགས་བཙན་པོ་དག་གི་ཁྲོད་ན་བློ་བཟང་སེང་གེའི་མཚན་མཐོང་བརྩི་བའི་དུས་ཚོད་ཅིག་ང་ཚོར་མེད།  ཤི་ན་ཡང་བོད་མི་རིགས་ཞེས་ངུ་འབོད་བྱེད་བཞིན་ཤི་དགོས་པ་ཞིག་ལས་བློ་བཟང་སེང་གེ་ཞེས་ངུ་འབོད་བྱས་ན་ཤི་ན་ད་ནི་དཔེ་བསགས་པ་རེད།

ད་གནས་ཚུལ་ཆུང་ཆུང་འདིའི་ཐོག་ནས་བལྟས་ན་ཡང་༧གོང་ས་མཆོག་ཐུགས་ཕམ་པ་ནི་འོས་ཤིང་འཚམས་པ་ཞིག་རེད།  བོད་མི་རིགས་ཀྱི་ཐུགས་ཕམ་པ་རེད།  རྡ་རམ་ས་ལའི་འོས་ཤོག་ཁ་གྲངས་དང་། དེ་བཞིན་སློབ་གྲྭ་སོགས་ཤེས་ཡོན་ཅན་གྱི་རྭ་བ་ན་བློ་བཟང་སེང་གེར་འོས་ཤོག་ཤོར་ཡོད།  དེ་ནི་ཁོང་ཚོ་བློ་བཟང་སེང་གེ་ལ་མ་དགའ་ནས་ཡིན་པར་མི་འདོད། ཆེ་ས་བོད་མི་རིགས་དང་ཆུང་ས་བོད་མི་སྒེར་པའི་ཁེ་ཕན་སོགས་ལ་ཐུག་སྐབས། བློ་བཟང་སེང་གེའི་མིག་ན་རང་གི་མཚན་མཐོང་ཁོ་ན་མ་གཏོགས་མེད་དུས་བོད་མི་རིགས་ཀྱི་འཆི་བ་དེ་ལ་སེམས་ཤུགས་ཆག་པ་རེད།  ད་ནི་དངོས་གནས་ང་ཚོས་ཁོང་གི་མཚན་མཐོང་བསྐྱབས་ནས་འདུག་ལོང་མེད།  ཁོང་གིས་ད་དུང་མཚན་དང་སྒེར་དོན་བསྒྲུབས་ན། ཁོང་ལས་གནས་ཕྱིར་འབུད་བྱེད་དགོས།  ༧གོང་ས་མཆོག་ལ་ཞུ་དགོས་ནའང་ཞུ་འོས་པ་རེད།  རྒྱ་གར་གཞུང་ལ་ཞུ་དགོས་ནའང་ཞུ་རན་པ་རེད།  དེ་འདྲ་མ་གནང་ན་དངོས་གནས་ང་ཚོའི་མདུན་ལམ་དེ་མུན་ནག་གི་ཁྲོད་ནས་ལྷག་རྒྱུ་དང་ང་ཚོའི་མི་རིགས་འདི་འཆི་རྒྱུ་ཇེ་མགྱོགས་ཡིན་པ་རེད།  བོད་རྒྱལ་ལོ།།

བསྐྱར་བཅོས།: ༢༠༡༦/༠༤/༡༨

Leave a Reply

6 thoughts on “ངའི་ Izzat

  1. བྱམས་པ་བདེ་ལེགས།

    དུས་བབ་ལ་ཞུ་རྒྱུར། དཔྱད་གཏམ་སྤེལ་སྐབས་་ “གང་ཟག་སྒེར་ལ་དོན་མེད་སྐྱོན་བརྗོད་བྱེད་པ་དང་། སོགས་་་་་་་་་་་་་མི་གནང་རྒྱུར་རེ་སྐུལ་་ཞུ་བཞིན་ཡོད།” ཟེར། ཡིན་ནའང་། གཤམ་གྱི་མཁྱེན་ལྡན་ཡངས་པའི་མི་གཉིས་ནས།་ ཁྱི་རྒན། སྐྱགས་ཀ་བཙུམ་སོགས་སྡུག་རིགས་ངན་ཚད་ལབ་པ་དེ་ཚོ་བཀོད་པའི་རྒྱུ་མཚན་གང་ཡིན།

རང་དབང་གི་ཐོག་ནས་རིག་པ་སྒུམ་དུ་འགྲོ། རིག་པའི་ཐོག་ནས་རང་དབང་སྒུམ་དུ་འགྲོ།

བརྙན།

No videos

སྒྲ

དྲ་འབྲེལ།

བརྗོད་བྱ་གསར་པ།

ངའི་ Izzat
རང་དབང་སྒུམ་པ། རིག་པ། (༦)
དེ་ལས་མང་།

རིག་པ་གསར་ཤོས།

choedhardrokpafb
བྱམས་པ་བདེ་ལེགས།
བློ་བཟང་།
འབྲོང་དར་མ།
བཙན་པོ།
པདྨ་འབུམ་རྒྱལ།

སྡོམ་གྲངས།

  • སྤྱིའི་སྤེལ་གྲངས། (༣)
  • སྤྱིའི་མཆན་གྲངས། (༦)
  • སྤྱིའི་ཀློག་གྲངས། (༧༣༥)