མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ངོས་རང་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཡོད་པའི་གནས་ཚུལ་གསལ་བོ་ཡིན་པ་དང་། ད་དུང་ཡང་ཉུང་ཤོས་ལོ་སུམ་ཅུ་བཞི་བཅུའི་རིང་བཞུགས་རྒྱུ་ཡིན་སྐོར་བཀའ་སློབ་སྩལ་སོང་།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥

དེ་རིང་སྔ་དྲོར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་བོད་ཀྱི་ལྷ་སྡེ་མི་སྡེ་ཡོངས་ཀྱི་ཚབ་བྱས་ཏེ་ངོས་རང་ལ་ཚེ་ཡི་རྟེན་འབྲེལ་བསྒྲིགས་ནས་ཁྱེད་ཚོ་ཚང་མས་ཁ་ཞེ་གཉིས་མེད་ཀྱི་སྨོན་ལམ་བརྒྱབ་པ་དེ་འདྲ་རེད། ངོས་རང་གི་ངོས་ནས་ཆ་བཞག་ནའང་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་ཡོད་པ་གསལ་བོ་རེད། ཆུང་དུས་སྐབས་ནས་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་ཡོད་པ་གསལ་བོ་རེད། ངོས་ཀྱི་མི་ཚེ་ག་ཚད་རིང་བ་དེ་ཚད་ཀྱིས་བོད་ཀྱི་བསྟན་སྲིད་ལ་ཕན་ཐོགས་ཡོང་བསྡད་པ་མངོན་སུམ་ཚད་གྲུབ་རེད། ངོས་ཀྱི་མི་ཚེ་གང་ལ་གང་འཚམ་ཕྱིན་པ་རེད། ད་དུང་ལོ་བརྒྱ་དང་སུམ་ཅུ་སོ་གྲངས་སྡོད་རྒྱུ་རེ་བ་རྒྱག་གི་ཡོད། སྔོན་མ་རྒྱ་ནག་ཏུ་མའོ་ཙེ་ཏུང་ལ་ཐུག་པ་རེད། མའོ་ཙེ་ཏུང་གིས་ཆོས་ཞེས་པ་དུག་རེད་ཟེར། ངོས་ཀྱིས་ལན་གང་ཡང་བརྒྱབ་མེད། སྡང་མིག་གིས་བལྟས་ཏེ་ཟེར་གྱི་འདུག ངོས་རང་གིས་སྙིང་རྗེ་སྐྱེ་བ་མ་གཏོགས་ཁོང་ཁྲོ་སྐྱེས་མ་སོང་། དེའི་རྗེས་སུ་རྒྱ་གར་སྲིད་བློན་ནེ་རུའི་ལ་ཐུག་པ་རེད། ཁོང་གིས་ཧ་ཅང་དགའ་མོས་ཆེན་པོ་བྱེད་ཀྱི་འདུག དེ་དང་དེ་ཡི་མཚོན་པའི་ངོས་ཀྱི་མི་ཚེ་ནང་དུ་ཆོས་ལ་དོ་སྣང་ཡོད་མཁན་དང་། དམིགས་བསལ་དོ་སྣང་མེད་མཁན། ཆོས་ལ་སྐྱོན་དུ་ལྟ་མཁན་དེ་འདྲའི་མི་སྣ་མང་པོ་ཞིག་ལ་ཐུག་ཡོད་པ་རེད། གང་ལྟར་མིའི་ཁམས་དང་མོས་པ་སྣ་ཚོགས་ཡིན་བསྡད་པ་དེ། དེ་བཞིན་གཤེགས་པའི་བཀའ་དང་མདོ་སྡེ་ནས་གསུངས་ཡོད་པ་རེད། དེ་འདྲ་ཡིན་དུས་ཁམས་དང་མོས་པ་ཐ་དད་པའི་ཐོག་ནས་བསམ་བློ་མ་འདྲ་བ་ཡོང་བསྡད་པ་དེ་ཆོས་ཉིད་རེད། ཁམས་དང་མོས་པ་སྣ་ཚོགས་ལ་ཁམས་དང་མོས་པར་མཐུན་པའི་སྡུག་བསྔལ་སེལ་བ་དང་བདེ་བ་བསྒྲུབ་རྒྱུ་ཐབས་ལམ་ཞིག་ཡོད་ན་ཀུན་ལ་དགོས་པ་དེ་རེད། ཆོས་མེད་མཁན་གྱི་མི་རིགས་ཡིན་ཡང་སྡུག་བསྔལ་སེལ་བ་དང་བདེ་བ་བསྒྲུབ་པར་དོ་སྣང་བྱེད་བཞིན་ཡོད་པ་རེད། ཅེས་གསུངས་སོང་།

༧མགོན་པོ་གང་ཉིད་མཆོག་ནས། དེང་སང་ཚན་རིག་པར་ཆ་བཞག་ན་ཆོས་ཀྱི་སྐད་ཆ་གང་ཡང་མེད་ཀྱང་། གང་ལྟར་སྡུག་བསྔལ་སེལ་བ་དང་བདེ་བ་བསྒྲུབ་རྒྱུར་འབད་བརྩོན་སྣ་ཚོགས་བརྒྱུད་ནས་འགྲོ་བསྡད་ཡོད། གཞན་བདེ་ཁྱད་དུ་སེལ་བའི་ཐོག་ནས་རང་གི་བདེ་སྡུག་བསྒྲུབ་པ་དང་སེལ་བཞིན་ཡོད། འཛམ་གླིང་འདིའི་ཐོག་གི་མི་ཚང་མས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། ང་ཚོ་བོད་མི་ལ་ཆ་བཞག་ནའང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། ང་ཚོ་བོད་དུ་བསྡད་པའི་རིང་ཇོ་བོ་ཡིད་བཞིན་ནོར་བུ་དང་ལྷ་ས་ལོ་ཀེ་ཤྭ་ར་ཡ་སོགས་ལ་གསོལ་བ་བཏབ་སྟེ་སྨོན་ལམ་བརྒྱབ་ཡོད་ཀྱང་། ང་ཚོའི་ཐུན་མོང་གི་ལས་འབྲས་ཀྱི་ཐོག་ནས་ངོས་རང་བོད་ལུང་པ་དང་ཁ་བྲལ་བའི་གནས་སྟངས་ཤིག་ཆགས་པ་རེད། ཡིན་ནའང་ལུས་པོ་ཁ་བྲལ་བ་ཙམ་མ་གཏོགས་བསམ་བློའི་ནང་འཕགས་པ་ལོ་ཀེ་ཤྭ་ར་ཡའི་སྟེང་དུ་བསྡད་ཡོད། ང་ཚོ་ཚང་མས་འཕགས་པ་ལོ་ཀེ་ཤྭ་ར་ཡའི་རྗེས་སུ་འབྲངས་བཞིན་ཡོད། ཚང་མས་མཁྱེན་གསལ་རེད། ངོས་རང་ལ་ཆ་བཞག་ན་འཕགས་པ་ལོ་ཀེ་ཤྭ་ར་ཡའི་རྗེས་སུ་བཟུང་བའི་མཚན་མ་བརྟན་པོ་འདུག   གཙོ་བོ་ངོས་ཀྱིས་བྱང་ཆུབ་ཀྱི་སེམས་སྒོམ་གྱི་ཡོད་པ་རེད། ཞོགས་པར་གཉིད་སད་པ་དང་། རང་གཞན་དོན་ནི་རང་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཞེས་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་བཞིན་ཡོད། སེམས་དེའི་ཟིན་པའི་ངོས་རང་དང་དངོས་ཤུགས་བརྒྱུད་གསུམ་འབྲེལ་བ་ཡོད་པ་སྲོག་ཆགས་དུད་འགྲོ་ཚུན་ཆད་ལ་ངོས་ཀྱིས་ཕན་ཐོགས་བྱེད་ཐུབ་པར་ཤོག་ཅེས་སྨོན་ལམ་རྒྱག་བཞིན་ཡོད། གང་ལྟར་ལོ་འདིའི་རིང་འཕགས་པ་སྤྱན་རས་གཟིགས་ངོས་ཀྱི་སྤྱི་བོར་ཡོད་པ་རེད། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་མཐོང་ཆོས་སུ་ཡོང་གི་རེད་བསམ་པའི་ཡིད་ཆེས་ཡོད། ཅེས་གསུངས་སོང་།

ཡང་༧མགོན་པོ་གང་ཉིད་མཆོག་ནས། དེ་རིང་འདིར་ངོས་རང་ལ་བརྟན་བཞུགས་གནང་བ་རེད། ཁྱེད་ཚོ་ཚང་མས་དངོས་གནས་དྲང་གནས་ལྷག་བསམ་རྩེ་གཅིག་ཐོག་ནས་བརྟན་བཞུགས་གནང་བ་ཧ་ཅང་ཡག་པོ་རེད། སྔོན་མ་གུང་ཁྲན་ཏང་གིས་བོད་ས་བཟུང་བའི་སྐབས་སུའང་སེམས་ཤུགས་གཅིག་སྒྲིལ་གྱི་ཐོག་ནས་ལས་དོན་བསྒྲུབ་པའི་ནུས་པ་འདུག ང་ཚོས་ཀྱང་དེ་དེ་བཞིན་སངས་རྒྱས་ཀྱི་ཆོས་ལ་དད་པ་དང་། ཡང་སྒོས་འཕགས་པ་སྤྱན་རས་གཟིགས་ལ་ཡིད་ཆེས་དང་གསོལ་འདེབས་བྱས་ཡོང་དུས། དེ་ལ་ཕན་པའི་ནུས་པ་ཞིག་གཏན་གཏན་ཐོན་ཡོང་གི་རེད། ངོས་རང་གིས་ཀྱང་སྨོན་ལམ་བརྒྱབ་དང་བརྒྱག ངོས་རང་ལ་ཆ་བཞག་ན་མདོ་སྨད་ནས་ལྷ་སར་བསླེབས་པ་རེད། ལུང་བསྟན་ཁག་ཏུ་བལྟས་ཡོང་དུས། ངོས་རང་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཡོད་བསྡད་པའི་གནས་ཚུལ་གསལ་བོ་འདུག ད་ལྟ་བར་དུ་ཧུར་ཐག་བྱས་པ་ཡིན། ད་དུང་ཡང་ངོས་རང་ཉུང་ཤོས་ལོ་སུམ་ཅུ་བཞི་བཅུ་བསྡད་ཐུབ། ད་ལྟ་བར་དུ་སྨོན་ལམ་བརྒྱབ་པ་བཞིན་དུ་དོན་དག་གང་འཚམ་འགྲུབ་པ་རེད། ང་ཚོའི་ལུང་པ་དང་ཁ་བྲལ་བ་རེད་ཀྱང་། རྒྱ་གར་ལུང་པའི་ནང་བསྡད་དེ་བསྟན་པ་དང་འགྲོ་བའི་ཆེད་གང་འཚམ་ཕན་ཐོགས་བྱེད་ཐུབ་ཀྱི་འདུག ད་དུང་རྒྱ་གར་ལྷོ་ནུབ་ས་ཆ་དྷ་རམ་ས་ལར་བསྡད་དེ་བསྟན་པ་དང་འགྲོ་བའི་ཆེད་ཞབས་འདེགས་གང་ཐུབ་བསྒྲུབ་པའི་བསམ་བློ་གཏོང་བཞིན་ཡོད། འཕགས་སྤྱན་རས་གཟིགས་རྟག་ཏུ་སྤྱི་བོར་སྒོམ་སྟེ་སྤྱན་རས་གཟིགས་མཁྱེན་བསམ་པ་བཞིན་འགྲོ་ཡི་ཡོད། ཁྱེད་ཚོས་ཀྱང་དེ་དེ་བཞིན་འཕགས་པ་སྤྱན་རས་གཟིགས་མཁྱེན་བསམ་པ་བཞིན་སྤྱན་རས་གཟིགས་ལ་གསོལ་འདེབས་ཡག་པོ་བྱོས། ཆོས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་རེད། ང་ཚོ་ཚང་མས་རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཞེས་པ་དེ་བསམ་བློ་ཡག་པོ་ཐོངས། ཞེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༣ སྔོན་ལ།
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

ཆུ་ཚོད་ ༤ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

ཆུ་ཚོད་ ༢༢ སྔོན་ལ།
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese