མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྐད་དང་བོད་ཡིག་འདི་སློབ་བདེ་བའི་སྐད་ཅིག་ཡིན་ནམ།

རང་དབང་སྒུམ་པ།
༢༠༡༦/༠༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གཞུང་གི་ཕྱི་སྐད་སློབ་གྲྭ་(the Foreign Service Institute (FSI) ཞེས་པའི་དྲ་ཐོག་ན་འཛམ་གླིང་གི་སྐད་གང་ཞིག་སློབ་བདེ་བ་དང་གང་ཞིག་སློབ་དཀའ་བའི་ཚད་ལ་རོབ་རྩིས་བྱས་ཏེ་་གནས་ཚུལ་བཀོད་ཡོད། དྲ་བ་འདི་ན་གསལ་བ་ལྟར་བྱས་ན། སྐད་ལ་སྡེ་ཁག་ལྔར་དབྱེ་སྟེ་དེ་སློབ་རྒྱུར་གཟའ་འཁོར་དང་ཆུ་ཚོད་ག་ཚོད་དགོས་མིན་བཤད་ཡོད། དེ་དག་གི་རྣམ་གཞག་ཞིབ་ཚགས་པ་ཤོད་རྒྱུར་ང་ཚོར་ད་དུང་རྙོག་འཛིང་ཡོད། འོན་ཀྱང་ཨ་རིའི་མི་ཞིག་གིས་སྡེ་ཁག་དང་པོའི་གྲས་ཀྱི་ཧྥ་སྐད་སྦྱོང་རྒྱུ་ལ་ཆུ་ཚོད་༡༡༠༠ དང་ཡང་ན་བདུན་ཕྲག་ ༤༤ ཙམ་གཏོང་དགོས། སྡེ་ཁག་གཉིས་པའི་གྲས་ཀྱི་སྐད་དཔེར་ན་འཇར་མན་སྐད་ལ་བདུན་ཕྲག་ ༣༠ དང་ཆུ་ཚོད་བདུན་བརྒྱ་ལྔ་བཅུའི་ཡུན་གཏོང་དགོས། སྡེ་ཁག་གསུམ་པའི་དཔེར་ན་ཨིན་དུ་ནི་ཤེ་ཡའམ་ཨ་ཧྥི་རི་ཀའི་སི་ཝ་ལི་སྐད་ལྟ་བུ་སྦྱོང་རྒྱུ་ལ་ཆུ་ཚོད་ ༩༠༠དང་ཡང་ན་བདུན་ཕྲག་ ༣༦ ཙམ་གཏོང་དགོས། སྡེ་ཁག་བཞི་པའི་ཁྲོད་སྐད་ཧ་ཅང་མང་ཞིང་དེའི་ནང་གི་དཔེར་ན་ རྒྱ་གར་གྱི་ཧིན་སྐད་དང་ཁ་ཆེའི་འུར་རྡུ་སྐད་ལྟ་བུ་ལ་ཆུ་ཚོད་ ༡༡༠༠ དང་ཡང་ན་བདུན་ཕྲག་ ༤༤ གཏོང་དགོས། སྡེ་ཁག་མཐའ་མ་དེར་རྒྱ་སྐད་དང་ཉི་ཧོང་གི་སྐད་ཡོད་ཅིང་ དེ་དག་སློབ་པ་ལ་ཆུ་ཚོད་ ༢༢༠༠ དང་ཡང་ན་བདུན་ཕྲག་ ༨༨ དགོས་པར་བཤད་ཡོད།
བོད་རིགས་ལྟ་བུས་ཨིན་སྐད་སློབ་པ་ལ་ཆུ་ཚོད་ག་ཚོད་དགོས་སམ་ཞེས་པ་ལའང་དྲི་ལན་སྣ་ཚོགས་པ་འདུག འདིར་ལུང་དྲངས་པའི་དཔྱད་རྩོམ་འདིར་་  “The overriding conclusion emerging from these data sets is that even in districts that are considered the most successful in teaching English to EL students, oral proficiency takes 3 to 5 years to develop, and academic English proficiency can take 4 to 7 years.” རྩོམ་ཡིག་འདིར་བཤད་པ་ལྟར་ན་ལོ་གསུམ་ནས་ལྔ་དང་། བཞི་ནས་བདུན་བར་ཞེས་རིམ་པ་ཕྱེས་འདུག འདས་པའི་ལོ་ངོ་ཉི་ཤུའི་རིང་བོད་མི་འབོར་ཆེ་ཡུ་རོབ་དང་ཨ་རི་ཁུལ་དུ་སྐྱབས་བཅོལ་བྱས་པའི་ཉམས་མྱོང་དེ་ཚོ་རྩིས་ལེན་གྱིས་ཡིག་ཆ་བཀོད་པ་ནི་ད་བར་བྱུང་མེད། འོན་ཀྱང་ད་ཆ་བོད་མི་དེ་དག་གི་ཁྲོད་ནས་སྐད་སྣ་ཚོགས་སྨྲ་ཐུབ་པ་མ་ཟད་ཡིག་སྒྱུར་བྱེད་ཐུབ་པའང་ཧ་ཅང་མང་བ་ཞིག་འབྱུང་བཞིན་ཡོད། ཁ་ཤས་ཀྱིས་ཚད་མཐོའི་སློབ་གྲྭའི་ལག་འཁྱེར་ལེན་ཐུབ་ཀྱི་ཡོད། མཐའ་ན་ཡི་གེ་མི་ཤེས་ནའང་སྐད་བཤད་ཐུབ་མཁན་འབྱུང་བཞིན་ཡོད།
དེས་ན་འདི་དག་ལ་བལྟས་ཏེ་སླར་བོད་ཡིག་དང་བོད་སྐད་ཀྱི་སྐོར་ལ་བཤད་སྐབས། ང་ཚོས་དངོས་གནས་བསམ་བློ་ཆེན་པོ་ཞིག་གཏོང་རན་པ་མ་ཟད་ཕྱིས་དྲགས་པའི་ཉེན་འབྱུང་བཞིན་ཡོད། དེ་ནི་རང་སྐད་དང་རང་ཡིག་འདི་མི་ཚེ་ལ་བྲིས་ཤིང་སྦྱངས་ནའང་ད་དུང་ཚད་དང་ལྡན་པ་ཞིག་སླེབས་དཀའ་བ་དེ་ཡིན། རང་སྐད་བཤད་བཞིན་དུའང་འབྲི་རྒྱུར་རྒྱ་སྐད་དང་ཨིན་སྐད་བདེ་བ་སོགས་ཀྱི་ཁྱད་པར་དེ་མིག་ལ་ཐོན་བཞིན་ཡོད། གནད་དོན་ཧ་ཅང་མང་སྲིད་མོད། གནད་དོན་འགངས་ཆེན་ཞིག་ནི་བོད་སྐད་ལ་སྐད་ཀྱི་བརྡ་སྤྲོད་ཕུན་སུམ་ཚོགས་པ་ཞིག་མེད་ལ་ཐུག་ཡོད་པར་འདོད། ད་ལྟ་ཡོད་པ་རྣམས་ནི་ཡིག་སྐད་ཀྱི་ཁྲིམས་ཙམ་པོ་བའམ་ཡང་ན་ལོ་སྟོང་གཅིག་ཙམ་གྱི་རྒད་པོ་ཞིག་ཡིན་པས། ད་ལྟའི་སྐད་ཀྱི་འགན་ནམ་འཚོ་ཚིས་བྱེད་ཐུབ་ཀྱི་མེད། དེར་བརྟེན་སྐད་ཀྱི་ཆུན་པོ་དེ་ཕྱོགས་གཅིག་ཏུ་སྡོམ་པའི་འཆིང་ཐག་དེ་ཞན་པའི་རྐྱེན་གྱིས་འབྲི་དུས་དང་བཤད་དུས་ལ་རང་ལུགས་མེད་ཅིང་། ཁུངས་གཏུགས་ས་དེ་ངའི་ཁ་ལ་གོམས་འདུག་ལྟ་བུ་ལ་སོང་སྟབས་ད་སློབ་དཀའ་ཞིང་བསླབས་ནས་ཚད་དང་ལྡན་པ་ཞིག་ཆགས་རྒྱུའང་དཀའ་བར་གྱུར་ཡོད།
དེས་ན་བོད་སྐད་དང་བོད་ཡིག་འདི་ ཆུ་ཚོད་ཁ་གྲངས་གཏན་འབེབས་ཀྱིས་སློབ་རུང་བའམ་སློབ་ནུས་པའི་ཐབས་ལམ་སྟོན་རྒྱུ་ཡོད་དམ།

འབྲེལ་ཡོད་གསར་འགྱུར།

Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

ཆུ་ཚོད་ ༡༩ སྔོན་ལ།
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese