མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

བོད་ཀྱི་དུས་བབ།
༢༠༢༦/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པའམ་མཚན་གཞན་བསྟན་པ་རྒྱ་མཚོ་ལགས་རྒྱ་ནག་བདེ་འཇགས་མི་སྣས་ཡང་བསྐྱར་འཛིན་བཟུང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཅད་ནས་ཟི་ལིང་བཙོན་ཁང་དུ་བཅུག་ཡོད་པ་རེད།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།

འདི་ལོའི་ཕྱི་ཟླ་ ༨ ཚེས་ ༥ ཉིན་ཏེ། དབྱར་གནས་ཀྱི་སྐབས་སུ་མགོ་ལོག་ཁུལ་རྨ་ཆེན་རྫོང་སྤྱི་བདེ་ལས་ཁུངས་ཀྱི་བདེ་འཇགས་མི་སྣས་ཁོང་གི་གྲྭ་ཤག་གི་སྒོར། མི་གཞན་ནང་དུ་འགྲོ་མི་ཆོག་པའི་རྒྱ་ཡིག་གི་སྦྱར་བྱང་ཞིག་སྦྱར་ཡོད་པ་དང་། སྐབས་དེར་སུ་གང་གིས་ཀྱང་ཁོང་ལ་གནས་ཚུལ་ཅི་བྱུང་ཤེས་རྟོགས་བྱུང་མི་འདུག དེ་རྗེས་སུ་གོ་ཐོས་ལྟར་ན། ཉེན་རྟོག་པས་ཁོང་གི་གྲྭ་ཤག་ལ་བསྔོག་བཤེར་སྐབས། མཆོད་ཁང་ནང་དུ་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་པར་དང་། དགོན་པ་དེའི་དགོན་བདག་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེའི་སྐུ་པར་ཁ་ཤས། ཡང་༧གོང་ས་མཆོག་གི་བཀའ་སློབ་རིགས་དང་། བརྙན་རིས་ཁ་ཤས་ཉར་ཚགས་བྱེད་སའི་མཐེབ་སྡེར་ཞིག་རྙེད་སོན་བྱུང་ཡོད་སྐོར་གནས་ཚུལ་དེའི་ཐད་རྒྱུས་ཡོད་མི་སྣ་ཞིག་གིས་བརྗོད་བྱུང་།

དེ་བཞིན་མཁན་ཟུར་བློ་བཟང་བསྟན་པ་ལགས་དེང་ཐོག་མགོ་ལོག་ཁུལ་ཐོག་ཏུ་བཙོན་འཇུག་བྱས་ཡོད་པ་དང་། ཉེ་སྔོན་གྱི་ཕྱི་ཟླ་ ༡༠ ཚེས་༥ ཙམ་དུ་ཁོང་ལ་ལོ་ལྔའི་ཁྲིམས་ཆད་བཅད་དེ་། མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གི་བཙོན་ཁང་ཆེ་ཤོས་སྔོན་མ་སོ་ཕག་བཟོ་གྲྭ་ཞེས་བརྗོད་པ་དེའི་ནང་བཅུག་ཡོད་པ་ཤེས་རྟོགས་བྱུང་བ་ཙམ་ལས། ཁོང་ལ་ཁྲིམས་ཞིབ་སྐབས་སུ་ཁྲིམས་རྩོད་པ་ཡོད་མེད་དང་ནང་མིར་བརྡ་ཐོ་སྤྲད་ཡོད་མེད། ཉེས་པ་ཅི་ཞིག་བཙུགས་པ་སོགས་གསལ་ཁ་ཅི་ཡང་མེད་པ་རེད།

ཡང་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་པས་ནས་མུ་མཐུད་དུ་བརྗོད་དོན། མཁན་ཟུར་བློ་བཟང་བསྟན་པ་ལགས་ཀྱིས་ ༢༠༢༥ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགུང་ལོ་དགུ་བཅུའི་གོ་སྟོན་སྐབས། ས་གནས་མི་མང་ལ་༧གོང་ས་མཆོག་གི་ཞབས་བརྟན་དང་། མཚན་སྔགས་བློ་འཛིན་གྱི་དགེ་བསྐུལ་བྱས་ཏེ། ཞབས་བརྟན་མང་དུ་གསོག་མཁན་རྣམས་ལ། ༧གོང་ས་མཆོག་གི་བཀའ་སློབ་ཚན་པ་ཞིག་བྲིས་པའི་གཟེངས་རྟགས་སྤྲད་པར་བརྟེན། ཕྱི་ལོ་༢༠༢༥ ལོའི་ཟླ་ ༠༥ ནང་མགོ་ལོག་རྨ་ཆེན་རྫོང་ཉེན་རྟོག་པས་བཀག་འགོག་དང་། ཉིན་མང་པོའི་རིང་འདྲི་རྩད་དང་ཟླ་བ་ཁ་ཤས་རིང་འཛིན་བཟུང་བཀག་ཉར་བྱས་ཀྱང་རྗེས་སུ་གློད་གྲོལ་བཏང་ཡོད་འདུག

ཕྱི་ལོ་ ༢༠༡༧ ལོར་པར་བསྐྲུན་བྱས་པའི་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་གི་གདན་རབས་གསེར་གྱི་ཕྲེང་བ་ཞེས་བྱ་བའི་རྭ་རྒྱ་བཀྲ་ཤིས་ལྗོངས་ཨ་ཡིག་དཔེ་ཚོགས་ནང་དུ་བཀོད་པ་ལྟར་ན། རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་ནི། རྭ་རྒྱ་དགོན་པའི་མཁན་རབས་ང་བཞི་བ་ཡིན་པ་དང་། ཁོང་ཕྱི་ལོ་༡༩༦༥ ལོར་ཙང་ཀི་ཚོ་སྡེ་བཞིའི་ནང་ཚན། ཧཱ་ཤིས་ཧ་སྡེ་བར་ཡབ་སྐལ་བཟང་དར་རྒྱས་དང་། ཡུམ་འཕགས་ཅ་གཉིས་ཀྱི་སྲས་སུ་འཁྲུངས། དགོང་ལོ་བརྒྱད་ནས་བཟུང་སློབ་གྲྭར་ཞུགས་ཏེ་སློབ་ཆུང་མཐར་ཕྱིན། བསྟན་པ་ཡང་དར་གྱི་སྐབས་ཏེ། ཕྱི་ལོ་༡༩༨༣ ལོར་དགེ་བའི་བཤེས་གཉེན་ཆེན་མོ་མཁན་ཟུར་བཟོད་པ་རྒྱ་མཚོའི་མདུན་ནས་རབ་ཏུ་བྱུང་སྟེ། རྭ་རྒྱ་དགོན་དུ་ཆོས་ཞུགས་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༠༠ དགུང་ལོ་སུམ་ཅུ་སོ་ལྔའི་སྟེང་མཁན་པོའི་ལས་འཁུར་ཞུས་ཏེ། ཕྱི་ལོ་ ༢༠༠༥ ལོར་མཁན་པོའི་ལས་འཁུར་རྫོགས་ཡོད་པ་རེད་འདུག ཁོང་ནམ་རྒྱུན་སློབ་གཉེར་ལ་སྦྱང་བརྩོན་ཆེ་ཞིང་། མི་རིགས་གྱི་ལར་ཞེན་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་དམ་གཙང་བའི་སྐྱེས་མཆོག་ཅིག་རེད་འདུག

བདེ་འཇགས་མི་སྣས་ཁོང་འཛིན་བཟུང་སྐབས་ནང་མིར་བརྡ་ཐོ་བཏང་ཡོད་མེད་དང་། ཁྲིམས་བཤེར་སྐབས་རང་ཉིད་ལ་འདོད་པ་ཡོད་པའི་ཁྲིམས་རྩོད་པ་རག་ཡོད་མེད་བཅས་ལ་གསལ་ཁ་གང་ཡང་མི་འདུག་ལ།  ད་ལྟ་ས་གནས་སུ་དམ་དྲག་ཆེན་པོ་ཡིན་པས་ཁོང་གི་སྐོར་གླེང་ཕོད་མཁན་མེད་པའང་བརྗོད་བྱུང་།

གསལ་བཤད། གནས་ཚུལ་མཁོ་སྤྲོད་བྱེད་མཁན་དང་པོ་ལྟར་ན། ནམ་རྒྱུན་ཁོང་གི་མཚན་ལ་བསྟན་པ་རྒྱ་མཚོ་ཞེས་འབོད་ཀྱི་ཡོད་སྐོར་གསུངས་བྱུང་བས། ཕྱི་ཚེས་ ༡༧ ཉིན་གནས་ཚུལ་སྤེལ་སྐབས་བསྟན་པ་རྒྱ་མཚོ་ཞེས་བཀོད་ཡོད། ཡང་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གཉིས་པ་དགེ་བཤེས་བློ་བཟང་དཔལ་ལྡན་གྱིས་རྭ་རྒྱ་དགོན་པའི་གདན་རབས་མཁོ་སྤྲོད་གནང་བ་དང་སྦྲགས། དེའི་ནང་མཁན་ཟུར་ཁོང་གི་མཚན་བློ་བཟང་བསྟན་པ་ཞེས་བཀོད་ཡོད་པས་དེ་ལུགས་བཞིན་འགྱུར་བ་བཏང་ན་ལེགས་ཚུལ་བརྗོད་བྱུང་བས། ཁ་བྱང་གི་ནང་བློ་བཟང་བསྟན་པ་ཞེས་འགྱུར་བཅོས་བཏང་ཡོད། གཞུང་འབྲེལ་གྱི་ཡིག་ཆ་དང་ལག་འཁྱེར་སོགས་ཀྱི་ནང་མཚན་འདི་གཉིས་ལས་གང་བཀོད་ཀྱི་ཡོད་མེད་ཤེས་རྟོགས་དཀའ་བས་དེ་ལུགས་དགོངས་འཇགས་འཚལ། 

བོད་ཀྱི་དུས་བབ་གསར་ཁང་གིས་སྤེལ།

འབྲེལ་ཡོད་གསར་འགྱུར།

མགོ་ལོག་གཅིག་སྒྲིལ་རྫོང་སྨིན་ཐང་ཡུལ་ཚོའི་དྲིལ་བསྒྲགས་ཚན་པས་སྨིན་ཐང་དགོན་དུ་རྒྱལ་གཅེས་ཆོས་གཅེས། ཁྲིམས་སྦྱོང་ཁྲིམས་བརྩི། དོ་དམ་ཚད་ལྡན།  འཆམ་མཐུན་བརྟན་བརླིང་ཞེས་པའི་དྲིལ་བསྒྲགས་ཚོགས་འདུ་བསྡུས་པ། ༢༠༡༩།༠༤།༠༣
Mobile App

མགོ་ལོག་གཅིག་སྒྲིལ་རྫོང་གི་དགེ་འདུན་པ་ཞིག་ལ་ཆབ་སྲིད་ཉེས་མིང་གཡོགས་ཏེ་འཛིན་བཟུང་བྱས།

༢༠༢༤/༠༦/༢༡
བོད་མི་བསམ་གཏན་ལགས་དང་ཁོང་གི་གཅུང་མོར་སྨན་བཅོས་བྱེད་བཞིན་པ། པར་འབྲེལ་ཡོད་ནས་འདི་ག་གསར་ཁང་ལ་མཁོ་སྤྲོད་བྱས།
Mobile App

བོད་མི་ཞིག་ལ་གསང་བའི་ཁྲིམས་ཐག་ལོ་གསུམ་བཅད་འདུག

༢༠༢༤/༠༤/༠༩
Mobile App

ཕྱི་ལོ་ ༢༠༢༣ ལོའི་བོད་ནང་གི་གསར་འགྱུར་ཆེ་ཁག་ཕྱོགས་བསྡུས།

༢༠༢༣/༡༢/༣༡
Jiao Xiaoping, former deputy commander of the Xinjiang
Mobile App

ཤིན་ཅང་གི་དམག་སྤྱི་གཞོན་པ་ཞིག་འཛིན་བཟུང་བྱས་འདུག

༢༠༢༣/༠༨/༡༨
ཨ་རིའི་གཞུང་གིས་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས
༸གོང་ས་མཆོག གསར་འགྱུར།

བོད་ཕྱི་ནང་གཉིས་ནས་༸སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་སོང་།

༢༠༢༣/༠༧/༠༧
༸གོང་ས་མཆོག་དགུང་གྲངས་ ༨༨ ལ་ཕེབས་པའི་གཞུང་འབྲེལ་འཁྲུངས་སྐར་མཛད་སྒོ 
བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དགུང་གྲངས་ ༨༨ ལ་ཕེབས་པའི་གཞུང་འབྲེལ་འཁྲུངས་སྲུང་གཙི་ཞུས་སོང་།

༢༠༢༣/༠༧/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese