མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླིང་ཚའི་ཆུང་མ་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོར་མཇལ།

བོད་ཀྱི་དུས་བབ།
༢༠༡༦/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སྐྱེས་དམན་དང་ཕྲུ་གུ་གཉིས། དེ་བཞིན། གླིང་ཚའི་སྲིང་མོ་ལྷ་མོ་སྐྱིད་གསུམ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན། བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་བཅས་ལ་མཇལ་འཕྲད་གནང་ཡོད།

DSC02408

ལྕམ་སྐུ་ཡཱེལ་ཕཱཧྥིརེ་ལགས་སྲིད་སྐྱོང་མཆོག་དང་སྐར་མ་ ༣ ༠ ཙམ་རིང་བཀའ་མོལ་གནང་སྟེ། ཁོང་མོས་སྲིད་སྐྱོང་མཆོག་ལ་གླིང་ཚ་ཚེ་བརྟན་རྡོ་རྗེའི་སྐོར་གོ་ཐོས་ཡོད་མེད་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་དགོངས་པ་བཞེས་ཕྱོགས་གང་ཡིན་པ་སོགས་བཀའ་འདྲི་ཞུས་པའི་ལན་དུ་སྲིད་སྐྱོང་མཆོག་གིས་ང་ཚོས་གླིང་ཚ་ཁོང་རྒྱ་གར་ནང་ཧ་ལམ་མེད་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་སྐོར་དང་། ཁོང་མ་བུ་གསུམ་ལ་དཀའ་ངལ་ག་རེ་ཡོད་ཀྱང་ང་ཚོར་གསུང་དགོས་པ་དང་། ད་སྔ་བདེ་སྲུང་ལས་ཁུངས་ངོས་ནས་ཨ་མ་སྡོམ་པོ་སྐྱིད་ལགས་སུ་རོགས་རམ་ཕྲན་བུ་རེ་གནང་གི་ཡོད་པ་དང་། མ་འོངས་པར་ཡང་གང་ཐུབ་གནང་ངེས་ཡིན་སྐོར་སོགས་གསུངས་སོང་།

DSC02487

དེའི་རྗེས་ཁོང་མ་སྨད་གསུམ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ལ་མཇལ་ཏེ། གོང་ལྟར་དྲི་བ་དྲིས་ལན་དང་དགོངས་ཚུལ་གསུང་རེས་གནང་ཡོད་པ་དང་། སྐབས་དེར་ཚོགས་གཙོ་མཆོག་གིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སེམས་ཤུགས་ལ་རྒྱ་དང་ཆོད་སེམས་སོགས་ཧ་ཅང་ཚད་མཐོན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་པ་དང་། ལྕམ་ཡཱེལ་ཕཱཧྥིརེ་ལགས་ཀྱིས་ཐུགས་ཁྲལ་ཆེན་པོ་མི་གནང་བར། ཤུལ་དུ་ཕྲུ་གུ་གཉིས་ཀྱི་སློབ་སྦྱོང་ཐོག་ཤུགས་བསྐྱོན་ཏེ་བཞུགས་པ་ཡིན་ན། ནམ་ཞིག་ནང་མི་ལྷན་འཛོམས་ཡོང་བར་ཡིད་ཆེས་བྱེད་བཞིན་ཡོད་སྐོར་སོགས་གསུངས་སོང་།

ཕྱི་དྲོའི་ཆུ་ཚོད་ ༤།༣ ༠ སྟེང་བོད་མིའི་སྒྲིག་འཛུགས་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་ལ་མཇལ་ཏེ་གོང་ལྟར་བཀའ་མོལ་གནང་ཡོད་ཅིང་། ཐེངས་འདིར་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ། བདེ་སྲུང་བཀའ་བློན་བཅས་ཐུན་མོང་གིས་བོད་མིའི་སྒྲིག་འཛུགས་ངོས་ནས་གླིང་ཚའི་སྐོར་རྒྱ་གར་གཞུང་དང་མཉམ་འབྲེལ་ཐོག་ད་སྔ་གང་ཐུབ་ཅི་ཐུབ་ཀྱིས་རྩད་གཅོད་གནང་ཡོད་སྐོར་དང་། མ་འོངས་པར་ཡང་མུ་མཐུད་དུ་རྩད་གཅོད་གནང་ངེས་ཡིན་སྐོར་སོགས་གསུངས་སོང་།

DSC02471

གླིང་ཚའི་ཆུང་མ་ལྕམ་ཡཱེལ་ཕཱཧྥིརེ་ལགས་ཟླ་འདིའི་ཚེས་ ༦ ཉིན་ཨི་སི་རེལ་ནས་ཆེད་དུ་དྷ་རམ་ས་ལར་གླིང་ཚའི་ཨ་མ་སྡོམ་པོ་སྐྱིད་ལགས་དང་སྲིང་མོ་ལྷ་མོ་སྐྱིད་གཉིས་ལ་ངོ་ཐུག་པར་ཡོང་བ་ཞིག་ཡིན་པ་དང་། ཕྱི་རྒྱལ་དུ་སྡོད་པའི་བོད་པ་ཁག་ཅིག་གིས་སྣེ་འཁྲིད་ནས་ཞལ་འདེབས་བསྡུས་ཏེ་ཐེངས་འདིའི་འགྲོ་སོང་ཆ་ཚང་ནར་གཏོང་བྱེད་བཞིན་ཡོད་འདུག

གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སྐྱེས་དམན་ལྕམ་ཡཱེལ་ཕཱཧྥིརེ་(Yael Pferrer)ལགས་ནི། ཨི་སི་རེལ་ (Israel) རྒྱལ་ཁབ་ཀྱི་རྒྱལ་ས་ (Jerusalem)ཞེས་པར་སྤྱི་ཚོགས་ཞབས་ཞུའི་ཕྱག་ལས་གནང་མཁན་ཞིག་ཡིན་པ་དང་། ཁོང་མོའི་བུ་མོ་ཐར་མ་མཚོ་(Tamari) ད་ལྟ་རང་ལོ་ ༧ དང་། བུ་ཁ་བའི་ལྷ་སྲས་(Ereli)ད་ལྟ་རང་ལོ་ ༤ ཡིན་འདུག

གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཐོག་མ་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣ ཉིན་ཨི་སི་རེལ་ནས་ཁོང་མ་སྨད་གསུམ་ལ་ཁ་གྱེས་ཏེ། རྒྱ་གར་ལ་བོད་དོན་ལས་འགུལ་སྤེལ་བར་ཡོང་སྐབས་བུ་མོ་ཐར་མ་མཚོ་རང་ལོ་ ༣ དང་བུ་ཁ་བའི་ལྷ་སྲས་ཟླ་ངོ་ ༦ ལས་སོན་མེད། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་དོན་ཞི་བའི་གོམ་བགྲོད་གནང་སྟེ་ ༢༠༡༣ ཟླ་ ༦ ཚེས་ ༨ ཉིན་རྒྱ་གར་གྱི་ནུབ་བྷང་གྷིལ་མངའ་སྡེའི་ཀ་ལོན་སྦུག་ནས་བོར་བརླག་ཏུ་ཕྱིན་ཏེ་ད་བར་ལོ་ ༣ དང་ཟླ་ ༣ ལྷག་རིང་གར་སོང་ཆ་མེད་ཆགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

༡ ༽  གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཆུང་མ་དང་ཕྲུ་གུ་གཉིས་དྷ་རམ་ས་ལར་འབྱོར།

༢ ༽   ཨ་ཕ་བོད་དོན་དུ་བོར་ནས་ལོ་གཉིས་ཕྱིན་ཐལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 4

  1. གཡུ་སྒང་དགེ་འདུན། says:
    ལོ་ 10 སྔོན།

    དབུ་ཁྲིད་ཚོས་གསུང་བའི་སྐད་ཆ་དེ་མིའི་གདོང་མཐོང་སྐབས་ཀྱི་སྐད་མིན་པར་སྨོན་ལམ་འདེབས།

    Reply
  2. དགྲ་འདུལ། says:
    ལོ་ 10 སྔོན།

    གསར་འགྱུར་འོག་གི་(ཨ་ཕ་བོད་དོན་དུ་བོར་ནས་ལོ་གཉིས་ཕྱིན་ཐལ།) ཞེས་པ་དེ་ཐེངས་གཅིག་ཀློག་ནས་ང་རང་མིག་ཆི་ཤོར་སོང་། ད་ནི་ང་ཚོས་བོད་པའི་བུ་རྒོལ་རླབས་ཆེན་ཁོང་གི་ཕྱག་ལས་རླབས་ཆེན་འདི་ལ་བདག་པོ་ཞིག་རྒྱག་རན་རེད་འདུག་མ་གཏོགས་བོད་པའི་འཐབ་རྩོད་ལ་ཨ་ཐང་ཆད་གྲབས་འདུག
    ཚང་མས་གསར་འགྱུར་འདི་ཐེངས་གཅིག་ཀློག་རོགས་གནང་https://tibettimes.net/wordpress/%E0%BD%A8%E0%BC%8B%E0%BD%95%E0%BC%8B%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%91%E0%BD%BC%E0%BD%93%E0%BC%8B%E0%BD%91%E0%BD%B4%E0%BC%8B%E0%BD%96%E0%BD%BC%E0%BD%A2%E0%BC%8B%E0%BD%93%E0%BD%A6%E0%BC%8B-2/

    Reply
  3. བློ་བཟང་། says:
    ལོ་ 10 སྔོན།

    བོད་ཀྱི་དུས་བབ་ཚང་གསར་འགྱུར་ལས་ཁུངས་ཀྱིས་ད་རེས་གླིང་ཚའི་སྐོར་གྱི་གསར་འགྱུར་དུས་ཐོག་ཏུ་ཁྱབ་བསྒྲགས་གནང་བ་ཐུགས་རྗེ་ཆེ།
    བོད་པའི་གསར་ཁང་གཞན་པ་ཚོས་དུས་བབ་ཚང་གི་གསར་འགྱུར་ལུང་འདྲེན་ཙམ་ལས་གོ་མེད་ཚོར་མེད་ལྟ་བུར་བཞག་པར་བློ་ཕམ་ཡོད།

    Reply
  4. ཀརྨ་བསྟན་འཕེལ། says:
    ལོ་ 10 སྔོན།

    ཁོང་མ་བུ་གསུམ་བོད་གཞུང་གི་དབུ་ཁྲིད་ཚོར་ཐུགས་འཕྲད་གནང་བ་ཧ་ཅང་རླབས་ཆེན་རེད། ཡིད་རང་སྐྱབས་སྐྱོར་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese