མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་བསྐྱངས་པ་དེས་འབྱུང་འགྱུར་གྱི་ཁ་ཕྱོགས་གསར་པ་ཞིག་བསྟན།

བོད་ཀྱི་དུས་བབ།
༢༠༡༦/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཨེན་ཨེསེ་ཝེན་ཀཱ་ཏཱ་རཱ་མཱན་གྱིས་བརྩམས།

ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།

tibettimes

ཏཱ་ལའི་བླ་མ་མཆོག་གདན་ཞུ་གནང་ཕྱོགས་ཐད་ཀྱི་སོག་པོའི་བློ་སྟོབས་ཆེ་བའི་བྱ་སྤྱོད་དེས་རྒྱལ་ཁབ་མང་དག་ཅིག་ལ་ཏཱ་ལའི་བླ་མ་མཆོག་གདན་ཞུ་གནང་རྒྱུར་བློ་སྟོབས་དང་སྐུལ་ལྕགས་བཏང་ཏེ་འབྱུང་འགྱུར་ལོ་ཟླའི་ནང་ལམ་ལུགས་སྲོལ་གསར་པ་ཞིག་གི་རྣམ་པ་གཏོད་མཁན་ཞིག་ཆགས་ངེས།

ཉེ་ལམ་ཏཱ་ལའི་བླ་མ་མཆོག་སོག་ཡུལ་དུ་འཆིབས་བསྒྱུར་བསྐྱང་ཕྱོགས་ཐད་རྒྱ་ནག་གི་ཕྱོགས་ནས་རྣམ་འགྱུར་དྲག་པོ་ཞིག་དང་བཅས་ཏེ་ “ཏཱ་ལའི་བླ་མ་སོག་ཡུལ་དུ་ཕེབས་བཅུག་མི་ཆོག་པ་དང། ཏཱ་ལའི་ཤོག་ཁག་གིས་སྤེལ་བའི་ཁ་བྲལ་གྱི་ལས་འགུལ་ལ་མཐུན་རྐྱེན་གྱི་རིགས་གང་ཡང་སྦྱོར་མི་ཆོག” ཅེས་པའི་དགོས་མདུན་བཏོན་ཡོད།

སོག་ཡུལ་གྱི་ཚོང་འབྲེལ་ནི་རྒྱ་ནག་ལ་རྒྱ་ཆེར་རྟེན་ལྟོས་བྱས་ཏེ་གནས་ཡོད་ཅིང་། རྒྱ་ནག་དང་གདོང་ཐུག་གི་རྣམ་པ་གང་འདྲ་ཞིག་འབྱུང་ནའང་སོག་པོས་དེར་ཁ་གཏད་གཅོག་པའི་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་གང་ཡང་མེད་པ་རེད། དོན་དངོས་ཀྱི་གནས་སྟངས་དེ་འདྲ་ཞིག་འོག་ཏུ་ད་དུང་རྒྱ་ནག་གིས་ངོ་རྒོལ་དང་སྐྱོན་བརྗོད་དྲག་པོ་ཞིག་བྱ་ངེས་ཡིན་པ་ཤེས་བཞིན་དུ་སོག་པོའི་སྲིད་གཞུང་གིས་སྲིད་ན་དཀོན་པའི་བློ་སྟོབས་ཤིག་བསྟན་ཏེ། ཏཱ་ལའི་བླ་མ་མཆོག་སོག་ཡུལ་དུ་འཆིབས་བསྒྱུར་བསྐྱངས་བཅུག་ཡོད། སོག་པོའི་ཕྱི་སྲིད་བློན་ཆེན་གྱིས་ཏཱ་ལའི་བླ་མ་མཆོག་གི་འཆིབས་བསྒྱུར་དེ་ནི་སོག་པོའི་སྲིད་གཞུང་དང་འབྲེལ་བ་གང་ཡང་མེད་པ་བརྗོད་ཡོད་མོད་ཀྱང་། སོག་པོའི་སྲིད་གཞུང་གིས་རྩ་དོན་ཞིག་གི་དོན་དུ་རྒྱ་ནག་གི་བཀའ་བཀོད་ལ་རྒྱབ་གཏོད་བྱས་ཡོད་པ་ནི་ཧ་ཅང་གསལ་པོ་རེད།

སོག་པོའི་སྲིད་གཞུང་གི་བྱ་སྤྱོད་དེ་ནི་ཨ་རི་དང་ཤྲི་ལང་ཀཱ་ལྟ་བུའི་རྒྱལ་ཁབ་ཁག་ཅིག་གི་བྱ་སྤྱོད་དང་བསྡུར་ན་མངོན་གསལ་ཅན་གྱི་ཁྱད་པར་ཆེན་པོ་ཞིག་ལྡན་ཡོད། ཤྲི་ལང་ཀཱ་ནི་ནང་པའི་མི་འབོར་རྒྱ་ཆེ་ལྡན་པའི་ཡུལ་ལུང་ཞིག་ཡིན་མོད་ཀྱང་ཤྲི་ལང་ཀཱའི་སྲིད་གཞུང་གིས་ཏཱ་ལའི་བླ་མ་མཆོག་ལ་ཕྱོགས་སྐྱོད་ཐོངས་མཆན་ལག་ཁྱེར་གནང་རྒྱུར་མོས་མཐུན་བྱེད་ཀྱི་མེད་ལ། ཤྲི་ལང་ཀཱའི་ནང་པའི་དད་ལྡན་མང་ཚོགས་ལ་ཏཱ་ལའི་བླ་མ་མཆོག་གདན་ཞུ་དང་ཆེ་མཐོང་ཕུལ་རྒྱུའི་གོ་སྐབས་ཀྱང་སྤྲོད་ཀྱི་མེད་པ་རེད། ཤྲི་ལང་ཀཱའི་སྲིད་གཞུང་གི་བཟང་སྤྱོད་ཀྱི་རྩ་འཛིན་དོར་བའི་ལངས་ཕྱོགས་འདི་ནི་རྒྱ་ནག་གི་ངོ་རྒོལ་ལ་འཇིགས་སྣང་གི་དབང་གིས་འཛིན་བཞིན་ཡོད་པ་རེད།

སྲིད་འཛིན་ཨོ་བྷ་མས་རྒྱ་ནག་གི་སྐྱོན་བརྗོད་ལ་འཇིགས་སྣང་གིས་ཏཱ་ལའི་བླ་མ་མཆོག་རྒྱབ་སྒོ་བརྒྱུད་དེ་གདན་འདྲེན་ཞུས་ཡོད། བྱ་ཐབས་མི་མཁས་པའི་སྤྱོད་ཚུལ་དེས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་བའི་སྲིད་འཛིན་ཨོ་བྷ་མས་རང་ཉིད་ལ་ངོ་ཚ་ཁ་སྐྱེངས་དང་རང་ཉིད་ཀྱི་མཚན་སྙན་ལ་རྨ་ཁ་གཏོད་ཡོད་ལ། མི་གཞན་གྱི་སེམས་ནང་ཁོང་ནི་ལངས་ཕྱོགས་གང་རུང་ལ་ངེས་ཤེས་ཀྱི་སྙིང་སྟོབས་མེད་པའི་མི་སྣ་ཞིག་ཡིན་པ་བསམས་བཅུག་ཡོད། ད་དུང་ཨ་རིས་རང་ཉིད་ནི་རང་དབང་དང་གུ་ཡངས་ཀྱི་བདེན་དོན་སྐྱོང་བའི་དཔའ་བོ་ཞིག་ཡིན་པ་བརྗོད་བཞིན་པ་དེ་ཡང་སྲིད་འཛིན་ཨོ་བྷ་མའི་བྱ་སྤྱོད་དེ་གཅིག་པུས་ཚལ་བུར་གས་འཐོར་བཏང་ཡོད། མི་མང་པོ་ཞིག་གིས་སྲིད་འཛིན་ཨོ་བྷ་མའི་བྱ་སྤྱོད་དེ་ནི་ནང་པའི་ཚོགས་སྡེ་ཁག་གི་བཀུར་འོས་དབུ་འཁྲིད་ཏཱ་ལའི་བླ་མ་མཆོག་ལ་ཁྱད་གསོད་གནང་བ་ཞིག་དང་གཅིག་མཚུངས་སུ་ལྟ་བཞིན་ཡོད་པ་རེད།

བོད་དེ་བཙན་ཤེད་ཀྱི་སྒོ་ནས་དབང་སྒྱུར་དང་བོད་ནང་དུ་ངོ་རྒོལ་སྐད་འབོད་རྣམས་དྲག་པོའི་སྒོ་ནས་གཉའ་གནོན་བྱས་པ་བཅས་ཀྱི་རྒྱ་ནག་གི་དྲག་པོའི་སྤྱོད་ཚུལ་གྱིས་འཛམ་གླིང་མི་དམངས་ཀྱི་དྲང་བདེན་སྐྱོང་བའི་བསམ་བློའི་འདུ་ཤེས་ལ་དོ་ཕོག་བྱུང་ཡོད་པ་ནི་ངེས་གཏན་རེད། ཐ་ན་རྒྱ་ནག་གིས་བོད་བཙན་བཟུང་བྱས་ཏེ་ལོ་ངོ་བཅུ་ཕྲག་འགའ་ཞིག་ཕྱིན་པའི་རྗེས་སུའང་འཛམ་གླིང་གི་ཕྱོགས་མཐའ་ཁག་ན་ཡོད་པའི་མི་ཚོགས་རྒྱ་ཆེ་ཞིག་གིས་བོད་དེ་ཀློད་གྲོལ་གཏོང་དགོས་པའི་དགོས་འདུན་གཏོན་བཞིན་ཡོད་པ་རེད། རྒྱ་ནག་གིས་འདི་ཁ་གསལ་ངང་ཤེས་བཞིན་ཡོད་ལ། རྒྱ་ནག་གིས་རྒྱལ་ཁབ་གཞན་སུ་གང་གིས་ཀྱང་ཏཱ་ལའི་བླ་མ་མཆོག་གདན་འདྲེན་ཞུ་མི་ཆོག་པའི་དགོས་འདུན་འདོན་དགོས་དོན་ཡང་འདིར་ཐུག་ཡོད།

ཏཱ་ལའི་བླ་མ་མཆོག་གདན་ཞུ་གནང་ཕྱོགས་ཐད་ཀྱི་སོག་པོའི་བློ་སྟོབས་ཆེ་བའི་བྱ་སྤྱོད་དེས་རྒྱལ་ཁབ་མང་དག་ཅིག་ལ་ཏཱ་ལའི་བླ་མ་མཆོག་གདན་ཞུ་གནང་རྒྱུར་བློ་སྟོབས་དང་སྐུལ་ལྕགས་བཏང་ཏེ་འབྱུང་འགྱུར་ལོ་ཟླའི་ནང་ལམ་ལུགས་སྲོལ་ཞིག་གི་རྣམ་པ་གཏོད་མཁན་ཞིག་ཆགས་ངེས།

དགེ་འདུན་པ་དང་དད་ལྡན་མང་ཚོགས་བརྒྱ་ཕྲག་འགའ་ཞིག་གིས་དགུང་གྲངས་ ༨༡ ལ་ཕེབས་པའི་ཏཱ་ལའི་བླ་མ་མཆོག་ཡུན་ཙམ་ཞིག་གི་རིང་མཇལ་ཐུབ་ན་སྙམ་སྟེ་སོག་ཡུལ་གྱི་གྲང་ངར་ཆེ་བའི་གནམ་གཤིས་ཀྱི་འོག་ཏུ་དུས་ཡུན་ཆུ་ཚོད་འགའ་ཞིག་གི་རིང་ཕེབས་སྒུག་བྱས་པ་དེས་འཛམ་གླིང་ཁྱོན་ཡོངས་སུ་ཡོད་པའི་ནང་པའི་དད་ལྡན་པ་རྣམས་ཀྱི་དགའ་ཞེན་དང་མངོན་འདོད་དེ་གསལ་སྟོན་བྱས་ཡོད། དེས་བོད་ནང་དང་བོད་ཀྱི་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་ཡོངས་རྫོགས་དང་དེ་བཞིན་རང་དབང་ལ་དགའ་བའི་མི་རྣམས་ལ་ནུས་ཤུགས་ལྡབ་འགྱུར་གྱི་སྒོ་ནས་བོད་གློད་འགྲོལ་གཏོང་བའི་འཐབ་རྩོད་ཀྱི་རྒྱུན་མུ་མཐུད་དེ་སྐྱོང་རྒྱུར་སྙིང་སྟོབས་དང་གདེང་ཚོད་ཀྱང་སྔར་བས་ཆེ་བ་ཞིག་སྦྱིན་ངེས།

ཌོ་ནོལཌ་ཁྲོམ་ཨ་རིའི་སྲིད་འཛིན་ཆགས་ངེས་པ་ཞིག་ཡིན་པས་འཛམ་གླིང་ཁྱོན་ཡོངས་སུ་ཡོད་པའི་བོད་མི་དང་རང་དབང་ལས་འགུལ་བ་རྣམས་ཀྱིས་ཌོ་ནིལཌ་ཁྲོམ་ལ་བོད་ཀྱི་རང་དབང་གྱི་རྩ་དོན་ཐོག་འཛིན་པའི་ཁོང་རང་གི་ལང་ཕྱོགས་ཁ་གསལ་བཟོ་དགོས་རྒྱུར་དགོས་འདུན་འདོན་དགོས། འོས་བསྡུའི་གོང་གི་གཏམ་བཤད་ཁག་གི་ནང་ཌོ་ནོལཌ་ཁྲོམ་གྱིས་ལམ་ལུགས་སྲོལ་གསར་པ་ཞིག་གི་སྒོ་ནས་བསམ་བློ་གཏོང་ཐུབ་ཀྱི་ཡོད་པ་དང། གནད་དོན་མང་དག་ཅིག་གི་ཐོག་ཨ་རིའི་སྲིད་གཞུང་གི་སྲིད་བྱུས་ཀྱི་ཁ་གཞན་དུ་བསྒྱུར་སྲིད་པའི་རྣམ་པ་བསྟན་ཡོད། བོད་ཀྱི་གནད་དོན་དང་འབྲེལ་བའི་ནང་ད་བར་ཨ་རིས་རྒྱ་ནག་ལ་ངོ་སྲུང་བའི་སྲིད་བྱུས་བཟུང་ཡོད། སོག་པོས་ཏཱ་ལའི་བླ་མ་མཆོག་གདན་ཞུ་བྱས་པ་བརྒྱུད་དེ་སྦྱིན་པའི་གོ་སྐབས་དེ་དམ་འཛིན་བྱས་ཏེ་བོད་མི་ཚོས་བོད་རང་དབང་གྱི་ལས་འགུལ་ལ་ནུས་ཤུགས་དང་སྐུལ་འདེད་སྔར་བས་ཇེ་ཆེ་གཏོང་དགོས།

བོད་མི་ཚོས་ཌོ་ནོལཌ་ཁྲོམ་ལ་སྲིད་འཛིན་ཨོ་བྷ་མས་རྒྱབ་སྒོ་ནས་གདན་འདྲེན་ཞུས་པ་ལྟར་མ་ཡིན་པར་ཏཱ་ལའི་བླ་མ་མཆོག་མདུན་སྒོ་ནས་གདན་འདྲེན་ཞུས་ཏེ་བོད་ཀྱི་རྩ་དོན་ནི་ཨ་རི་ལ་གལ་ཆེན་ཞིག་ཡིན་པའི་ཁ་གསལ་གྱི་བརྡ་ཞིག་གཏོང་དགོས་པའི་འབོད་སྐུལ་ཞུ་དགོས།

མ་རྩོམ་གྱི་ཁ་བྱང་། http://tibet.net/2016/11/the-dalai-lamas-visit-to-mongolia-indicate-shape-of-things-to-happen/

 

 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. རྨེའུ་དཀོན་རྒྱམ། says:
    ལོ་ 10 སྔོན།

    ཆེན་པོ་ཧོར་གྱི་རྒྱལ་ཁམས་གཞུང་དམངས་ངོས་ནས། འགག་འཕྲེང་ཅན་གྱི་བོད་ཀྱི་གནས་བབ་དང་། ལོ་རྒྱུས་ཀྱི་འབྲེལ་ཟམ་ལ་རིན་ཐང་བཞག་སྟེ། རྒྱ་གཞུང་གི་དཔལ་འབྱོར་གྱིས་གནོན་ཤུགས་ལ་འཛེམས་ཟོན་སྤངས་ཏེ། ༸གོང་ས་ཡིད་བཞིན་ནོར་བུ་མཆོག་སོག་ཡུལ་དུ་གདན་འདྲེན་ཞུས་པ་ནི། ཆེན་པོ་ཧོར་གྱི་བློ་སྤོབས་མཚོན་ནུས།

    གང་ན། ༸ཡིད་བཞིན་ཁོང་གདན་འདྲེན་ཞུས་ན། གནས་དེར། ཞི་བདེའི་མཁའ་དབུགས་ཇེ་གཙང་། འདྲ་མཉམ་དང་མང་གཙོའི་རིན་ཐང་ལ་ངོས་འཛིན་གསལ་བོ་ཞིག་ཐོབ་ཀྱིན་པ་ནི། ལོ་རྒྱུས་ཀྱི་ངོས་ནས་གསེད་གྲོལ་བྱེད་བཞིན་པ་དེའོ།།

    སུ་ཞིག་གིས། ༸གོང་ས་ཡིད་བཞིན་ནོར་བུའི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་མྱོང་ཐུབ་ན། དེ་ན་གནའ་བོ་དཔལ་ཡོན་སྟེ། སེམས་ཀྱི་བདེ་སྐྱིད། དེང་གི་འཛམ་གླིང་སྟེ། གཉིས་ཕན་མདུན་ལྗོངས་བཅས་ཀྱི་ནུས་སྟོབས་རྣམ་པར་བཞད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese