མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གློ་ནད་ཅན་ཕལ་ཆེ་བ་ནི་གཞོན་སྐྱེས་ཚོ་རེད།

བོད་ཀྱི་དུས་བབ།
༢༠༠༨/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་གློ་ནད་ཕོག་མཁན་གྱི་གྲངས་འབོར་ཉུང་དུ་ཕྱིན་ཡོད་ཀྱང་། གློ་ནད་་ཅན་མང་པོ་ཞིག་ལོ་ ༡༥ ནས་ ༣༠ བར་ཡིན་པས། མི་རིགས་ཞིག་གི་ངོས་ནས་བཤད་ན་དེ་ནི་ཧ་ཅང་ཚབས་ཆེན་ཡིན་ལ། ད་ལྟ་བདེ་ལེགས་སྨན་ཁང་གིས་ཧིན་སྒོར་འབུམ་ལྔ་བརྒྱ་ལྷག་སྤྱད་དེ་ན་ཚ་འདིར་གདོང་ལེན་བྱ་རྒྱུ་ཡིན་འདུག
ཕྱི་ཚེས་ ༣ ཉིན་བོད་གཞུང་བདེ་ལེགས་སྨན་ཁང་ནས་གློ་ནད་ TB ཐད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་པར། ཨ་རི་ནས་ཕེབས་པའི་ཆེད་མཁས་པ་རྫོར་བྷ་པ་སི་ཐར(ZORBA PASTER)དང༌། རིས་ཆར་ཌི་ཆས་ཟོན་(RICHARD CHAISSON)རྣམ་གཉིས་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་གློ་ནད་འདི་ཁྱབ་བརྡལ་ཆེ་བ་དང་དེའི་རྒྱུ་རྐྱེན།   ནུབ་ཕྱོགས་རྒྱལ་ཁབ་ཁག་དང་བསྡུར་ན་བོད་པའི་སྤྱི་ཚོགས་ལ་ཤུགས་ཆེ་བ།  བོད་གཞུང་དང་སྒྲིག་འཛུགས་ཁག མི་དམངས་བཅས་ནས་གློ་ནད་སྔོན་འགོག་བྱེད་ཐབས་ཀྱི་ལསའགུལ་སོགས་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གནང་དགོས་པའི་རེ་བ་ནན་ཞུ་བྱས་སོང་ལ། ཁོང་རྣམ་གཉིས་ཕེབས་དོན་ཡང་དཔལ་འབྱོར་གྱི་མཐུན་རྐྱེན་ཁོ་ན་གནང་ཆེད་མ་ཡིན་པར་གློ་ནད་སྨན་བཅོས་ཐད། ཞིབ་འཇུག་གིས་གློ་ནད་སྔོན་འགོག་དང་སྨན་བཅོས་བྱེད་ཕྱོགས་ལ་ཕྱག་ལས་གནང་འཆར་ཡོད་འདུག
ད་ཐེངས་ཁོང་ཚོ་ཆེད་བཅར་གྱིས་༧གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་ཏེ་ལས་འགུལ་འདི་ལ་རྒྱབ་སྐྱོར་ཞུ་དགོས་བ་ཞུས་པའི་ལན་དུ་༧གོང་ས་མཆོག་གིས་་རྒྱབ་སྐྱོར་ཤུགས་ཆེན་གནང་་ཡོད་ལ། ཁོང་ཚོ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་གཙོ་བྱས་པའི་གཞུང་འབྲེལ་མི་སྣ་དང་ཆོས་ལུགས་ཁག་གི་དབུ་ཁྲིད་བཅས་ཁྱོན་སྡོམ་མི་སྣ་༣༠ལྷག་གི་མདུན་ལ་བཅར་ཏེ་གློ་ནད་སྔོན་འགག་གི་ལས་འགུལ་གང་རུང་ལ་རྒྱབ་སྐྱོར་ཞུ་དགོས་པའི་དགོས་འདུན་བཏོན་པར་ཚང་མས་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་པ་རེད།  ཁོང་གཉིས་ཀྱིས་གསུངས་དོན། གློ་ནད་འདི་སྔོན་འགོག་བྱེད་པར་སྨན་ལ་བསྟེན་དགོས་བ་གལ་ཆེན་པོ་ཡིན་ཡང་དེ་ལས་ཀྱང་གལ་ཆེ་བ་ནི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ལ་ཡིད་གཟབ་དང་སྔོན་འགོག་གི་ལས་འགུལ་སྤེལ་དགོས་པ་དེ་ཡིན། བོད་མི་མང་པོ་ཞིག་ལ་གློ་ནད་ཕོག་དོན་ནི་སྐྱབས་བཅོལ་བ་ཡིན་པའི་སེམས་ཁུར་དང་གྲྭ་ས་དང་སློབ་གྲྭ་ཁག་མང་པོའི་འཚོ་བའི་ཆ་རྐྱེན་བཟང་རྒྱུ་མེད་རྐྱེན་མི་མང་པོ་མཉམ་སྡོད་བྱེད་དགོས་པས་གློ་ནད་འགོས་སླ་བ་སོགས་ལས་འབྱུང་གིན་ཡོད་པ་རེད་ཅེས་གསུངས་བྱུང༌།
བོད་གཞུང་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་ཀྱིས་བདེ་ལེགས་སྨན་ཁང་གི་གློ་ནད་ཐད་གསུངས་དོན།  ལོ་སྔོན་མ་ནས་ད་ལོའི་སྤྱི་ཟླ་བརྒྱད་པ་བར་ཨི་ཊ་ལི་ཡི་མངའ་སྡེ་ཅིག་གིས་དངུལ་སྒོར་འབུམ་ ༤༦ལྷག་གི་རོགས་དངུལ་གནང་ཡོད་པ་དེས་ད་ལྟ་བར་ཏུ་གློ་ནད་ཀྱི་དཀའ་ངལ་ཡོད་པའི་མི་དམངས་ལ་ཞབས་འདེགས་གང་ཐུབ་གནང་ཡོད་པ་དང༌།   ད་ལོའི་སྤྱི་ཟླ་བརྒྱད་པ་ནས་ཨི་ཊ་ལི་གཞུང་ནས་ཨི་ཊ་ལི་ཕྱི་སྲིད་ལས་ཁུངས་བརྒྱུད་ཧིན་སྒོར་འབུམ་ ༥༥༠ ཡི་རོགས་དངུལ་གནང་འཆར་ཡོད་པས་འདི་ཟླའི་ཚེས་བདུན་ཉིན་ཁོང་དང་འཕྲོད་བསྟེན་བཀའ་བློན་སོགས་ཨི་ཊ་ལི་ལ་ཕེབས་ཏེ་འབྱུང་འགྱུར་གྱི་ལོ་ངོ་གསུམ་གྱི་ལས་འཆར་སོགས་ལ་གྲོས་མོལ་བྱ་རྩིས་ཡོད་འདུག  ཁོང་གིས་མུ་མཐུད་གསུངས་དོན། ད་ལྟ་གློ་ནད་ཕོག་མཁན་ཉུང་དུ་ཕྱིན་ཡོད་ཀྱང་ན་ཚ་ཅན་་མང་ཤོས་གཞོན་སྐྱེས་ཡིན་པ་དང་བོད་ཀྱི་སྤྱི་ཚོགས་སུ་འབྱུང་བཞིན་པའི་གློ་ནད་་ཅན་མང་པོ་ཞིག་ལོ་ ༡༥ ནས་ ༣༠ བར་ཡིན་པས། མི་རིགས་ཞིག་གི་ངོས་ནས་བཤད་ན་དེ་ནི་ཧ་ཅང་ཚབས་ཆེན་ཡིན་པར་གསུངས་སོང༌།
རྫོར་བྷ་པ་སི་ཐར་ནི་ཨ་རིའི་བིས་སི་ཁོང་ཟིན་(WISCONSIN)གསོ་རིག་སློབ་གྲྭ་ཆེན་མོའི་དགེ་རྒན་དང་སྤྱི་ཚོགས་འཕྲོད་བསྟེན་ཁང་གི་ཆེད་མཁས་པ་ཡིན་ཞིང༌། ཁོང་གིས་བདེ་ལེགས་སྨན་ཁང་དུ་གྲོགས་པོའི་ཚོགས་པ་ཞེས་བའི་ཚོགས་པ་ཞིག་བཙུགས་ཡོད་པ་དང་ཁོང་ཉིད་དེའི་ཚོགས་གཙོ་ཡིན་པ་མ་ཟད།    ཚོགས་མི་ཕལ་ཆེ་བ་ནི་བདེ་ལེགས་སྨན་ཁང་གི་སྨན་པ་ཡིན་འདུག སྐུ་ཞབས་རིས་ཆར་ཌི་ཆས་ཟོན་ནི་ཇོན་སི་ཧོབ་ཁིན(JOHNS HOPKINS)གསོ་རིག་སློབ་གྲ་ཆེན་མོའི་དགེ་རྒན་ཆེན་་མོ་དང་གློ་ནད་ཞིབ་འཇུག་ཚོགས་པ་སོགས་སུ་ཕྱག་ལས་གནང་གིན་ཡོད།  ཁོང་ཉིད་རྒྱལ་སྤྱིའི་གློ་ནད་ངོ་རྒོལ་ཚོགས་པ་ཡི་གཙོ་་འཛིན་གཙོ་བོ་ཡང་ཡིན།
སྐབས་དེར་འདི་ག་གསར་ཁང་གི་གསར་འགོད་པས་འབྲེལ་ཡོད་ལས་བྱེད་ལ་ལོ་འདི་འགར་བརྡ་རིམ་ས་ལ་ཁུལ་དུ་གློ་ནད་ཀྱི་གནས་སྟངས་གང་འདྲ་ཡོད་མེད་ཐད་བཅར་འདྲི་བྱེད་པར།  གློ་ནད་ཅན་ཕལ་ཆེ་ཤོས་འགོས་ནད་ཡིན་པ་དང་ལོ་རེར་ནད་པའི་གྲངས་འབོར་ལ་འགྱུར་ལྡོག་ཆེན་པོ་འདུག   སྤྱི་ལོ་༢༠༠༠ནས་༢༠༠༧བར་ཧི་མ་ཅལ་མངའ་ཁུལ་ནས་བདེ་ལེགས་སྨན་ཁང་ལ་འབྱོར་བའི་བོད་རིགས་གློ་ནད་ཅན་གྱི་གྲངས་འབོར། ༢༠༠༠ལོར་མི་༢༤༢་དང་༢༠༠༡ལོར་མི་༢༠༡།   ༢༠༠༢་ལོརམི་༢༥༧།   ༢༠༠༣ལོར་མི་༢༦༧།   ༢༠༠༤་ལོར་མི་༢༥༤།  ༢༠༠༥ལོར་མི་༢༥༨། ༢༠༠༦ལོར་མི་༢༥༡། ༢༠༠༧ ལོརམི་༤༧༩བཅས་ཡིན་ཚུལ་བརྗོད་བྱུང༌།  དེའི་ཁྲོད་ནས་མི་གྲངས་༢༩་གློ་ནད་ཀྱིས་འདས་གྲོངས་སུ་གྱུར་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

ཆུ་ཚོད་ ༡༨ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

ཆུ་ཚོད་ ༡༩ སྔོན་ལ།
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

ཆུ་ཚོད་ ༡༩ སྔོན་ལ།
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

ཆུ་ཚོད་ ༡༩ སྔོན་ལ།
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

༢༠༢༦/༠༨/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese