འཛམ་གླིང་གི་གཞས་པ་གྲགས་ཅན་སྐོར་ཞིག་གིས་བོད་དོན་གྱི་གཞས་གཏོང་རྒྱུ་རེད། ཁོང་རྣམ་པའི་ལས་འགུལ་འདི་ནི་ཞི་བདེའི་སྒྱུ་རྩལ་ཐེབས་རྩ་ཁང་གིས་གོ་སྒྲིག་བྱས་ཤིང་། མི་འགྱངས་པར་བོད་མི་རིགས་ལ་རྒྱབ་སྐྱོར་མཚོན་པའི་འཁོར་ཐག་ཅིག་འདོན་རྒྱུ་རེད།
ཐེབས་རྩ་ཁང་འདིའི་དྲ་ཚིགས་སུ་གསལ་བསྒྲགས་སྤེལ་བ་ལྟར་ན། ཞི་བདེའི་སྒྱུ་རྩལ་ཐེབས་རྩ་ཁང་འདི་ནི་༧གོང་ས་མཆོག་གིས་འགྲོ་བ་མི་རེ་ངོ་རེ་དང་འཛམ་གླིང་ནང་ཞི་བདེ་སྐྲུན་པའི་རླབས་ཆེའི་དགོངས་གཞི་འདིའི་མཛད་རྗེས་གཟེངས་སུ་བསྟོད་ཆེད་དུ་ཡིན་འདུག ཐེབས་རྩ་ཁང་འདིས་ཤེས་རབ་དང་། ལག་ལེན། ཞི་བདེ་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ་འཛམ་གླིང་གི་དྲང་བདེན་མིན་པའི་རིགས་ལ་འགོག་རྒོལ་དང་། ཞི་བདེ་གོང་སྤེལ་བྱེད་ཀྱི་ཡིན་འདུག གོང་གསལ་བོད་དོན་སྐོར་གྱི་འཁོར་ཐག་དེའི་ནང་འཛམ་གླིང་གི་གཞས་པ་གྲགས་ཅན་སི་ཊིན་ Sting དང་། ཌེ་ཧྥུ་ མ་ཊི་ཐུ་སུ་ Dave Matthews ། རྗོན་མེ་ཡེར་ John Mayer ། སུ་ཛན་ནེ་ཝི་གྷ་ Suzanne Vega ། རུ་ཤུ་ Rush ། ཌུན་ཁན་ཞེག་ Duncan Sheik བཅས་ཡོད་འདུག ཁོང་ཚོའི་ཆེད་སྒྲིག་འཁོར་ཐག་དེ་ཨོ་ལིམ་པིག་རྩེད་འགྲན་མཛད་སྒོའི་སྔོན་དུ་འདོན་རྒྱུ་ཡིན་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།