མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྱབ་གསར་པ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཡུལ་སྟོད་སྨད་བར་གསུམ་དུ་པེ་ཅིན་ཨོ་ལིམ་པིག་གི་བདེ་འཇགས་ཀྱི་ཆེད་དུ།  སྔར་ལས་ཀྱང་དམག་དཔུང་ཇེ་མང་དང༌། སྒྲིག་ཁྲིམས་ཇེ་བཙན་དུ་གཏོང་གི་ཡོད། དེའི་དཔེར་མཚོན་གཅིག་ནི། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བཀའ། ཅེས་པའི་ཁྲིམས་ལུགས་དོན་ཚན་ ༡༢ ཅན་ཞིག་ཟླ་ ༦ པའི་ཚེས་ ༢༨ ཉིན་ཁྱབ་བསྒྲགས་བྱས་ཡོད།  ཁྱབ་བསྒྲགས་དོན་ཚན་ ༡༢ དེ་དོན་ཚན་གཙོ་བོ་གསུམ་གྱི་ནང་བསྡུས་ཡོད་པ་སྟེ། དང་པོ།  ཟིང་ཆ་སློང་མཁན་གྱི་གྲྭ་བཙུན་ལ་ཐག་གཅོད་ནན་མོ་བྱ་རྒྱུ་དང༌། གཉིས་པ། ཟིང་ཆ་བསླངས་པའི་དགོན་པར་ཐག་གཅོད་ནན་མོ་བྱ་རྒྱུ། གསུམ་པ།  དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་ལ་རྩད་གཅོད་བྱ་རྒྱུའི་སྐོར་བཅས་རེད།

དང་པོ། ཟིང་ཆ་སློང་མཁན་གྱི་གྲྭ་བཙུན་ལ་ཐག་གཅོད་ནན་མོ་བྱ་རྒྱུའི་ནང་དུ་དོན་ཚན་བཞི་འདུག་པ་དང༌།  ངོ་རྒོལ་དང་རྔམ་སྟོན་ཁྲོམ་སྐོར།   དར་ཆ་སྒྲེང་བ་སོགས་བྱས་ཀྱང༌། རྣམ་འགྱུར་ཡག་པོ་དང་འགྱོད་བཤགས་ཡི་གེ་བྲིས་ཏེ་ནོར་འཁྲུལ་ཁས་ལེན་བྱེད་པ། རང་འགུལ་གྱིས་གནད་དོན་ངོས་ལེན་བྱེད་མཁན་སོགས་ལ་ཁྱིམ་བདག་གིས་འགན་ལེན་བྱས་རྗེས།  འགྲོ་འདུག་ལ་སྟངས་འཛིན་དང་སློབ་གསོ་སྤྲོད་རྒྱུ་ཡིན་པ་དང༌། ཡང་གོང་གི་ལས་འགུལ་དེ་དག་གི་ནང་དུ་ཞུགས་རྗེས་རྣམ་འགྱུར་ངན་པ་དང༌། ཉེས་པ་ཚབས་ཆེན་ཏེ། ཁ་བྲལ་དང་ཟིང་ཆ་སློང་མཁན་ཚོར་རྒྱབ་སྐྱོར་དང་ངན་འབྲེལ་བྱེད་པ། སྒྲིག་འཛུགས་ཀྱི་སྣེ་ཁྲིད་དེ་ཟིང་ཆ་སློང་མཁན་ཚོར་བཅའ་ཁྲིམས་ལྟར་ཉེས་ཆད་དྲག་པོ་བཅད་རྗེས། དགོན་པ་ནས་ཕྱིར་ཕུད་ནས་ཕྱིན་ཆད་ཆོས་ལུགས་ཀྱི་ལས་དོན་སྒྲུབ་པའི་ཐོབ་ཐང་མེད་པར་གཏོང་རྒྱུ་དང༌།  འདིའི་རིགས་ཀྱི་གྲྭ་བཙུན་ཚོ་དགོན་པ་གང་གི་ནང་དུ་བསྡུས་ཚེ་དགོན་པ་དེའི་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་པར་ངོ་ལོག་དང༌། ཁ་བྲལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཉེས་མིང་འོག་ཐག་གཅོད་ནན་མོ་བྱེད་རྒྱུ་ཡིན་འདུག

གཉིས་པ།  ཟིང་ཆ་བསླངས་པའི་དགོན་པར་ཐག་གཅོད་ནན་མོ་བྱ་རྒྱུའི་ནང་དུ་དོན་ཚད་ལྔ་ཡོད་པ་དང༌།  གལ་ཏེ་དགོན་པ་ཞིག་གི་ནང་དུ་གྲྭ་བ་བརྒྱ་ཆ་ ༡༠ དང་ ༣༠ བར་ཟིང་ཆ་བསླངས་པའི་སྤྱོད་ངན་གྱི་ནང་དུ་ཞུགས་ཚེ།  གྲྭ་བའི་འགྲོ་སྡོད་ལ་བཀག་འགོག་དང༌།  དགོན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་མཚམས་འཇོག་བྱ་རྒྱུ།  དོགས་ཡོད་མི་སྣ་འཛིན་བཟུང་དང་སྔོག་བཤེར་བྱེད་པ། དངོས་རྫས་རྩིས་ལེན་བྱ་རྒྱུ། གལ་ཏེ་དགོན་པའི་ཨུ་ཡོན་མི་སྣ་ལས་འགུལ་ལ་ཞུགས་ཚེ་ཐད་གར་ལེགས་སྒྲིག་བྱ་རྒྱུ་དང༌།   གནས་སྐབས་འོས་མི་མེད་པའི་དགོན་པར་ཡུལ་དེའི་སྲིད་གཞུང་གིས་དོ་དམ་བྱེད་པའི་རིང་བདག་གཉེར་བྱེད་སྒོ་ཚང་མ་མཚམས་འཇོག་བྱ་རྒྱུ།  གལ་ཏེ་ལས་ཀར་གཞོགས་འདེགས་མི་བྱེད་མཁན་དང་ཡོ་བསྲང་མི་བྱེད་མཁན། དགོན་པའི་ཕྱི་ལ་འགྲོ་མཁན་གྱི་གྲྭ་བཙུན་ཚོ་དགོན་པ་ནས་གཙང་ཕུད་བྱས་ཏེ་ཕ་ཡུལ་དུ་མངགས་རྒྱུ་དང་གྲྭ་ཤག་བཤིག་རྒྱུ། གྲྭ་ཤག་དག་ལ་གཅིག་གྱུར་གྱི་སྒོ་གྲངས་འབྲི་བ་དང་དགོན་པའི་གྲྭ་བཙུན་གྱི་སྤུས་ཀ་ཇེ་ལེགས་དང་གྲངས་ཀ་ཉུང་འཕྲི་བྱ་རྒྱུ  འདི་ལྟར་ལེགས་སྒྲིག་བྱས་རྗེས་ད་དུང་ཡང་གནས་ཚུལ་བྱུང་ན་དགོན་པའི་སྒོ་རྒྱག་རྒྱུ་བཅས་རེད་འདུག  

གསུམ་པ།  དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་ལ་རྩད་གཅོད་བྱ་རྒྱུའི་ནང་དུ་དོན་ཚན་གསུམ་འདུག་པ་དང༌།  གོང་གི་ལས་འགུལ་དེ་དག་གི་ཁྲོད་དུ་ཞུགས་མཁན་གྱི་གྲྭ་བཙུན་ཚོར་དོ་དམ་དང་རྩད་གཅོད་མི་བྱེད་མཁན་ནམ་ཡང་ན་གནས་ཚུལ་ལྐོག་ཞུ་དང༌།  ཁ་བྲལ་གཏོང་མཁན་ལ་ངན་འབྲེལ་བྱེད་མཁན། ཟིང་ཆ་སློང་མཁན་ལ་རོགས་རམ་བྱེད་མཁན་གྱི་དགོན་པའི་དོ་དམ་ཨུ་ཡོན་གྱི་གྲྭ་བ་དང༌། སྤྲུལ་སྐུ།  མཁན་པོ། དགེ་བཤེས་སོགས་ལ་སློབ་གསོ་དང་སྐྱོན་བརྗོད་ནན་མོ་བྱ་རྒྱུ། གལ་ཏེ་རྣམ་འགྱུར་ཡག་པོ་མེད་ན་གྲྭ་བཙུན་གྱི་ཚོགས་ཆེན་ཐོག་ནོར་འཁྲུལ་ཁས་ལེན་དང་ཡིག་ཐོག་ནས་ཁས་ལེན་བྱེད་དུ་འཇུག་རྒྱུ་མ་ཟད། ཆོས་ལུགས་ཀྱི་ཐོབ་ཐང་དང་སྤྲུལ་སྐུའི་རྒྱུད་འཛིན་ཐོབ་ཐང་མེད་པར་བཟོ་རྒྱུ།  སྤྲུལ་སྐུ་དེར་བདག་པའི་དངུལ་དངོས་བསྡམས་བཅད་བྱ་རྒྱུ་སོགས་ཀྱི་གནས་ཚུལ་དེ་དག་གསར་འགྱུར་དང་བརྙན་འཕྲིན་སོགས་ཀྱི་ནང་དུ་ཡང་ཡང་བཏང་སྟེ་སྤྱི་བསྒྲགས་བྱ་རྒྱུ་ཡིན་འདུག 

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༨ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༩ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༡༠ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡༡ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese