མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲ་རྒྱའི་སྟངས་འཛིན།

བོད་ཀྱི་དུས་བབ།
༢༠༠༨/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢༨ ཉིན་ངས་ཟི་ལིང་ན་ཡོད་པའི་གྲོགས་པོ་ཞིག་དང་མཉམ་དུ་སྐད་ཆ་བཤད་སྐབས། ཁོས་བོད་ཀྱི་དུས་བབ་དྲ་རྒྱ་ཁ་ཕྱེ་ཐུབ་ཀྱི་མི་འདུག་ཟེར། དེ་བཞིན་བཙན་བྱོལ་ནང་གི་དྲ་བྱང་ཁག་ཅིག་སྤྲད་མོད། དེ་དག་གི་གཅིག་ཀྱང་ཁ་ཕྱེ་ཐུབ་ཀྱི་མི་འདུག་ཟེར།

རྒྱ་ནག་གིས་བདུན་ཕྲག་གཅིག་གི་རྗེས་ནས་ཨོ་ལིམ་པིག་རྩེད་འགྲན་དེ་སྐོང་གི་ཡོད་ལ། སྐབས་འདིར་ཁོང་ཚོས་བོད་ཀྱི་ས་ཁུལ་ཁག་ཡོངས་སུ་སྒོ་བརྒྱབས་པ་དང་། གནས་ཚུལ་གྱི་བརྒྱུད་ལམ་ཕལ་ཆེ་བ་བཀག་ཡོད་པ་རེད། འདིའི་རྐྱེན་གྱིས་ད་སྐབས་རྒྱ་ནག་ལ་སྐྱོན་བརྗོད་རིམ་པར་བྱེད་ཀྱིན་ནང་གི་གལ་ཆེ་ཤོས་གཅིག་ནི་སྨྲ་བརྗོད་རང་དབང་དང་། གནས་ཚུལ་ཤེས་རྟོགས་ཀྱི་རང་དབང་ཡིན།

འདི་ལྟའི་སྐྱོན་བརྗོད་དང་གནོན་ཤུགས་ཀྱི་འོག་ནས་ད་སྐབས་རྒྱ་ནག་ནང་གི་དྲ་རྒྱའི་འགོག་སྡོམ་དེ་ཅུང་ཇེ་ལྷོད་དུ་བཏང་ཡོད་ཚུལ་འདུག ཕྱི་ཚེས་ ༣༡ ཉིན་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་མགོ་ཁྲིད་ཚོ་དང་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོས་གྲོས་མོལ་བྱས་མཐར། རྒྱ་ནག་གིས་དྲ་རྒྱའི་འགོག་སྡོམ་ཇེ་ལྷོད་དུ་གཏོང་གི་ཡིན་པའི་ཁས་ལེན་བྱས་ཡོད་ཅིང་། ད་ཆར་གསར་འགོད་པ་དག་གིས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པ། བྷི་བྷི་སི་ཡི་རྒྱ་སྐད་སྡེ་ཚན་བཅས་བརྒྱུད་ནས་གནས་ཚུལ་བསྡུ་ལེན་བྱེད་ཐུབ་གི་ཡོད་འདུག

རྒྱ་ནག་གི་པེ་ཅིན་ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་མགྲིན་ཚབ་པ་ སན་ཝེ་ཏུག་ གིས་བརྗོད་དོན། པེ་ཅིན་གྱི་ཚོགས་ཆུང་གིས་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་ལ་གནས་ཚུལ་གྱི་བརྒྱུད་ལམ་འདང་ངེས་གཏོང་གི་ཡིན་པའི་ཁས་ལེན་བྱས་པ་ཚིག་དོན་ལ་གནས་པར་བྱེད་ཀྱི་ཡིན་ལ། ད་ལྟ་གསར་འགོད་པ་དག་གིས་གནས་ཚུལ་བསྡུ་ལེན་བྱེད་པ་ལ་དྲ་རྒྱ་མཐུན་རྐྱེན་ཚ་ཚང་བར་སྦྱར་ཡོད་ཅེས་བཤད་ཡོད་པ་རེད།
ཕྱི་ཟླ་བདུན་པའི་ཚེས་ ༡༧ ཉིན་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་ཇག་ཁེ་སུ་ རོག་གྷེ་ ཡིས་པེ་ཅིན་གྱི་ཨོ་ལིམ་པིག་རྩེད་འགྲན་སྐབས་སུ་དྲ་རྒྱ་ལ་འགོག་སྡོམ་བྱེད་གི་མ་རེད་ཅེས་གསུངས་ཡོད་པ་རེད། ཡིན་ནའང་། བདུན་ཕྲག་འདིའི་མགོ་སྟོད་དུ། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་། དྲ་བྱང་གི་ནང་དུ་ tibet ཞེས་བོད་མིང་འའཁོད་ཚད་འགོག་སྡོམ་བྱེད་རྒྱུ་ཐག་བཅད་ཡོད་པ་རེད། རྒྱ་ནག་གིས་བཤད་ན། དྲ་ཚིགས་འདི་དག་གིས་སྲིད་དོན་གྱི་སྐུལ་སློང་ཡོད་པའི་གནས་ཚུལ་འཁོད་ཀྱི་ཡོད་ཟེར།
ད་སྐབས་དྲ་ཚིགས་འགོག་སྡོམ་ཅུང་ཇེ་ལྷོད་དུ་བཏང་ཡོད་ནའང་། བོད་རང་དབང་སྟེ། Free Tibet སོགས་འཁོད་པའི་དྲ་ཚིགས་རིགས་མུ་མཐུད་དུ་བཀག་འདུག་ཟེར།

ཕྱི་ཚེས་ ༡ ཉིན་ཧུའུ་ཅིན་ཐའོ་ཡིས་ཐེངས་དང་པོར་པེ་ཅིན་ནས་ཕྱི་རྒྱལ་གྱིས་གསར་འགོད་པ་ཐུག་འཕྲད་བྱས་ཏེ། ང་ཚོའི་རེ་བ་ལ་ཁྱེད་ཚོས་འདི་ནས་ཅི་ཞིག་གསལ་བོར་མཐོང་བ་དེ་དག་ཡང་དག་པ་དང་མ་ནོར་བཀོད་དེ། རྒྱ་ནག་མི་དམངས་དང་འཛམ་གླིང་མི་དམངས་བར་གྱི་འབྲེལ་བ་དང་གོ་རྟོགས་ཡར་རྒྱས་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་པ་རེད།

ཧུའུ་ཅིན་ཐའོ་གློ་བུར་དུ་ཕྱི་རྒྱལ་གྱི་གསར་འགོད་པ་དག་ལ་ཐུག་པ་འདི་ནི་འདས་པའི་ལོ་དྲུག་གི་རིང་། ཁོས་པེ་ཅིན་ནས་ཕྱི་རྒྱལ་གྱི་གསར་འགོད་པར་ཐུག་འཕྲད་བྱས་པ་ཐེངས་དང་པོ་ཆགས་ཡོད་འདུག ཡིན་ནའང་ཁོས་གསར་ཁང་ ༢༥ ཡི་གསར་འགོད་པར་ཐུག་ཡོད་ནའང་། ནེའུ་ཡོག་དུས་བབ་ཀྱི་གསར་འགོད་པ་སོགས་དེའི་ནང་ཚུད་མེད་ལ། རྗེས་སུ་སྐད་ཆ་དྲིས་སྐབས་ལས་དོན་ལ་བྲེལ་བའི་དབང་གིས་ཁོང་ཚོ་དུས་ཐོག་ཏུ་སྐད་གཏོང་ཐུབ་མ་སོང་ཞེས་བརྗོད་ཡོད་འདུག

ད་ཆར་རྒྱ་ནག་གིས་དྲ་ཚིགས་ཁག་འགའ་སྒོ་ཕྱེ་རུ་བཅུག་པ་དེ་པེ་ཅིན་གཅིག་པུ་ཡིན་མིན་དང་། བོད་དང་རྒྱ་ནག་གི་ཞིང་ཆེན་གཞན་པ་ཚང་མའི་ནང་སྒོ་ཕྱེ་ཡོད་མེད་གསལ་ཁ་བཏོད་མི་འདུག

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༧ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༨ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༩ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༩ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 1

  1. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 18 སྔོན།

    ཉིན་ཤས་སྔོན་འཛམ་གླིང་གསར་ཤོག་མཐུན་ཚོགས་ཀྱི་གོ་སྒྲིག་འོག རྒྱལ་ཁབ་ ༢༠ ལྷག་ནང་གི་གསར་ཤོག་ཀློག་མཁན་མི་ ༣༥༠༠ ལྷག་གིས་རྒྱ་ནག་གི་སྲིད་བློན་ཝན་ཅ་པའོ་ལ་ཡི་གེ་ཞིག་ཕུལ་ཏེ། ཨོ་ལིམ་པིག་འཚོགས་ཁ་འདིར། རྒྱ་ནག་གི་བཙོན་ཁང་ཁག་ནང་ཡོད་པའི་གསར་འགོད་ལས་རིགས་པ་མཐའ་དག་གློད་དགོས་ཞེས་ཞུ་སྐུལ་བྱས་ཡོད་པ་རེད། ཤེས་གསལ་ལྟར་ན། རྒྱ་ནག་ནང་དུ་གསར་འགོད་པ་ ༣༠ དང་དྲ་རྒྱའི་ནང་དུ་ལྟ་ཚུལ་འདོན་མཁན་ ༥༠ ལྷག་བཙོན་ཁང་དུ་བཅུག་ཡོད་སྟབས། རྒྱ་ནག་ནི་འཛམ་གླིང་སྟེང་གསར་འགོད་ལས་རིགས་ཀྱི་བཙོན་པ་མང་ཤོས་དེ་ཆགས་ཡོད་པའི་ངོས་འཛིན་བྱས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese