མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲོ་བ་མིའི་ཐོབ་ཐང་ཆེད་གཟེངས་རྟགས་ཕུལ་བ།

བོད་ཀྱི་དུས་བབ།
༢༠༠༨/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་སླེབས་ལ་ཉེ་སྐབས་འདིར། ནེའུ་ཛི་ལན་ཌི་ནས་ཨ་རིའི་བར་གྱི་ཤར་ཨེ་ཤ་ཡའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཐེངས་གསུམ་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྣམས་ལ་གཟེངས་རྟགས་འབུལ་བའི་མཛད་སྒོ་དེ། ཟླ་ ༨ པའི་ཚེས་ ༢ ཉིན་ཨ་རིའི་ཁ་ལེ་ཧྥོར་ནི་ཡའི་མངའ་སྡེ་ས་ཁུལ་གྱི་ལོ་སི་ཨན་ཇི་ལི་རུ་འཚོགས་ཡོད་འདུག  ༧གོང་ས་མཆོག་གཙོས།  ཝེ་ཅིན་ཧྲིན་དང༌། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་ལའོ་ལཱ་པཱ་ཁུ། རྒྱ་ནག་དུ་བཙོན་འཇུག་བྱས་ཡོད་པའི་ཝང་པེན་ཀྲང་སོགས་མི་དྲུག་ལ་ཐེངས་འདིའི་གཟེངས་རྟགས་བྱ་དགའ་ཕུལ་ཡོད་པ་རེད། དེ་དང་མཉམ་དུ་རྒྱ་ནག་གིས་ཆབ་སྲིད་དང་ཆོས་ལུགས་བཙོན་མ་གློད་གྲོལ་དང༌། གསར་འགོད་རང་དབང༌། འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུ་བཅས་ཨོ་ལིམ་པིག་རྩེད་འགྲན་མགྲོན་གཉེར་གནང་སྐབས་ཀྱི་སྔར་ཕུལ་དམ་ཚིགས་རྣམས་བརྩི་སྲུང་བྱེད་དགོས་ཞེས་འབོད་སྐུལ་ཡང་གནང་འདུག

༧གོང་ས་མཆོག་ནས་ཁོང་གི་ཚབ་ཏུ་བཙན་བྱོལ་བོད་གཞུང་གི་བདེ་སྲུང་བཀའ་བློན་ཟུར་པ་པདྨ་ཆོས་འབྱོར་ལགས་ཆེད་མངགས་གནང་སྟེ་གཟེངས་རྟགས་བཞེས་ཡོད་པ་རེད། ༧གོང་ས་མཆོག་ནས་ཕྱག་འཕྲིན་གནང་སྟེ། ངོས་ནས་ཀྲུང་གོའི་སྤུན་ཟླ་མི་རིགས་ནས་ཡང་བསྐྱར་ང་ལ་རེ་སྐུལ་ཞུས་པ་འདིས།  ངོས་རང་རྒྱ་ནག་གཞུང་འབྲེལ་མི་སྣས་བརྗོད་བཞིན་པ་ལྟར་གྱི་ཁ་བྲལ་རིང་ལུགས་པ་ཞིག་མིན་པ་གསལ་སྟོན་བྱས་ཡོད་པ་རེད་ཅེས་དང༌། ངོས་ནས་པེ་ཅིང་ཨོ་ལིམ་པིག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། བོད་རང་བཙན་རྩོད་གི་མེད། ངོས་ཀྱི་རེ་བ་ནི་ཕན་ཚུན་གྲོས་མོལ་བརྒྱུད་ཞི་བའི་ཐག་གཅོད་གནང་ཐུབ་རྒྱུ་དང༌། བོད་མི་རིགས་ཀྱི་རིག་གཞུང་དང་ཆོས་ལུགས་མུ་མཐུད་སྲུང་སྐྱོབ་གནང་ཐུབ་རྒྱུ་དེ་ཡིན་ཞེས་གསུངས་ཡོད་པ་དང༌། དེ་མིན་ཁོང་གི་ཕྱག་འཕྲིན་ནང་ཀྲུང་གོས་རང་ཉིད་ལ་རྒྱལ་སྤྱིའི་སྟེང་གི་བརྩི་མཐོང་ཐོབ་ཆེད། ཁྲིམས་མཐུན་གྱི་དབང་སྒྱུར་དང༌། ཁ་ཡོད་ལག་ཡོད་ཀྱི་རང་དབང་ལྡན་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་གནང་དགོས་པར་བསྟན་ཡོད།

༧གོང་ས་མཆོག་གི་སྐུ་ཚབ་ཏུ་ཕེབས་པའི་བཀའ་ཟུར་པདྨ་ཆོས་འབྱོར་ལགས་ཀྱིས་ཚོགས་ཐོག་ཏུ་བརྗོད་དོན།  ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གསུངས་རྒྱུར། ཀྲུང་གོའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ངོས་ཀྱི་བསམ་ཚུལ་ངོ་མ་དེ་མི་དམངས་ལ་ཤེས་རྟོགས་བྱེད་དུ་འཇུག་ཐུབ་ཡོད་པ་མ་རེད། དོན་དངོས་ཀྱིས་ངོས་ནས་པེ་ཅིང་ཨོ་ལིམ་པིག་ལ་རྒྱབ་སྐྱོར་དང་བོད་རང་བཙན་རྩོད་ལེན་བྱེད་ཀྱིན་མེད་ཅེས་གསུངས་བྱུང༌། ཞེས་འགྲེལ་བརྗོད་གནང་ཡོད་འདུག

གཟེངས་རྟགས་བཞེས་མཁན་སྐུ་ཞབས་ཝེ་ཅིན་ཧྲིན་ལགས་ཨ་རིའི་ཤར་མཐའ་ནས་གནམ་གྲུར་བསྡད་དེ་ལོ་སི་ཨན་ཇིལ་ལི་རུ་གཟེངས་རྟགས་བཞེས་པར་ཆེད་ཕེབས་གནང་ཡོད་པ་རེད།  ཁོང་གིས་བརྗོད་རྒྱུར། ཀྲུང་གོའི་མི་རྣམས་ཀྱིས་རང་ཉིད་ལ་གཟེངས་རྟགས་འབུལ་རྒྱུ་དེ་ཆེས་གལ་འགངས་ཆེན་པོ་ཞིག་རེད། སྤྱིར་ན་ང་ལ་རྒྱལ་སྤྱིའི་སྟེང་གི་གཟེངས་རྟགས་མང་པོ་ཞིག་ཐོབ་མྱོང་ཡོད། དེ་བས་གཟེངས་རྟགས་འདི་ཐོབ་པར་དེ་འདྲའི་སྣང་འཇོག་གནང་དགོས་མེད་མོད། ཡིན་ནའང་ངོས་ནས་བརྩི་མཐོང་ཚད་མེད་གནང་གི་ཡོད། འདས་པའི་ལོ་ངོ་བརྒྱའི་རིང་ལ་རྒྱ་ནག་མི་དམངས་ལ་རང་དབང་དམངས་གཙོ་ཐོབ་ཆེད་མི་མང་པོས་སྔར་རྗེས་བར་གསུམ་དུ་གཅེས་པའི་ཚེ་སྲོག་བློས་གཏོང་བྱས་ཡོད་པ་རེད། ཡིན་ནའང་དུས་རྒྱུན་ཕྱི་རྒྱལ་བ་རྣམས་ནས་ཁོ་ཚོའི་ལས་དོན་ལ་གཟེངས་བསྟོད་བྱ་དགའ་ཕུལ་བ་ལས་ཀྲུང་གོ་བའི་ངོས་ནས་ཕུལ་བ་ཤིན་ཏུ་ཉུང༌། ངའི་བསམ་ཚུལ་ལྟར་ན་ཀྲུང་གོ་བས་རང་ཉིད་ཀྱི་ལས་དོན་འདི་དག་གི་ཐད་རང་གིས་རང་ལ་གཟེངས་རྟགས་འབུལ་རྒྱུ་དེ་ཧ་ཅང་གལ་ཆེན་རེད་ཅེས་བརྗོད་ཡོད་པ་རེད།

ཟླ་ ༧ པའི་ཚེས་ ༢༩  ཉིན་སྲིད་འཛིན་བྷུ་ཤུས་ཕོ་བྲང་དཀར་པོའི་ནང་ཝེ་ཅིན་ཧྲིན་དང་ངལ་རྩོལ་བཙོན་མའི་ལྷན་ཚོགས་ཀྱི་ཚོགས་མི་ཝའོ་ཤི་ཏཱ་བཅས་ལ་མཇལ་ཕྲན་གནང་སྐབས་ཀྱང༌། ཝེ་ཅིན་ཧྲིན་གྱིས་སྲིད་འཛིན་བྷུ་ཤུར་ཞུ་རྒྱུར། ཁྱེད་རང་ཨོ་ལིམ་པིག་རྩེད་འགྲན་མཛད་སྒོར་ཕེབས་རྒྱུར་ང་ལ་མོས་མཐུན་མེད་ཅེས་དང༌། ངའི་རེ་བར་ཁྱེད་ནས་ཀྲུང་གོའི་མཐོ་རིམ་མགོ་ཁྲིད་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་སྐོར་གྱི་གླེང་མོལ་གནང་རོགས་ཞེས་ནན་སྐུལ་ཞུས་ཡོད་པ་རེད།

ཝེ་ཅན་ཧྲིན་གྱིས་གཟེངས་རྟགས་འབུལ་བའི་མཛད་སྒོའི་ཚོགས་ཐོག་ཏུ་གསུངས་རྒྱུར། ཉིན་འགའི་སྔོན་ལ་ཕོ་བྲང་དཀར་པོར་ང་ཚོ་སྲིད་འཛིན་བྷུ་ཤུ་དང་མཇལ་འཕྲད་གནང་བ་ཡིན། དེ་ནི་ཨ་རིའི་སྲིད་གཞུང་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་བཟོད་བསྲན་བྱེད་ཐབས་བྲལ་བའི་རྣམ་པ་ཙམ་བསྟན་པ་རེད་ཅེས་འགྲེལ་བརྗོད་གནང༌།

དེ་མིན་གཟེངས་རྟགས་ཐོབ་པའི་ཨ་རིའི་ཁ་ལེ་ཧྥོར་ནི་ཡའི་ས་ཁུལ་གྱི་གྲོས་ཚོགས་ཚོགས་མི་ ཌོ་ཎ་ རོ་རཱ་བྷ་ཆེར་ (Dana Rohrabacher)དང༌། ཀྲུང་གོའི་དཔྱིད་ཀ་ཅེས་པའི་དུས་དེབ་ཐོག་མར་གསར་འདོན་ཞུ་མཁན་སྐུ་ཞབས་ཝང་པེན་ཀྲང༌། གཞན་ཡང་སྲས་མོ་ཇོ་ཌེ་ཁྲིན་དང༌། ལོ་སི་ཨན་ཇི་ལི་ས་ཁུལ་དུ་ལོ་ངོ་ ༢༠  རིང་ལ་ཀྲུང་གོའི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་ནུབ་ཕྱོགས་ཚོགས་པའི་ཚོགས་གཙོ་མོའོ་ཧྥུན་ཅེ་བཅས་ཡིན་པ་དང༌།  སྐུ་ཞབས་ལོ་ལ་ཁི་ལས་བྲེལ་གྱི་དབང་གིས་ཐེངས་འདིར་དངོས་སུ་ཚོགས་བཅར་གནང་ཐུབ་མེད་ནའང༌། འདས་པའི་ཟླ་ ༤ པའི་ནང་གི་འགྲོ་བ་མིའི་ཐོབ་ཐང་དཔལ་འབར་གྱི་མཛད་སྒོའི་སྟེང་ཁོང་ཆེད་ཕེབས་གནང་མྱོང་ཡོད་པ་རེད། དེ་མིན་སྐུ་ཞབས་མོ་ཧྥིནཅེ་ཡིས་ཉེ་ལམ་ཉིན་རྒྱུན་ཨ་རིའི་གནམ་ཐང་དུ་སོང་ནས། པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ལ་གཟིགས་མོར་འགྲོ་མཁན་རྣམས་ལ་རང་དབང་ལྷ་མོའི་འདྲ་རིས་ཕབ་པའི་སྟོད་ཐུང་ལག་སྐྱེས་སུ་ཕུལ་ཏེ་འགྲོ་བ་མའི་ཐོབ་ཐང་དང་རང་དབང་དམངས་གཙོའི་བརྡ་འཕྲིན་ཀྲུང་གོར་འབྱོར་ཐུབ་པའི་རེ་བ་གནང་བཞིན་ཡོད།

ཤར་ཨེ་ཤ་ཡའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་ནི་ཕྱི་ལོ་ ༢༠༠༥ ལོར་ནེའུ་ཛི་ལན་ཌིར་གསར་བཙུགས་གནང་བ་དང༌། ཚོགས་པ་འདིས་སྔ་རྗེས་སུ་ཀྲུང་གོའི་ནང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་དོན་གཅེར་བ་རྣམས་གཙོས།  ཀོ་ཀྲུ་པེ་དང༌།  ཁྲུན་ཀང་ཁྲུན། ཀོའུ་ཧྥེ་ཞུང༌། ཡཱང་ཅན་ལེའུ། ཡཱང་ཁྲོན་ལིན། ལུག་ཁྲུན་ཅོན།  དེ་མིན་ཁེ་ན་ཌའི་ཀྲུང་གོའི་དམངས་གཙོ་ལས་འགུལ་རྒྱབ་སྐྱོར་བ་ཏ་བེ་ཆོའོ་ཀོ་སོགས་མི་མང་པོར་གཟེངས་རྟགས་འདི་ཕུལ་མྱོང་ཡོད་པ་རེད།

ཤར་ཨེ་ཤ་ཡའི་འགྲོ་བ་མའི་ཐོབ་ཐང་ལྷན་ཚོགས་དབུ་འཛུགས་གནང་མཁན་གྱི་གྲས་སྐུ་ཞབས་པོ་ཆིན་གྱིས་མཛད་སྒོའི་སྟེང་བརྗོད་རྒྱུར། དང་ཐོག་ཚོགས་པ་འདི་དབུ་འཛུགས་གནང་སྐབས་ང་ཚོ་སྤྱི་མོས་ཀྱི་སེམས་འདུན་ནི་ཤར་ཨེ་ཤ་ཡའི་ས་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དང༌། དབང་སྒྱུར་ལམ་ལུགས་ཀྱི་མུན་ཁྲོད་དུ་ལུས་པའི་ཀྲུང་གོ་དེ་བདེན་ལུགས་སྐྱོང་བའི་རྒྱལ་ཁབ་ཅིག་ཏུ་སྒྱུར་རྒྱུ། གཞན་ཡང་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་སོགས་འཛམ་གླིང་གི་སྔོན་ཐོན་ཤེས་རིག་གི་རིན་ཐང་དེ་རྒྱལ་ནང་དུ་བསུ་རྒྱུ་ཐུབ་པ་བྱེད་རྒྱུ་དེ་ཡིན་ཞེས་བརྗོད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༡༤ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 1

  1. getse ngodup from .be says:
    ལོ་ 16 སྔོན།

    རོགས་སྐྱོར་གནང་བ།

    ༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག། འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་སྒུ་གྲོང་སྡེ་དང། རོང་པོ་ སྐར་མདའ་ འབྲོག་མདའ་ ཁྲི་འདུ་ ནང་ཆེན་བཅས། ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན། དཔལ་ལྡན་དགོན་ར་ཉག་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག། ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟིར་ལིང་ལ་ཕེབས། དེ་ནས་ཁོང་གི་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད། ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག། ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད། སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན། ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད། འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ། ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན། གྲོ་འབྲས་རྒྱ་མ་༡༢༠༠༠ ཅ༹མ་པ་རྒྱ་མ་༡༥༠༠ མར་རྒྱ་མ་༡༠༠༠ ཐུག་པ་ཤོག་སྒམ་༡༠༠༠ ཉལ་ཆས་༣༠༠༠ གྱོན་ཆས་༢༥༠༠ རས་གུར་༡༠༠ དེ་མིན་ཟས་རིགས་འདྲ་མིནདང་ ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠ གནང་ཡོད། བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག། དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད། ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར། གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན། སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན། རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད། ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese