མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛུམ་བཅོས་མའི་རྒྱབ་གི་ཨོ་ལིམ་པིག

བོད་ཀྱི་དུས་བབ།
༢༠༠༨/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

        

 

ཨེ་ཝེ་ཝེ་ཡིས་ཨོ་ལིམ་པིག་རྩེད་འགྲན་ལ་སྐྱོན་བརྗོད་བྱས་པ།

 

ང་རང་ཨོ་ལིམ་པིག་མཛད་སྒོ་ལ་བཅར་མེད་ལ། སྤྲོ་བའང་མི་འདུག ཅིའི་ཕྱིར་ང་མཛད་སྒོ་ལ་ཞུགས་འདོད་མ་སྐྱེས་པ་ཡིན་ནམ་ཞེ་ན། ངས་མཛད་སྒོ་འདི་དཔལ་འབྱོར་གྱིས་བདག་བཟུང་བྱེད་པའི་སྲིད་གཞུང་ཤིག་གི་བཙན་དབང་གིས་བཀོད་སྒྲིག་བྱས་པ་ཞིག་ལས། མི་དམངས་ཀྱིས་རང་འགུལ་གྱིས་རོལ་བའི་དུས་སྟོན་ཞིག་དང་སྨྲ་བརྗོད་རང་དབང་གི་དུས་སྟོན་ཞིག་ཏུ་མཐོང་གི་མི་འདུག  མཛད་སྒོ་འདིར་ཕངས་སེམས་སྐྱེས་སའི་གནས་མང་བོ་ཞིག་ཡོད་སྟབས། ང་ཞུགས་མི་འདོད།

རྒྱ་ནག་གི་སྒྱུ་རྩལ་བློ་འདྲི་ཡུལ། དེང་རབས་སྒྱུ་རྩལ་པ་གྲགས་ཅན། བཟོ་སྐྲུན་ཇུས་འགོད་པ། ཨེ་ཝེ་ཝེ་ནི་ཐེངས་འདིའི་ཨོ་ལིམ་པིག་ལུས་རྩལ་ར་བའི་བཟོ་བཀོད་པ་ཡིན་པ་མ་ཟད། ཐེངས་འདིའི་ཨོ་ལིམ་པིག་བྱེའུ་ཚང་གི་བཟོ་བཀོད་པའང་ཡིན། ཁོང་གིས་ཐེངས་དུ་མར་རྒྱ་ནག་གི་སྲིད་བྱུས་ལ་སྐྱོན་བརྗོད་དང༌། རྒྱ་ནག་མི་མང་གི་རང་དབང་ལ་འབྲེལ་བའི་གནད་དོན་མང་པོའི་སྟེང་སྲིད་གཞུང་ལ་ཁ་གཏད་བྱས་ཡོད་པ་རེད། ད་དུང༌། ཁོང་གིས། ཐེངས་འདིའི་མཛད་སྒོའི་སྐབས་ཀྱི་དགོད་སྒྲ་ནི་དགོད་སྒྲ་རྫུན་མ་ཞིག་ཡིན་ཚུལ་དང༌། སྤྱི་ཚོགས་ལ་དམངས་གཙོའི་རང་དབང་མེད་སྟབས་མི་མང་ལ་སྐུལ་སློང་གིས་དགའ་སྤྲོའི་དུས་སྟོན་ཞིག་གི་རྣམ་པ་སྟོན་དུ་འཇུག་གིན་ཡོད་པས། མི་དམངས་ལ་མཚོན་ན། དམངས་གཙོ་དང་རང་དབང་གི་སྤྱི་ཚོགས་ཤིག་ཡོད་འདོད་ལ། བརྩོན་ལེན་བྱས་ཏེ།   རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ལེན་དང་ཆོག་མཆན་གནང་སྐབས། ད་གཟོད་རང་དབང་མེད་པའི་ཆད་ལྷག་དེ་ཤེས་ཐུབ་བསམ། དམ་དྲག་དང་དབང་ཤུགས་ཆེ་བའི་འགྲོ་སྟངས་འདིས། ས་གནས་ཁག་ཏུ་བདེ་འཇགས་ཆེད་སྒྲིག་གཞི་གསར་བའི་བཀག་རྒྱ་ཐེབས་ཡོད་པས། ཇི་ལྟར་འཛུམ་མདངས་གིས་འཁྲབ་སྟོན་དང་དགོད་སྒྲ་སྒྲོག་ནུས། ང་རང་གི་ཕངས་སེམས་ཆེ་ཤོས་ནི། རྒྱ་ནག་གིས་སྐད་དམའ་མོས།  འཛམ་གླིང་གཅིག་དང་རྨི་ལམ་གཅིག ཅེས་འཛམ་གླིང་གི་ཁྱོན་ཡོངས་སུ་ཀྲུང་གོ་གསར་བ་ཞིག་དང༌། པེ་ཅིན་གསར་བ་ཞིག  ཨོ་ལིམ་པིག་གསར་བ་ཞིག་གསལ་སྟོན་བྱ་འདོད་ཡོད་འདུག  དེ་ལྟར་ནའང༌།  ངའི་རྒྱ་ནག་གིས་དངོས་པོ་གསར་བ་ཅི་ཞིག་གསལ་སྟོན་བྱ་བར་དོགས་པ་སྐྱེས་ཤིང༌།  ཁོང་ཚོར་སྤོབས་པ་དང་ཡིད་ཆེས་དཀོན་པ་ང་ཚོས་མཐོང་གསལ་རེད། ངའི་རེ་བ་ནི་དངོས་གནས་སྤྲོ་སྣང་ཅན་གྱི་མི་དམངས་ཨོ་ལིམ་པིག་རྩེད་འགྲན་ལ་འཛུལ་ཞུགས་བྱེད་འདོད་ཡོད་མོད། དེ་ལས་ལྡོག་ཏེ། འགོག་ཐབས་མེད་པའི་མི་དེ་དག་དང་མུན་འཐོམས་པ་དེ་དག་རེད།

རྒྱ་ནག་སྤྱི་ཚོགས་ཀྱི་བཀག་རྒྱ་གཙོ་བོ་ནི། རང་དབང་དང་དམངས་གཙོ་ཡིན་པ་ཐེ་ཚོམ་བྱེད་མི་དགོས་ལ། ཨོ་ལིམ་པིག་ནི་གོ་སྐབས་ཡག་ཤོས་དེ་ཡིན། རྒྱ་ནག་མི་དམངས་ཀྱིས་འཛམ་གླིང་ལ་རང་ཉིད་ཀྱི་རེ་བ་དེ་གསལ་སྟོན་བྱ་དགོས་པ་དང༌། ཧུར་བརྩོན་གྱིས་ལག་བསྟར་བྱེད་པར་འབད་དགོས། ངས་བཤད་བཞིན་པ་ནི་དམངས་གཙོ་དང་རང་དབང་ཡིན་པ་ལས། དེ་ལས་ལྡོག་པའི་ལམ་ཁ་གཏན་ནས་མིན།

འཛམ་གླིང་གི་རྒྱ་ནག་དེ།  ལོ་རྒྱུས་ཀྱི་འགལ་ཟླ་དང༌། འདུ་ཤེས་འཛིན་སྟངས། ཆབ་སྲིད་ཀྱི་འཐེན་འཁྱེར་སོགས་ད་ལྟའི་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་གྱི་འཕེལ་རྒྱས་ལ་བཀག་རྒྱ་དང༌། གྱོང་གུད་ཚབས་ཆེན་ཐེབས་ཡོད་པ་ཞིག་ལ་ངོས་འཛིན་བྱས་ཡོད་སྟབས། ཕྱོགས་ཡོངས་ནས་བལྟས་ན། ཨོ་ལིམ་པིག་ནི་འཛམ་གླིང་ལའང་གོ་སྐབས་ཡག་ཤོས་ཤིག་ཡིན། རྒྱ་ནག་གིས་ཀྱང་རིག་གཞུང་དང་ཕྱོགས་ཡོངས་ནས་དུས་སྐབས་གསར་བ་འདིའི་ནང་སྒྲིག་གཞི་ལ་འགྱུར་བ་གཏོང་དགོས་ཞེས་བརྗོད་འདུག་ལ། གཞན་ཁོང་གིས་རྒྱ་ནག་གིས་ཨོ་ལིམ་པིག་ལ་ཁ་གཡར་ཏེ། རྒྱལ་སྤྱིའི་སྟེང་གི་རྒྱལ་ཁབ་ཁག་གི་འབྲེལ་ལམ་ལ་ཤུགས་སྣོན་བྱེད་པར་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང༌། ཨོ་ལིམ་པིག་སྐབས་ཀྱི་རྒྱ་ནག་ནི་དམག་མིའི་རྒྱལ་ཁབ་ཅིག་ཡིན་ཚུལ་སྐྱོན་བརྗོད་བྱས་ཡོད་འདུག 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

ཆུ་ཚོད་ ༡༠ སྔོན་ལ།
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༢ སྔོན་ལ།
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༡༥ སྔོན་ལ།
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

༢༠༢༦/༠༢/༠༨
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

༢༠༢༦/༠༢/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese