མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བཙན་ཕར་ཞོག བོད་ལ་དམངས་གཙོའང་མི་དགོས།

བོད་ཀྱི་དུས་བབ།
༢༠༠༨/༠༨/༡༤
Share on FacebookShare on TwitterShare on EmailShare on Whatsapp

ལུང་རིགས་རྒྱལ་ནས།

ནེ་ཁོལ་ལགས་ཡང་བསྐྱར་སླེབས་སོང་། ༧གོང་ས་མཆོག་གི་ཨ་རུ་རའི་ཡལ་ག་དེ་ཁྱེར་ནས་སླེབས་སོང་། ཉིན་འདི་ཚོར་པེ་ཅིན་ནས་ཨོ་ལིམ་པིག་རྩེད་འགྲན་འདིའི་གསེར་གྱི་རྟགས་མ་རྩོད་སྐབས། ནེ་ཁོལ་གྱིས་ཧུའུ་ཅིན་ཐའོ་ལ་བོད་དོན་ཐག་གཅོད་ཀྱི་གསེར་གྱི་རྟགས་མ་དེ་ངོམ་གྱིན་འདུག

ནེ་ཁོལ་གྱི་ཡིད་ཆེས་གཙོ་བོ་ནི། རྒྱ་ནག་གིས་ལོ་འདིའི་ཕྱི་ཟླ་ ༡༡ པའི་ནང་དུ་༧གོང་ས་མཆོག་གདན་ཞུ་བྱས་ཏེ་སི་ཁྲོན་ས་ཡོམ་ཁྲོད་འདས་གྲོངས་སུ་གྱུར་བ་རྣམས་ལ་མྱ་ངན་མཆོད་འབུལ་གནང་རྒྱུ་དེ་ཡིན་ལ། ཆོས་ལུགས་ཀྱི་ཆོ་ག་ཕྱག་ལེན་འདི་འདྲ་ཞིག་ལ་བསྟུན་ནས་ལོ་ ༥༠ རིང་གི་ཆབ་སྲིད་ཀྱི་འཁྱགས་རོམ་དེ་གཏོར་རྒྱུ་དེ་ཡིན་ལ། ཁོས། ༼འདི་ནི་ལོ་ངོ་ ༥༠ རིང་རྒྱ་ནག་གི་དབུ་ཁྲིད་ཚོ་དང་ཏཱ་ལའི་བླ་མའི་བར་མཇལ་འཕྲད་གནང་བ་ཐེངས་དང་པོ་ཆགས་རྒྱུ་ཡིན་ལ། བོད་ཀྱི་གནད་དོན་སེལ་ཕྱོགས་ལ་ནུས་ཤུགས་ཆེན་པོ་ཞིག་སྤྲོད་གི་རེད་༽ཟེར།

༼གོ་སྐབས་འདི་ནི་བདུན་ཕྲག་སྔོན་མའི་ནང་དུ་ཏཱ་ལའི་བླ་མ་མཆོག་གིས་ཐེངས་དང་པོར་ཁོང་ཉིད་ནས་རྒྱ་ནག་གུང་ཁྲན་ཏང་གི་དབང་བསྒྱུར་ལ་ངོས་ལེན་གནང་ཐུབ་པའི་ཡོངས་ཁྱབ་ཀྱི་ངོས་ལེན་གནང་བ་ལས་བྱུང་བ་རེད། སྔོན་ཆད་ཏཱ་ལའི་བླ་མ་མཆོག་གིས་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ལུགས་ལྟ་བུ་ཞིག་གི་དགོས་འདུན་འདོན་གྱི་ཡོད་པ་རེད། འོན་ཀྱང་། ཐེངས་འདིའི་ཞལ་བཞེས་ནི་ཁོང་གིས་རྒྱ་ནག་གཞུང་མཉམ་དུ་ཐག་གཅོད་ཅིག་འབྱུང་བར་ཐུགས་རེ་ཆེན་པོ་གནང་གིན་པའི་བརྡ་ལན་རེད།༽

གྷོལ་ཌི་སི་ཐན་ལགས་ཀྱིས་ཀྱང་ཐེངས་འདིར། ༼ཏཱ་ལའི་བླ་མས་ཐུགས་ཐག་གཅོད་སྟངས་འདི་ནི་ལོ་རྒྱུས་ཀྱི་གཉན་འཕྲེང་གི་དུས་སྐབས་སུ་རླབས་ཆེན་གྱི་སྲིད་དོན་པ་དག་གིས་ཐག་གཅོད་ཕྱོགས་ཤིག་རེད། ལོ་ ༢༠ རིང་གི་འགག་མཚམས་འདིར་ཏཱ་ལའི་བླ་མ་མཆོག་གིས་ནུབ་ཕྱོགས་དང་བཙན་བྱོལ་བོད་མིར་ལྟ་ཚུལ་ལ་མ་འཛེམས་པར་ཁོང་གི་དགོངས་གཞི་གསལ་སྟོན་གནང་ཞིང་། ཁོང་སྐུ་སྒེར་གྱི་ཕྱོགས་ནས་པེ་ཅིན་གྱི་དབུ་ཁྲིད་ཚོར་དཀའ་རྙོག་འདི་སེལ་བའི་དོན་དུ་ད་ཆ་ཁོང་གིས་དཀའ་ཁག་གི་གྲོས་གཞི་དེར་ཞལ་བཞེས་གནང་རྒྱུའི་བརྡ་ལན་གསལ་བོ་ཞིག་ཕུལ་བ་རེད། ལོ་རབས་འདི་འདྲ་ཞིག་གི་རིང་སེལ་མ་ཐུབ་པའི་འདུམ་འགྲིག་དེར་ད་ནི་དོན་དངོས་ཀྱི་གོ་སྐབས་ཤིག་འདུག༽ཅེས་ཕྱི་ཚེས་ ༡༤ ཉིན་གྱི་ནེ་ཁོལ་གྱི་རྩོམ་ཡིག་ནང་བཤད་འདུག

ནེ་ཁོལ་གྱིས་བཤད་པ་ལྟར་ན། ད་ནི་དྲི་བ་གལ་ཆེ་ཤོས་དེ་ཧུའུ་ཅིན་ཐའོ་ཡི་ལག་ན་ཨ་རུ་རའི་ཡལ་ག་ཡོད་མེད་དེ་རེད་ཟེར། ༼ཕྱི་ཚེས་ ༡༣ ཉིན་གྱི་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་གསར་འགོད་འདུ་འཛོམས་ཤིག་གི་སྟེང་། མགྲིན་ཚབ་པ་ཆིན་ཀང་གིས་བཤད་པ་ནི། བོད་དང་འབྲེལ་བའི་གནད་དོན་ཐོག་ང་ཚོའི་ལངས་ཕྱོགས་དང་སྲིད་བྱུས་ནི་གསལ་བོ་དང་གཅིག་ཆོད་ཡིན། ང་ཚོས་ཏཱ་ལའི་བླ་མས་གང་བཤད་པ་དེ་ཁོ་ནར་ལྟས་ན་འགྲིག་གི་མ་རེད། ཁོས་གང་སྒྲུབ་གི་འདུག་དེ་ལ་ལྟ་དགོས་པ་རེད། ང་ཚོས་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་མཐོང་དགོས་ཀྱི་ཡོད།༽ ཟེར།

འདི་ནི་ནམ་རྒྱུན་གྱི་སྐྱོན་བརྗོད་ཙམ་རེད། ནེ་ཁོལ་གྱིས་ ༼ངའི་བསམ་ཚུལ་ཡིན་ན་རྒྱ་ནག་གཞུང་གི་ལས་བྱེད་ཚོས་གོང་རིམ་གྱི་མཛུབ་སྟོན་ལ་སྒུག་ཡོད་པ་རེད།༽ ཅེས་བརྗོད་ཡོད།

འདི་ལྟར་ནེ་ཁོལ་གྱིས་རྒྱ་བོད་ཕར་ཚུར་གཉིས་དང་ཐ་ན་རྒྱ་ནག་གཞུང་གི་ལས་བྱེད་དང་དཔོན་རིགས་ཚོའི་བར་ནའང་དུས་ཚོད་དང་བཀའ་བཀོད་ཀྱི་རིམ་པ་ཙམ་ལྷག་ཡོད་པ་མ་གཏོགས་གསར་ལམ་ཁག་ལ་དོན་དངོས་ཀྱི་གསལ་བཤད་ཅིག་ཡོད་པའི་གོ་བརྡ་སྤྲོད་གི་འདུག

ཁོའི་རྩོམ་ཡིག་སྔོན་མའི་ནང་བཤད་པ་ལྟར། ནེ་ཁོལ་གྱིས་ད་ནི་རྒྱ་རི་རིན་པོ་ཆེས་སྣེ་ཁྲིད་པའི་སྐུ་ཚབ་ཚོ་དང་། འཐབ་ཕྱོགས་གཅིག་གྱུར་ཁང་བར་གྱི་གྲོས་མོལ་གྱི་རིམ་པ་འདི་གང་དུའང་མི་སླེབས་སྟབས། རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་རིམ་པའི་དབུ་ཁྲིད་དང་ཏཱ་ལའི་བླ་མའི་བར་ཐད་ཀའི་བཀའ་མོལ་གནང་དགོས་པ་རེད་ཟེར།

 

ནེ་ཁོ་ལ་སི་ ཌེ་ ཁེ་རེ་སི་ཊོ་ཧྥུ་ NICHOLAS D. KRISTOF ནི་ནེའུ་ཡོག་དུས་བབ་ཀྱི་ཆེད་བརྗོད་འབྲི་མཁན་ཡིན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 8

  1. ཁྲི་བད་མ says:
    ལོ་ 17 སྔོན།

    རྩོམ་སྒྲིག་པ་རྣམས་པ
    དུས་བབས་ཀྱི་དྲ་གནས་འདི་གྲ་ཇེ་དག་དང་དོན་ཇེ་རྒྱས། སྤུས་ཇེ་ལེགས་སུ་འགྲོ་བཞིན་པ་འདིར་སྙིང་ཐག་པ་ནས་དགའ་བསུ་དང་ཁྱེད་རྣམ་པའི་ལག་རྗེས་འདིར་རྗེས་སུ་ཡི་རངས་ཡོད །།

    Reply
  2. ཨ་རིག་དགེ་མཐོང་། says:
    ལོ་ 18 སྔོན།

    ཨ་རོ་འབྲོག་པ་ཆོས་གྲགས།ཨ་རིག་པ་ཚོ་ལ་མི་དགའ་དོན་ཅི།ནགས་ཆུའི་ཞི་མོའི་བསླུསཔ་་མིན་ནམ།མ་གཞི་ཀླ་མོ་ཚོས་གྲོགས་པོའི་མཐུན་སྒྲིལ་ལ་གཏོར་ཤིག་གཏོང་སྲིད་།འུ་ཚོ་ངོ་ཤེས་རེད།ཡིན་ན་ཡང་གནས་ཚང་གིས་ཏཱ་ལའི་བླ་མས་ཁ་གཅིག་ལས་ཚིག་གཉིས་གསུང་དོན་ཅི།ཞེས་པའི་ཚིག་ངས་རྣ་བའི་གོ་ན་མི་འདོད་ཀི།

    Reply
  3. འབྲོག་རུ་ཆོས་གྲགས། says:
    ལོ་ 18 སྔོན།

    ཨོ་ ཨ་རིག་དགེ་མཐོང་ལ་དེ་འདྲའི་ཁ་ཕོ་ཆེ་ལ། དེ་འདྲ་མ་བཤད་དང་ང་ཚོ་ཚང་མས་ལྷག་བསམ་རྣམ་དག་གིས་དོན་དག་ཡག་པོ་ཞིག་ཨེ་ཡོང་གི་ལྟ་གི་ཡོད་ན། དེ་འདྲ་གི་མི་གཞི་ལ་དམའ་འབེབ་བྱས་ནས་ཁྱེད་ལ་ཅི་ཞིག་ཡོང་རྒྱུ་ཡོད་ཁུ། དང་པོ་ཁ་གྲགས་དུས་ནས་ཤེས་ཡོན་པ་ཞིག་གི་སྐད་ཆ་བཤད་སྟངས་ལ་མི་རིགས་གི་རྩྭ་ཐང་གི་ཟོག་རྫི་མགོ་སྟོང་ཅིག་ལ་རིགས་གི། ཡིན་ན་འང་ངས་མྱི་སྨྱོན་ངོ་མི་ཤེས། འདི་ནི་གསལ་བཤད་ཅིག་ཡིན།

    Reply
  4. ཨ་རིག་དགེ་མཐོང་། says:
    ལོ་ 18 སྔོན།

    བདག་པོ་མེད་པས་གནས་ཚང་ལགས།ངོ་མ་ཁྱེད་འཐོམས་འདུག་༸གོང་ས་མཆོག་མི་སུ་ཞིག་གི་གཡོ་འོག་ཏུ་ནམ་ཡང་ཚུད་མི་སྲིད།རྒྱུ་མཚན་མང་ཡང་ཁྱེད་ལྟ་བུ་ལ་བཀོད་ན་ཕན་འབྲས་མེད།

    Reply
  5. མྱི་སྨྱོན། says:
    ལོ་ 18 སྔོན།

    གནས་ཚང་། ཁྱེད་མགོ་འཐོམས་དགོས་པ་ཏཱ་ལའི་བླ་མ་མ་རེད། རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་ལྡོག་ཡིན་པའི་ཁྱད་པར་ཤེས་ན་བཟང་། ཏཱ་ལའི་བླ་མ་སུས་བཤད་ན་ཉན་ཆོག་ཆོག་གི་བླ་རྒན་དྲི་མ་ཅན་དེ་ཚོ་འདྲ་བོ་མིན།
    དགོངས་དག་ཁྱེད་ཀྱིས་སྙན་རྩོམ་སྦྱང་འདོད་ཡོད་ན་སྦྱང་ས་འདི་མིན།

    Reply
  6. གནས་ཚང་། says:
    ལོ་ 18 སྔོན།

    དམངས་གཙོ་ཀུན་ཀྱི་འདོད་ཡིན།
    འདོད་དེར་དམར་ཤོག་ཞེད་འགྲོ
    བློ་མཐུན་ཆགས་རྩིས་ཡོད་ན།
    ཞེད་སློང་འགོང་བོ་རང་ཡིན།

    Reply
  7. གནས་ཚང་། says:
    ལོ་ 18 སྔོན།

    ད་ང་རང་མགོ་འཐོམས་སོང་། ཏྰ་ལའི་བླ་མས་ཁ་གཅིག་ལས་ཚིག་གཉིས་གསུང་དོན་ཅི། ༡ དམར་ཤོག་ལམ་ལུགས་ངོས་ལེན་བྱེད་འཆར། ༢ རྒྱ་ནག་དམངས་གཙོར་བསྒྱུར་འོས་ཚུལ།

    ཡང་སྙིང་ཁོང་མི་སུ་ཞིག་གི་གཡོ་འོག་ཏུ་ཚུད་ཀྱིན་ཡོད་དམ།

    Reply
  8. ཟླ་བ་ཚེ་རིང་། says:
    ལོ་ 18 སྔོན།

    ༼ ང་ཚོའི་ངོས་ནས་ག་ཚད་ཅིག་འབད་བརྩོན་བྱས་ནའང་རྒྱ་མིའི་ངོས་ནས་སྡུག་ནས་སྡུག་ཏུ་འགྲོ་གི་འདུག སོང་ཙང་ཕྱི་ཟླ་དགུ་བའི་ནང་གྲོས་ཚོགས་འཚོགས་རྗེས་མ་གཏོགས། ངས་དེ་རིང་འདིར་བོད་ཀྱི་མ་འོངས་པའི་ཐད་དམིགས་བསལ་ཞུ་ཡ་གང་ཡང་མེད། གྲོས་ཚོགས་ཡོད་བསྡད་དུས་དོན་དག་གང་ཡིན་ཡང་ང་གཅིག་བུས་ཐག་བཅད་ན་འགྲིག་གི་མ་རེད ༽ཁ་སང་༧གོང་ས་མཆོག་གིས་ཧྥ་རན་སིར་གནས་སྡོད་བོད་མི་ཚོར་བཀའ་སློབ་གནང་སྐབས་འདི་ལྟར་གསུངས་སོང་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese