༧གོང་ས་མཆོག་སྐུ་གཟུགས་བདེ་མིན་ལ་བརྟེན་ཕྱི་ཚེས་ ༢༨ ཉིན་མཱམ་བྷེ་ལ་སྐུ་ཁམས་བརྟག་དཔྱད་མཛད་པར་ཕེབས་ཡོད་པ་རེད། ཚེས་ ༢༩ ཉིན་སྐུ་སྒེར་ཡིག་ཚང་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཀྱི་ལི་ལ་ཝ་ཊི་སྨན་ཁང་ནས་སྐུ་ཁམས་བརྟག་དཔྱད་མཛད་རྗེས་སྨན་པ་ཚོས་སྐུ་ལུས་བདེ་ཐང་དང་གསལ་དྭངས་ཡིན་པ་དང༌། ༧གོང་ས་མཆོག་གི་སྐུ་ཁམས་ལ་གནད་དོན་ཅི་ཡང་མི་འདུག་ཅེས་གསལ་བསྒྲགས་བྱས་ཡོད་པ་མ་ཟད། ཚེས་ ༣༠ ཉིན་རྡ་ས་གཙོ་བྱས་པའི་བོད་མི་འདུས་སྡོད་ཀྱི་ས་གནས་གང་སར། ཆུ་ཚོད་ ༡༢ རིང་ཞི་བདེ་དང་རང་དབང་གི་ཆེད་དུ་བོད་མི་ཚོས་སྨྱུང་གནས་སྲུང་རྒྱུ་ཡིན་པ་དེར། ༧གོང་ས་མཆོག་གིས་ཀྱང་ཕྱག་ཚོད་ ༡༢ རིང་མཱམ་བྷེ་ནས་སྨྱུང་གནས་དང་ཞི་བདེ་སྨོན་ལམ་གསུང་རྒྱུ་རེད་ཅེས་གསར་ལམ་ཁག་ལ་སྤེལ་ཡོད།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
སྐུ་གཟུགས་ཐང་བོ་ཡོད་པར་དགའ་སྤྲོ་ཡོད། ཡིན་ནའང་། དོན་ལ་ཁོང་གིས་བོད་དོན་ལ་དམིགས་ཡོད་པར་གཞིར་བྱས་སྣེ་ལེན་གནང་མཁན་མང་ཆེ་བས་དངུལ་བཙལ་སྤྱད་ལའང་བཀོལ་སྤྱོད་བྱེད་ཀྱི་ཡོད་པས། བོད་མི་ཚོ་དོན་ངོ་མས་ཁོང་ལ་སེམས་ཁྲལ་ཡོད་ན། ཞུས་ཚད་ལ་ཕེབས་དགོས་པའི་ངེས་པའང་མེད། ༡ སྐུ་འཚམས་ལ་ཡུན་རིང་བོར་བཞུགས་པ་ཡིན་ན། མིའི་གཤིས་ཀ་ལྐོག་གྱུར་ཤེས་འདོད་ལ་དགའ་བས། དེ་ལས་ལྷག་པའི་འབྲས་བུ་ཐོན་སྲིད། ༢ དེང་ཕྱིན་འབྲས་བུ་སྟོན་རྒྱུ་མེད་པའི་སྣེ་ལེན་པ་དང་འཚོལ་མཁན་ཚོར་གཡོལ་ཐབས་བྱེད་རྒྱུའང་གལ་ཆེ་སྙམ།
ང་ཚོ་ཡང་སྐྱལ་ཞེས་པའི་སྐྱལ་དེ་༼བསྐྱར་༽ཞེས་ནོར་བཅོས་བྱེད་དགོས་འདུག དྲྭ་གྲོགས་རྣམས་པར་དགོངས་འགལ་མེད་པར་ཞུ།
དེ་རིང་རེས་གཟའ་ཉི་མ་ཡིན་སྟབས་ང་ལ་ཡང་སློབ་ཐུན་མེད་པས་ཞོགས་ཇ་འཐུང་རྗེས་གློག་ཀླད་དྲྭ་བའི་ནང་འཁྱམ་ཉུལ་དུ་ཡོང་བ་ཡིན། ངས་དུས་བབ་དྲྭ་རྒྱའི་སྒོ་ཕྱེས་མ་ཐག་༸གོང་ས་མཆོག་གི་སྐུ་གཟུགས་ལ་གནད་དོན་གཞན་གང་ཡང་མེད་པར་བདེ་ཐང་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་འདུག སྐབས་དེར་ངོས་གནས་བཤད་མ་ཤེས་པའི་དགའ་སྤྲོ་ཞིག་སྐྱེས་སོང༌། ཁོང་གི་སྐུ་གཟུགས་བདེ་མིན་ཞིག་བྱུང་ཚེ་ང་ཚོ་ཡང་སྐྱལ་སྔོན་གྱི་དྲན་མི་འོས་པའི་གནས་ཚུལ་མང་བོ་ཡོད་པ་དག་གི་ལམ་དུ་འགྲོ་མིན་ལ་དོགས་པ་མི་དགོས་པ་ཞིག་རེད་བསམ། གང་ལྟར་ད་དུང་ང་ཚོ་འཆི་ལམ་ནས་ཐར་རྒྱུའི་རེ་བ་ཡོད་པས་ལོ་འདི་དག་གི་རིང་བོད་མི་ཡོད་དོ་ཅོག་གི་ཤུལ་འབད་ཧུར་ཐག་གིས་གཅིག་རྒྱབ་གཉིས་འབད་བྱས་ན་མི་འགྱངས་པར་བདེན་མཐའ་གསལ་ངེས་རེད་སྙམ།
ཨ་སྐྱིད་ལ། ཨ་སྐྱིད་ལ། ཁོང་གི་སྐུ་གཟུགས་བདེ་ཐང་དང་གསལ་དྭངས་ཡོང་སོང་ན། འདི་ལས་ལྷག་པའི་དགའ་སྤྲོ་ཞིག་མི་འདུག