མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་ཚུལ་དང་གསལ་བཤད།

བོད་ཀྱི་དུས་བབ།
༢༠༠༨/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༢༣ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

ཨོ་ལིམ་པིག་མཇུག་སྒྲིལ་ཏེ་བདུན་ཕྲག་གཅིག་འགོར་བའི་སྐབས་འདིར་བོད་མི་རྣམས་ཟས་བཅད་ངོ་རྒོལ་དུ་བསྡད་སོང་ལ། ༧གོང་ས་མཆོག་ཀྱང་ཐེངས་དང་པོར་ཡོངས་གྲགས་ཐོག་ཉིན་གཅིག་རིང་གི་ཟས་བཅད་ལས་རིམ་འདིའི་ནང་མཉམ་བཞུགས་གནང་ཡོད། འོན་ཀྱང་། ད་ལྟ་རྩོད་གཞི་མེད་ལ་གསལ་ཁའང་བྱུང་མེད་པ་ནི་ལས་འགུལ་འདིའི་གཞི་རྒྱ་ལ་དཔག་པའི་ཤུགས་རྐྱེན་ཞིག་འབྱུང་རྒྱུ་ཡིན་མིན་དེ་ཡིན།

ལས་རིམ་འདི་ནི་དུས་མཚམས་ཧ་ཅང་གལ་ཆེན་ཞིག་ལ་འཁེལ་ཡོད་ནའང་འདི་ལ་དམིགས་བསལ་གྱི་དགོས་འདུན་མི་འདུག འདིའི་ཕུགས་ཀྱི་རེ་ལྟོས་ནི་ཨོ་ལིམ་པིག་མཇུག་སྒྲིལ་བ་དང་མཉམ་དུ་བོད་དོན་གྱི་དོ་སྣང་གཏན་དུ་མི་ཡལ་བའི་ཆེད་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་མུ་མཐུད་འཛིན་ཐབས་དང་། བོད་མིའི་ནང་ཁུལ་ལ་ལོ་འདིར་སྔར་མ་བྱུང་བའི་ཆིག་སྒྲིལ་དང་ཆོད་སེམས་ཅིག་བྱུང་བ་དེ་མི་ཉམས་པའི་ཆེད་དུ་ཡིན་པར་འདོད། འོན་ཀྱང་། ལས་འགུལ་འདིའི་དམིགས་ཡུལ་དང་དགེ་མཚན་བསྒྲགས་སྐབས་བཀའ་ཁྲི་མཆོག་གིས། བོད་རིགས་ཡོངས་ཀྱིས་ཡིད་དང་ངག་གི་འཚེ་བ་གཏན་སྤོངས་མ་ཐུབ་པའི་དབང་གིས་ང་ཚོའི་ད་བར་གྱི་འབད་རྩོལ་མཐའ་དག་ཟོ་ཆེན་གྱི་ཁྱུད་མོ་ལྟར་འཁོར་བ་ལས་ནུས་པ་ཐོན་ཏེ་དོན་དམ་གྱི་གྲུབ་འབྲས་ཐོབ་མེད། བོད་རིགས་ཡོངས་ལ་བོད་དོན་བདེན་མཐའ་གསལ་བའི་མངོན་འདོད་དང་ལྷག་བསམ་རྣམ་དག་ཞིག་ཡོད་ན་ང་ཚོའི་འཚེ་བ་མེད་པའི་ནུས་ཤུགས་འདི་གོང་མཐོར་གཏོང་དགོས། བོད་མི་རྣམས་ཀྱི་ཡིད་ཀྱི་འཚེ་བ་མངོན་གྱུར་བ་མགོ་ནོན་ཙམ་ཞིག་མ་བྱུང་གི་བར་བོད་དོན་བདེན་མཐའ་གསལ་རེ་ཤིན་ཏུ་དཀའ། ཞེས་གསུངས་ཡོད།

འོན་ཀྱང་། ང་ཚོར་ད་བར་གྲུབ་འབྲས་ཤིག་མ་བྱུང་བའི་སྐྱོན་སྣེ་རང་སྟེང་ལ་འདེད་ཀྱི་ཡོད་ཚེ། དེ་ནི་ང་ཚོས་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་ཞིག་སྤེལ་མ་ཐུབ་པ་དང་། ལས་འགུལ་དེ་དག་ལ་ཁ་ཡོད་ལག་ཡོད་ཀྱི་གསལ་བཤད་ཅིག་བྱེད་མ་ཐུབ་པའི་དབང་གིས་ཡིན་པར་འདོད། ཐེངས་འདིའི་ལས་འགུལ་ཡང་རང་བཞིན་དེ་ལས་མ་འདས་ཏེ། བཀའ་ཁྲི་མཆོག་གིས་བོད་མི་ཚོའི་སེམས་ཀྱི་འཚེ་བ་མངོན་གྱུར་བ་ཞིག་གསུང་གི་ཡོད་པ་དང་། བོད་དོན་ད་བར་དུ་སེལ་མ་ཐུབ་པ་དང་། མུ་མཐུད་སེལ་མི་ཐུབ་པའི་རྒྱུ་རྐྱེན་ཡང་འདི་ལ་ཐུག་ཡོད་སྐོར་དང་། ཐེངས་འདིའི་སྨྱུང་གནས་དང་གསོལ་སྨོན་གྱི་ལས་རིམ་འདི་བོད་མིའི་འཚེ་བ་མེད་པའི་ལས་འགུལ་གྱི་གོམ་རིམ་གསར་པ་ཞིག་གི་ནང་བསྐྱོད་རྒྱུའི་སྒོ་དབྱེ་ལྟ་བུ་ཞིག་ཏུ་འགྱུར་ཐུབ་རྒྱུའི་འབོད་སྐུལ་ཞུས་ཡོད།

དམངས་གཙོའི་མི་སེར་ལ་མེད་དུ་མི་རུང་བ་ནི་གནས་ཚུལ་ (Information) ཡིན། འདི་ནི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཁྱབ་འགྲོ་གི་རེད། དེ་ལས་ཀྱང་གལ་ཆེ་བ་ནི་གསལ་བཤད་ (explanation) ཡིན། མི་སེར་གྱིས་གནས་ཚུལ་འདི་དག་གསལ་བོ་ཞིག་རྟོགས་པའི་ཆེད་དུ་ཁ་གསལ་གཏིང་གསལ་གྱི་བསྒྲགས་གཏམ་སྤེལ་རྒྱུ་དང་། དུས་ནས་དུས་སུ་གཞུང་དང་འབྲེལ་ཡོད་ནས་གསལ་བཤད་བྱེད་དགོས་པ་རེད། འདི་ནི་ང་ཚོའི་སྤྱི་ཚོགས་ལ་འབྱོར་མེད་པའི་གཤིས་ཀ་དང་། ད་ལྟའི་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ཀྱི་ཞན་ཆ་དེ་ཡིན་པར་འདོད། དེར་བརྟེན་ཐེངས་འདིའི་ལས་འགུལ་ལའང་གཞི་རྒྱ་ལ་དཔག་པའི་གྲུབ་འབྲས་ཤིག་ཐོན་མིན་ནི་ཐེ་ཚོམ་གྱི་གཞི་ཡིན་ལ། ལྷག་པར་དུ་༧གོང་ས་མཆོག་སྨན་ཁང་ནས་སྙུང་གནས་ལ་བཞུགས་ཡོད་སྟབས། ལས་འགུལ་འདིར་ཤུགས་རྐྱེན་བཙན་པོ་དང་ཕུགས་རྒྱང་རིང་བོ་ཞིག་མེད་ཚེ་བསམ་ཞིབ་བྱེད་དགོས་པ་ཞིག་ཅི་ནས་ཀྱང་ཡིན་པར་འདོད།

རྗེས་ཕྱོགས་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་། མངོན་གསལ་དང་དངོས་ཡོད་ལ་བསྟུན་ནས་སྤེལ་རྒྱུ་དང་། དེའི་སྲིད་བྱུས་དང་བསྒྲགས་གཏམ་ཡང་བདེན་པ་དང་གནས་ལུགས་ལས་མ་འགོང་བ་ཞིག་དགོས་རྒྱུ་ནི་གནད་དམ་པ་རེད་སྙམ་མོ།།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese