མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལེགས་བཤད་སྐྱ་རེངས་གསར་པ།

བོད་ཀྱི་དུས་བབ།
༢༠༠༨/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

མཛད་པ་པོའི་རྣམ་ཐར་མདོར་བསྡུས།

ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ་༡༧༥༩ལོར་མདོ་སྨད་ཨ་ལག་ཤར་སོག་པོའི་རིགས་སུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་གཞོན་དུའི་དུས་ནས་རིག་པའི་གནས་རྣམས་སྦྱོང་བ་ལ་དོན་གཉེར་ལྷག་པར་ཆེ་བས་དཀའ་ངལ་བརྒྱ་ཕྲག་ཁྱད་དུ་བསད་ནས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། དབུ་ཕར་འདུལ་མཛོད་ཚད་མ་བཅས་ཀྱི་གཞུང་བཀའ་པོད་ལྔར་གནས་བསམ་ནན་སྨིན་མཛད། ལྷ་ལྡན་སྨོན་ལམ་ཆེན་མོར་དམ་བཅའ་བཞག་ནས་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། ཀློང་རྡོལ་བླ་མ་ངག་དབང་བློ་བཟང་དང༌། དཀའ་ཆེན་ཡེ་ཤེས་རྒྱལ་མཚན་སོགས་ལས་དབང་ལུང་མན་ངག་མང་དུ་ཞུས་ཤིང༌། ཁྱད་པར་དུ་ཀློང་རྡོལ་བླ་མ་ལས་ཐ་སྙད་རིག་གནས་སྐོར་ལ་གནས་སྦྱོང་དཔྱིས་ཕྱིན་པ་མཛད། དེ་ནས་རང་ཡུལ་ཨ་ལག་ཤའི་གཡོན་དགོན་མི་ཕམ་ཆོས་གླིང་དུ་ཕེབས་ནས་འཆད་རྩོད་རྩོམ་གསུམ་གྱི་དུས་འདའ་བར་མཛད། དགུང་ལོ་ང་གཅིག་ཏུ་ཕེབས་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྱོན་ཏེ་རྡོ་རམས་པ་ལྷ་ཞེ་ལས་ཁམས་སྡེ་དགེ་དཔལ་སྤུངས་ཀྱི་ཁྲིད་རྒྱུན་ལྟར་སྙན་ངག་ལེའུ་གསུམ་པོ་རྫོགས་པར་གསན་ཅིང་རྩོམ་རྒྱུགས་ཀྱང་ལེགས་པར་ཕུལ། དེ་ནས་པེ་ཅིང་ཡུང་དགོན་དུ་བྱོན་ནས་དད་ལྡན་སློབ་མ་རྣམས་ལ་ཆོས་ཀྱི་སྦྱིན་པ་ཅི་འདོད་བསྩལ། དགུང་ལོ་གྱ་གཅིག་པར་༼བློ་སྦྱོང་དོན་བདུན་མའི་གཏམ་ཐེག་མཆོག་ཉེ་ལམ༽བརྩམས། ཁོང་ནི་སོག་པོའི་རིགས་སུ་སྐུ་འཁྲུངས་ཀྱང་བོད་ཡུལ་དུ་ཐོས་བསམ་མཛད་ཅིང་བོད་ཀྱི་རིག་གནས་ཀུན་ལ་ཐུགས་དཔྱད་ཡུན་རིང་མཛད་པའི་རྐྱེན་གྱིས་བོད་ཀྱི་བརྡ་སྤྲོད་རིག་པ་དང་སྙན་ངག་སོགས་ས་མཁས་དབང་གོང་མ་རྣམས་ཀྱི་གསུང་རྩོམ་ལ་ཞིབ་བསྡུར་དང་དགག་སྒྲུབ་ཀྱི་སྒོ་ནས་ཚིག་ཉུང་ལ་དོན་འདུས་པ་མང་པོ་བརྩམས་ཡོད་པས་ཕྱི་རབས་བོད་ལ་མཛད་རྗེས་ཆེན་པོ་བཞག་ཡོད། ཁོང་གི་གསུང་རྩོམ་ནི་༼སུམ་རྟགས་འགྲེལ་བ་༽དང༌། ༼ཡི་གེའི་བཤད་པ༽། ༼བོད་ཀྱི་བརྡ་གསར་རྙིང་གི་ཁྱད་པར༽། ༼དག་ཡིག་གཅེས་བསྡུས༽། ༼སྙན་ངག་མེ་ལོང་གི་དཔེར་བརྗོད༽བཅས་ཆོས་ཚན་སུམ་ཅུ་སོབདུན་མཛད་ཡོད་པ་དེ་པོ་ཏི་གཉིས་སུ་བསྡུས་ཏེ་སྐུ་འབུམ་དགོན་དུ་ཤིང་པར་བརྐོས་ཡོད།
༄༅ ། །ཤིས་བརྗོད་ཀྱི་རྒྱན།རྒྱལ་ཀུན་འཕྲིན་ལས་མཛེས་སྡུག་ལྷ་མོ་ཡི། །རྣམ་པའི་གར་བསྒྱུར་རྗེ་བཙུན་སྒྲོལ་མ་དང༌། །གཉིས་མེད་ཀློང་རྡོལ་ངག་དབང་བློ་བཟང་ལ། །སྐྱབས་སུ་མཆེའི་ཀུན་ཏུ་ཤིས་གྱུར་ཅིག །ངོ་བསྟོད་ཀྱི་དཔེ།དུས་གསུམ་རྒྱལ་བ་མཚན་དཔེ་ཡོངས་སུ་རྫོགས། །བདག་གི་བཤེས་གཉེན་མགྲིན་པའི་མདུད་བཀྲོལ་ཙམ། །དེ་ལྟ་ན་ཡང་རྒྱལ་བ་ཀུན་དངོས་དང༌། །གཉིས་སུ་མེད་པར་ཤེས་ནས་དད་པས་བསྟེན། །ཡོངས་བརྗེས་ཀྱི་རྒྱན།ལུས་དང་ལོགས་སྤྱོད་དུས་གསུམ་དགེ་ཚོགས་སོགས། །བདག་ཅི་བདག་མཁྱེན་པའི་གཏེར་ལ་དབུལ། །དེས་ཀྱང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག །ལུས་པ་མེད་པར་འགྱངས་མིན་སྩོལད་ཅིག་གུ། ། ་་་་་་་་་་་་་ འཕྲོས་གཤམ་གྱི་འབྲེལ་ཐག་ལ་བསྣུན་ཏེ་གཟིགས་རོགས།

tibettimes.tibethosting.com/upload/articles/5.pdf

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༥ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༦ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༦ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese