མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྡེ་བའི་ཚོགས་འདུ།

བོད་ཀྱི་དུས་བབ།
༢༠༠༨/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོང་སྟག་རི་ལུ།

ཉིན་འདི་ཚོ་ནི་ཏག་ཏག་ལྷ་སའི་ཟིང་འཁྲུག་སྟེ ༣ ༡ ༤ དང་འབྲེལ་ནས་ས་ཕྱོགས་ཀུན་དུ་ཚོགས་འདུ་ཆེ་ཆུང་མང་པོ་བསྡུ་བཞིན་ཡོད་ལ། ཆེ་ས་ནས་རྒྱལ་ཁབ་ཕྱི་ནང་དང་ཆུང་ས་ནས་སྡེ་བ་དང་ཁྱིམ་མིའི་བར་ན་གླེང་གཞི་སྣ་ཚོགས་ཤིག་བརྗོད་དང་བརྗོད་བཞིན་པའི་སྒང་རེད། ཏན་ཏན། སྐབས་འདི་ལ་ང་ཚོའི་སྡེ་བའི་ཡང་བྲེལ་མྱུར་ངང་བརྡ་ཐོ་བཏང་སྟེ་ཁྱིམ་མི་གཅིག་ཀྱང་མ་ལུས་པར་ཚོགས་འདུ་ལ་ཞུགས་དགོས་པའི་བཀའ་ཕབས་བྱུང༌།

སྤྱིར་ན། ངེད་ཚང་ནི་རྫོང་ཐོག་ཏུ་གཏན་སྡོད་བྱས་ཡོད་མོད། ཁྱིམ་ཐོ་ད་དུང་སྡེ་བའི་ནང་དུ་ཡོད་པས་ང་རང་སྡེ་མི་ཕལ་བ་ཞིག་གི་ངོས་ནས་འཚོགས་འདུ་ལ་ཞུགས་པ་ཡིན། ཚོགས་འདུ་དེའི་དགོངས་དོན་གཙོ་བོ་ནི་ལྷ་སའི་ཟིང་འཁྲུག་དང་འབྲེལ་བའི་བདེ་འཇགས་ཡོང་དགོས་པ་གཙོ་བོར་བརྗོད་ཀྱིན་ཡོད་ལ། སྡེ་བ་རིམ་པའི་འགོ་ཁྲིད་ཀྱིས་སྔ་ཕྱིར་གཏམ་བཤད་རབ་དང་རིམ་པ་སྤེལ་བྱུང༌། དེ་དག་ལས་ཆེས་འབུར་དུ་ཐོན་པ་ནི་སྔོན་ཆད་སྡེ་དཔོན་གྱི་འགན་ཁུར་མྱོང་བའི་ཧྲུའུ་ཅི་རྒན་པ་དེའི་སྐད་ཆ་རེད། ཁོས་བཤད་དོན་ང་ཚོ་ནི་གུང་ཁྲན་ཏང་གིས་བསྐྱངས་པའི་མི་ཡིན་ལ། སྔོན་ཆད་ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུ་མེད་དུས་ཀྱང་གུང་ཁྲན་ཏང་གིས་ང་ཚོ་བསྐྱངས་པ་ རེད། དེང་སང་ཕྱི་རབས་པ་ཁ་ཤས་ཀྱིས་ངོ་ལོག་གི་ཟིང་འཁྲུག་སློང་བཞིན་པ་འདི་ རང་གིས་སྐྱིད་མ་ཆིག་པ་རེད། ང་ལ་མཚོན་ན། སྔོན་ཆད་ཡང་རང་འགུལ་གྱིས་ལག་པ་ཡར་བཀྱགས་ཏེ་གུང་ཁྲན་ཏང་ནང་དུ་ཞུགས་པ་ཡིན་ལ། ཕྱིན་ཆད་ཀྱང་བློ་གཅིག་སེམས་གཅིག་གིས་གུང་ཁྲན་ཏང་གི་ཕྱོགས་ནས་ཀ་ལངས་ལངས་བྱེད་ངེས་ཡིན་ཟེར། དེ་དང་བསྟུན་ནས། ཨ་ཡེ་མགོན་མེས་ཀྱང་ད་ལྟའི་བར་རྒྱ་མི་རིགས་ཀྱིས་ང་ཚོ་ཅིག་ གཅེས་མྱོང་ང་ར། ཕྱི་རབས་པ་འདི་ཚོ་ད་མིག་ཅིག་མེད་ཀི་ཟེར། དེ་ལྟར་སྡེ་བ་རིམ་པའི་ཚོགས་འདུའི་གཏམ་བཤད་དེ་ཡང་ཐོག་མར་སྡེ་དཔོན་གྱིས་མགོ་བརྩམས་ཤིང༌། རིམ་གྱིས་མང་ཚོགས་ཀྱི་སྟེང་ལ་བབས་དུས་གཏམ་བཤད་སྤེལ་མཁན་གཅིག་ལས་གཅིག་ལྷག་ལ། སྔོན་ཆད་སྡེ་བ་རིམ་པའི་དཔྱ་ཁྲལ་རབ་དང་རིམ་པ་མང་པོ་བསྡུ་དུས་ཀྱང་ཁ་རོག་གེར་ཁྲལ་མཇལ་མཁན་གྱི་སྡེ་མི་ཁ་མི་གྲགས་པ་ཚོས་ཀྱང་ཉིན་འདིར།  ཏཱ་ལའི་བླ་མ་དང་ཏཱ་ལའི་ཚོགས་ཁག་ཟེར་ནས་རྐང་བའི་ས་རྒྱག་མཁན་དང་མ་ཁ་སོ་འདེབས་མཁན་ཡང་གཅིག་ལས་གཅིག་ལྷག་པ་མ་ཟད། ངར་ཤུགས་ཆེན་པོའི་སྒོ་ནས་ཏཱ་ལའི་ཚོགས་ཁག་ལ་ངོ་རྒོལ་དྲག་པོ་གཏོང་དགོས་ཟེར། དེ་ལྟར་ང་ཚོས་གཞན་ལ་སྡིག་དམོད་རྐྱང་རྐྱང་དང་འཐབ་རྩོད་ཆུང་ཆུང་ཞིག་གི་ཁྲོད་ནས་ཚོགས་འདུ་དེ་མཇུག་སྒྲིལ་སོང་ལ། ཚོགས་འདུ་དེར་ཞུགས་རྗེས་ངས་ང་ཚོའི་སྡེ་བ་དང་ང་ཚོའི་ཕ་ཡུལ་ནི་ནམ་ཡང་རང་ཉིད་བོར་ནས་སྔོན་ཐོན་ལ་བསྙེགས་མཁན་ཞིག་དང་སྔོན་ ཐོན་གྱི་ཁྲོད་དུ་འཚང་མཁན་ཤ་སྟག་ཞིག་ཡིན་པ་རྟོགས་ལ། མི་འགྱངས་བར། ང་ཚོའི་སྡེ་བ་ལ་ཡང་བྱེ་དང་འབྲས་སོགས་ཀྱི་དགའ་རྟགས་མང་པོ་ཡོད་པ་མ་ཟད། དར་དམར་དམར་པོ་ཞིག་གི་སྟེང་དུ་སྔོན་ཐོན་སྡེ་བ་བྲིས་ཏེ་ཁོ་ཚོ་ལ་འབུལ་ཁོ་ཐག་ཡིན་ལ། ཁོ་ཚོས་ཀྱང་དར་དམར་དེ་རང་གི་སྲོག་བཞིན་བཀུར་ནས་ཡ་གིའི་ཆོས་ཁང་གི་གོང་དུ་འགེལ་བ་ང་ལ་འང་ཡིད་ཆེས་བརྟན་པོ་ཡོད་དོ།།

༢༠༠༨༣།༢༠ ཉིན། ༼བོད་འབྱོར་རྩོམ་ཡིག རྩོམ་པ་པོའི་རེ་འདོད་ལྟར་མིང་རང་འཇགས་བཞག་ཡོད།༽

འབྲེལ་ཡོད་གསར་འགྱུར།

Front Slider

༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཐུགས་དགོངས་དང་དེའི་གལ་གནད་སྐོར་ལ་གླེང་མོལ།

༢༠༢༥/༠༧/༢༦
Mobile App

དྷ་ས་ཁུལ་གྱི་ཁང་རྙིང་དག་ལ་ཀ་བ་ཡོད་མེད་སོགས་ཞིབ་འཇུག་གནང་གལ་ཆེ་སྐོར་བརྗོད་སོང་།

༢༠༢༥/༠༧/༢༥
༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

བོད་ནང་དུས་ལོག་བྱུང་སྐབས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས།

༢༠༢༥/༠༧/༢༥
དྲ་འབུས་སིམ་འཛུལ་བྱས་པའི་བོད་ཀྱི་ཐེབས་རྩའི་དྲ་རྒྱ།
Mobile App

གོ་སྟོན་སྐབས་མཉེན་ཆས་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིར་འཇབ་རྒོལ་བྱས་ཡོད།

༢༠༢༥/༠༧/༢༥
Newcastle Lord Mayor Ross Kerridge and Chinese Consul General Wang Yu.
Mobile App

རྒྱ་ནག་གཞུང་ཚབ་པས་གནས་མཁར་གསར་གྱི་བོད་མི་དང་ཐའེ་ཝན་གྱི་མི་མང་ལ་རོགས་རམ་གནང་རྒྱུ་མེད་པའི་ངན་སྐུལ་བྱས།

༢༠༢༥/༠༧/༢༥
Mobile App

བོད་མི་མང་སྤྱི་འཐུས་ཁག་ཅིག་ཞུ་གཏུག་བྱས་པའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་བྱས་སོང་།

༢༠༢༥/༠༧/༢༥

མཆན། 1

  1. གནས་ཚང་། says:
    ལོ་ 17 སྔོན།

    རི་ལུར་གུས་བཀུར་ཡོད། ཡིན་ནའང་། ཚང་མས་ཁོང་གི་བདེ་འཇགས་ལ་དོ་ཁུར་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese