མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ལོ་དོན་གྲུབ་མཆོག་མཉམ་བཀའ་མོལ།

བོད་ཀྱི་དུས་བབ།
༢༠༠༨/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp


༼ངས་བཀའ་བློན་སྦུག་ནས་ཁྱེད་རང་ཚོའི་ཚགས་པར་ཀློག་གི་ཡོད། ཡིན་ནའང་རྟག་པར་ཀློག་ཐུབ་གི་མི་འདུག ལས་ཀ་ཡག་པོ་རེད། ཁྱེད་རང་ཚོ་ཡོད་སར་ཅིག་བཅར་དགོས་བསམ་བསྡད་ཡོད།༽ སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ཕྱི་ཚེས་ ༢༧ ཉིན་གྱི་ཕྱི་དྲོ་བོད་ཀྱི་དུས་བབ་གསར་ཁང་དུ་ཕེབས་ཏེ་འདི་ལྟར་བཀའ་མོལ་གནང་བྱུང་།

༼ང་ཚོས་སྔོན་མ་བོད་མིའི་རང་དབང་གསར་ཤོག་བཏོན་པ་རེད། སྐབས་དེར་ཚགས་པར་ཆིག་སྟོང་ལྔ་བརྒྱ་ཞིག་དཔར་གི་ཡོད་པ་རེད། ཡིན་ནའང་དངུལ་རག་གི་ཡོད་པ་མ་རེད། ལས་ཀ་འདི་དཀའ་ལས་ཁག་པོ་ཡོད་པ་རེད། ༽ ཅེས་ཁོང་རྣམ་པ་ཐོག་མར་རྒྱ་གར་དུ་འབྱོར་རྗེས་བོད་མིའི་རང་དབང་གསར་ཤོག་ཐོག་མར་བཏོན་སྐབས་ཀྱི་ཉམས་མྱོང་སྐོར་ཡང་གསུངས་བྱུང་།

བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས་གཙོ་བོ་ད་ལྟའི་བོད་ཀྱི་འཐབ་རྩོད་ཀྱི་རྒྱུ་རྐྱེན་དང་རྒྱབ་ལྗོངས། ད་ལྟའི་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་བཅས་ཕྱོགས་ཡོངས་ནས་བཀའ་མོལ་གནང་ཞིང་། ལྷག་པར་དུ་ད་ཆར་ཁོང་ཉིད་དགུང་ལོ་ ༨༠ ཕེབས་ཡོད་སྟབས་ད་ནི་ད་བར་ཞལ་མ་གསང་བར་ཉར་བའི་གནད་དོན་དེ་ཚོ་མ་བཤད་ན་ནམ་ཞིག་ལ་འགྲོ་དགོས་པ་ཤེས་ཐུབ་པ་ཡོད་པ་མ་རེད་གསུངས། ༼གཤིན་རྗེ་ཆོས་རྒྱལ་ཟེར་བ་ཞིག་ཡོད་པ་རེད་ཟེར། ཁོས་ང་སྐད་གཏོང་གི་འདུག༽ ཁོང་གིས་ལས་བྱེད་ཚོར་འདི་ལྟར་སྐུ་རྩེད་གནང་།

ཁོང་གིས་ད་ལྟའི་བོད་ཀྱི་འཐབ་རྩོད་ཀྱི་ཐད་ནས་གསུངས་དོན། ༼དབུ་མའི་ལམ་ལ་ཁྱེད་ཚོས་གོ་བ་ཅི་འདྲ་ཞིག་ལེན་གི་ཡོད་མེད་མི་ཤེས་ཏེ། ངས་ནི་དེ་གཉིས་ཕན་ལ་གོ་གི་ཡོད། གཉིས་ཕན་ཞེས་པ་འདི་ལས་སླ་བོ་ཞིག་མ་རེད། ཡིན་ནའང་སོ་སོའི་ཐོབ་ཐང་གློད་གི་ཡོད་པ་མ་རེད། གཉིས་ཕན་ལབ་དུས་ཕན་ཚུན་སྐད་ཆ་བཤད་ནས་འགྲིག་དགོས་གི་ཡོད་དུས། ཡར་འཛེགས་མར་འབབ་ཡོད་གི་རེད། ༽ཅེས་ལམ་དབུ་མ་ནི་དགོངས་པ་བཞེས་ཕྱོགས་ཤིག་ཡིན་པ་ལས་མཐའ་གཅིག་ཏུ་འགྱུར་དུ་མེད་པའི་ཆབ་སྲིད་ཀྱི་དགོས་འདུན་ལྟ་བུ་ཞིག་མིན་ཚུལ་གསུངས་པ་དང་། ཡིན་ནའང་ཁོང་ཉིད་ནས་དམིགས་བསལ་རང་བཙན་དང་རང་སྐྱོང་གི་ལངས་ཕྱོགས་གསུང་གི་མེད་པར། རང་དབང་དང་བོད་མི་རིགས་ཀྱི་ཐོབ་ཐང་གསུང་གི་ཡོད་ཅེས་གསུངས་བྱུང་།

ཡང་ཁོང་གིས། ད་ཆར་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གི་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་ཀྱི་འོག་ནས་བོད་མིའི་རྩ་དོན་རྩོད་བཞིན་པའི་ཐད། ༼ཁ་སང་བཀའ་ཤག་བ་བཅར་བ་ཡིན། ངས་ཁོང་ཚོར་ཁྱེད་ཚོས་མི་རིགས་ས་གནས་རང་སྐྱོང་ཞེས་པ་དེ་ཡག་པོ་ཞིག་མཁྱེན་གི་ཡོད་དམ་ཅེས་དྲིས་པ་ཡིན། མཁྱེན་གི་མི་འདུག མི་རིགས་ས་གནས་རང་སྐྱོང་ཞེས་པ་དེ་གུང་ཁྲན་ཏང་གི་སྒྱུ་འཕྲུལ་རེད། དེ་ལ་མགོ་འཁོར་རྒྱུ་ཡོད་པ་མ་རེད། རྒྱ་མིས་ཞགས་པ་ཞིག་བཙུགས་པ་དེའི་ནང་ཡིན་གཅིག་མིན་གཅིག་འཛུལ་དགོས་དོན་ཡོད་པ་མ་རེད་པཱ། ཅེས་གསུངས།

གཞན་ཡང་ཁོང་གིས་ལོ་མཇུག་འདིའི་ཚོགས་ཆེན་དེར་རྒྱལ་བ་རིན་པོ་ཆེས་བོད་མི་གང་མང་མང་ཞིག་འཛོམས་ནས་གོ་བསྡུར་ཅིག་གནང་རྒྱུའི་ཐུགས་རེ་བཅངས་ཡོད་པ་རེད་དེ། བཀའ་སྤྱི་གཉིས་ནས་ད་ཆར་འདི་ལ་ཁོ་རང་ཚོས་གྲོས་ཆོད་འདྲ་བོ་ཞིག་བཞག ཚོགས་ཞུགས་བྱེད་མཁན་ཚོར་མིའི་གྲངས་ཀ་འདྲ་བ་ཞིག་གཏན་འབེབས་བྱས་འདུག འདི་འདྲ་བྱེད་རྒྱུ་ཡོད་པ་མ་རེད། མི་མང་པོ་འཛོམས་དགོས་པ་རེད། ནམ་རྒྱུན་བོད་དོན་ཐོག་སྐད་ཆ་བཤད་མཁན་དང་ཤེས་ཡོན་ཅན། སེམས་ཤུགས་ཅན་ཚང་མ་དང་བླངས་གིས་ཕེབས་འཇུག་དགོས་པ་རེད། ཕེབས་རོགས་ཞེས་ཞུ་དགོས་པ་རེད། མི་འདི་འདྲའི་མང་པོ་ཞིག་ལ་བཀའ་ཤག་གིས་འགྲོ་སོང་དགོས་ན་ཐུགས་ཁག་ཡོད་པ་མ་རེད། དངུལ་ཡོད་པ་མ་རེད། ༽ཅེས་དང་། འདིའི་ཐད་ད་དུང་ཚོགས་ཆེན་རྒྱ་ཆེ་རུ་གཏོང་དགོས་སྐོར་ཞུ་རྒྱུ་བྱུང་ཞེས་གསུངས་བྱུང་།

ཁོང་གིས་ད་ལྟའི་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ནུས་ཤུགས་སྐོར་ལ་གསུངས་དོན། ༼མི་ཞིག་ལ་བླ་གསུམ་ཡོད་པ་རེད་ཟེར། ངས་བླ་གཅིག་ཤེས་གི་ཡོད། ༡༩༤༩ ལོ་ནས་ ༡༩༧༩ ལོའི་བར་གྱི་ལོ་ ༣༠ རིང་རྒྱ་མིས་བོད་མི་ཚོ་གང་བྱུང་གིས་བསད་ནས་གཏུབས་ཏེ་བོད་མི་རིགས་ཀྱི་བླ་མེད་པ་བཟོས་འདུག ཞེད་ནས་བླ་མི་འདུག ད་ནི་བླ་འདི་གསོ་དགོས་པ་རེད། ཅེས་གསུངས་སོགས་གསུངས་བྱུང་།

ཐེངས་འདིར་སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཟུར་པ་རྣམ་པ་དང་མཉམ་དུ་ཉིན་ ༧ རིང་བོད་ཀྱི་རྩ་དོན་དང་འབྲེལ་བའི་བཀའ་མོལ་གནང་བ་དང་། དེ་རྗེས་རྒྱལ་བ་རིན་པོ་ཆེར་མཇལ་ཁ་ཞུས་པ་དང་། བཀའ་ཤག་ནས་བཀའ་བློན་རྣམ་པ་ཚོར་མཇལ་འཕྲད། བཞུགས་སྒར་ཁུལ་གྱིགཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་བཅར་ཏེ་བཀའ་མོལ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

སྐར་མ ༢༨ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

ཆུ་ཚོད་ ༢༣ སྔོན་ལ།
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་།

༢༠༢༦/༠༣/༢༧
ttttt
Mobile App

བསྐལ་བའི་མེ་འཕྲིན་དམར་པོའི་སྙན་དེབ་དབུ་འབྱེད་དང་བགྲོ་གླེང་འཚོགས།

༢༠༢༦/༠༣/༢༦
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

༢༠༢༦/༠༣/༢༥

མཆན། 1

  1. འབྲོག་རུ་ཆོས་གྲགས། says:
    ལོ་ 18 སྔོན།

    དངོས་ཡོད་ཀྱི་ཕྱོགས་སུ་ལངས་ནས་བཤད་ན་དེའདྲ་ཅིག་རེད། དྲང་བདེན་གྱི་ལམ་ཁ་དེད་ནས་སོང་ན་དེ་འདྲ་ཅིག་རེད། སྐུུ་ངོ་རྒྱལ་ལོ་མཆོག་གིས་གསུང་བའི་ཚིག་དུམ་ཁ་ཤས་དེས་ནམ་ཡང་བསམ་གཞིག་ལྕི་མོ་ཞིག་གི་དུར་ཁྲོད་ན་རེ་སྨོན་སྟོང་ཕྲུག་ཅིག་གི་སྣེ་ལ་འཇུས་པའི་བློ་ཁ་འདིར་མཁའ་དབུགས་གསར་བ་ཞིག་རྔུབ་ཀྱི་བཅུག་སོང༌། ཡིན་ན་འང་བློ་ཕམ་པ་ཞིག་ལ་ཁོང་དགུང་ལོ་རྒན་པ་མ་ཟད་ད་དུང་བོད་གཞུང་གི་དོན་དག་ལ་ཁ་གྲགས་ཀྱང་དབང་ཡོད་པ་མ་རེད་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese