མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་མང་ཚོགས་ཆེན་བསུ་བ།

བོད་ཀྱི་དུས་བབ།
༢༠༠༨/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

འཇིགས་མེད་ཚེ་རིང༌།

སུན་ཀྲུང་ཧྲན་གྱི་ལྕགས་ཕག་ལོའི་གསར་བརྗེ་ལྟ་བུའི་ཚ་ཚ་འུར་འུར་ཅན་གྱི་ལས་འགུལ་ལོ་རྒྱུས་ཀྱི་གོ་ཐོས་ཀྱིས་ང་ལ་རྒྱུན་པར་འཚུབ་ཆ་རེ་སྤྲོད་ཀྱིན་ཡོད་པ་དང༌། “ལུང་ཤར་ལུགས་བསྒྱུར” གྱི་གསར་བརྗེའི་དམིགས་ཡུལ་ལ་ངོས་ཟིན་ཐོབ་མིན་ལ་མ་བལྟས་པར་ལོ་ངོ་དུ་མའི་སྔོན་ནས་ཞེན་ཁོག་ཆེ་ཙམ་ཡོད། ཡིན་ནའང༌། ད་ནི་དེ་ལས་གྱུར་ཏེ་ལོ་རྒྱུས་སྨྲ་བའི་བཤད་སྟབས་དེ་ལ་ཧ་ཅང་ངོ་མཚར་གྱི་ལྟ་ཚུལ་འཛིན་གྱི་ཡོད། གང་ཡིན་ཟེར་ན། ངས་རང་དང་འབྲེལ་བ་ཡོད་པའི་ལོ་ངོ་བཞི་བཅུ་ཞེ་དགུའི་རིང་གི་འུར་ཟིང་ཆེ་བའི་ཁ་དབྱངས་ལ་ཕྱིར་རྟོག་བྱེད་ཀྱིན་ཡོད་ཅིང༌། དེའི་ཁྲོད་དུ་བོད་མི་དཀྱུས་མིའི་རིགས་སུ་སྐྱེས་པ་སྲིད་སྟེགས་མཐོ་ཤས་སུ་འགྱིང་བའི་ལོ་རྒྱུས་ལེགས་བཅོས་ཀྱི་རྣམ་པ་དེའང་ཚོར་བྱུང༌། རྣམ་པ་འདི་ཡི་རྐྱེན་གྱིས་མི་མང་ལ་ཐོབ་ཐང་ཞིག་རེག་ཡོད། ཐོབ་ཐང་དེ་ལ་བརྟེན་པའི་ངོས་འཛིན་ལྟ་ཚུལ་ནི་”ཆབ་སྲིད་ལྟ་ཚུལ་གྱིས་ཐོབ་ཐང་བེད་སྤྱོད་བྱེད་པ་”དང༌། “མི་སྣའི་འབྲེལ་ལམ་གྱིས་ཐོབ་ཐང་བེད་སྤྱོད་བྱེད་པ་”གཉིས་སུ་དབྱེ་ཆོག ངའི་བསམ་པར་ཆབ་སྲིད་ལངས་ཕྱོགས་མ་འདྲ་བའི་ཁྲོད་གཅིག་ལ་མི་དམངས་ཀྱིས་རྒྱབ་སྐྱོར་ཐོབ་པ་ནི་རང་རེའི་གནས་ཚུལ་ལ་བལྟས་ན་བཟོད་བསྲན་བྱེད་དགོས་པའི་ངེས་བ་མེད་ཅིང༌། དེ་སྔོན་ཆབ་སྲིད་རྩ་དོན་བརྗེ་བསྒྱུར་སྐབས་བཙན་བྱོལ་བའི་སྤྱི་ཚོགས་ཤིག་ལྷིང་འཇགས་ཀྱིས་གནས་བ་ནི་ཟང་ཟིང་མི་འདོད་པའི་རིག་གནས་ཤིག་ཉམས་ལེན་བྱས་པ་མིན་ན་ཡིད་ཚིམ་ཐུབ་པ་ཞིག་མིན། ལྟ་ཚུལ་འདི་ཡི་ངོས་ནས་རང་རེའི་སྤྱི་ཚོགས་ཁྲོད་ཆབ་སྲིད་ཀྱི་ལངས་ཕྱོགས་གཉིས་སམ། ཡང་ན་དུ་མ་ཡོད་པར་ངོས་འཛིན་གནང་མཁན་ཡོད་ཀྱང༌། དེ་ནི་ཆབ་སྲིད་ལངས་ཕྱོགས་ཤིག་ཡིན་པ་དང༌། ལངས་ཕྱོགས་བཟོ་བར་ཁྱབ་བསྒྲགས་བྱས་པ་ཞིག་ཡིན་པ་གཉིས་ལས་ཕྱི་མར་ཤུགས་ཆེ་ཞིང༌། མང་གཙོ་སྨྲ་བ་ཚོས་ལྷག་པར་དེ་ལྟར་མཐོང་བར་བརྗོད་ཐུབ། གནད་དོན་འདི་ཅུང་ཙམ་སྤྲོས་པ་བྱས་ན། མང་མོས་ཀྱིས་ཐག་གཅོད་གནང་བའི་”མི་རིགས་ས་གནས་རང་སྐྱོང་”གི་ལངས་ཕྱོགས་ལ་ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༨ ནས་དམིགས་བསལ་གྱིས་བསམ་གཞིགས་བྱེད་ཡུལ་ཡིན་ཆོག་ནའང༌། བོད་མི་མང་ཆེ་བའི་སེམས་སུ་ཞེན་ཁོག་གི་ངར་ཤུགས་ལས་མཐོང་དཀའ། འདི་དང་འདྲ་བར་གཞོན་ནུའི་ལངས་ཕྱོགས་དེའང་མི་མང་གི་ཚོར་ཤུགས་སྤེལ་བའི་བྱེད་ཐབས་ལྟ་བུར་གྱུར་ཡོད་པ་ལས་གཞན་ཁྱབ་བསྒྲགས་ཀྱི་ནུས་པ་གཙོར་འདོན་བྱས་པ་དེ་ནི་གཞོན་ནུ་ལྷན་ཚོགས་ཀྱི་ལོ་ངོ་བཞི་བཅུ་ལྷག་གི་ལངས་ཕྱོགས་སུ་མཐོང་ཐུབ།

ང་ཚོས་བོད་རིགས་གཞོན་ནུ་ལྷན་ཚོགས་དང་རྒྱའི་གསར་ཤོག་<<ན་གཞོན་གསར་བ>> གཉིས་ཀྱི་ལངས་ཕྱོགས་ལ་བསྡུར་བ་བྱས་ཚེ་<<ན་གཞོན་གསར་བ་>> ནི་གཞོན་ལྷན་དང་མི་འདྲ་བར་”མི་སྒེར་གྱི་བསམ་བློའིསྤུས་ཚད་”ལ་དོ་སྣང་དང་སྐུལ་མ་གཏོང་གི་ཡོད་པ་དང༌། འདི་ལ་གདེང་འཇོག་བྱེད་མཁན་རྣམས་ཀྱིས་དམངས་བྱིངས་སམ་སྤྱི་ཚོགས་ཀྱི་བསམ་བློའི་སྤུས་ཚད་མཐོར་འདེགས་ཀྱི་ཕྱོགས་ལ་པེ་ཅིན་སློབ་ཆེན་ལས་ཀྱང་ནུས་པ་ཐོན་པར་ངོས་འཛིན་གནང་མཁན་བྱུང་མྱོང་འདུག བོད་རིགས་མང་ཆེ་ཤོས་ནི་སྤྱི་ཚོགས་ཀྱི་བསམ་སྤྱོད་ལ་བརྟེན་པ་ལས་མི་སྒེར་རེ་རེའི་གནས་ཚུལ་ཧ་ཅང་སྐྱོ་བོ་ཡིན་པ་མ་ཟད། དེ་ལས་ཀྱང་མང་པོར་ཆབ་སྲིད་གནད་དོན་གྱི་ཕྱོགས་ལ་རང་ཉིད་ཀྱི་བསམ་ཚུལ་མེད་པའི་ཉེན་ཁ་ཡོད། ཡིན་ནའང༌། རང་རེས་མི་སྒེར་གྱི་”བསམ་བློའི་འཕེལ་འགྱུར་”ལ་གཙིགས་ཆེན་བྱེད་པ་འཐུས་ཚང་མིན་ལ་སྤྱི་ཚོགས་ཀྱི་རྒྱུན་གཤིས་ངོས་སུའང་མིའི་”མིའི་ཤེས་རབ་ཀྱི་རང་དབང་”ཆ་ཚང་གཙོ་སྐྱོང་བྱེད་ཐུབ་པའི་མཐུན་རྐྱེན་ཧ་ཅང་ཁེགས། བོད་ཀྱི་གཉན་འཕྲང་གི་དུས་ཚོད་ནི་འདི་ལྟ་བུ་ལ་ངོས་འཛིན་དགོས། འོན་ཀྱང་འདིའི་ཐད་བསམ་བློ་གཏོང་ས་གཞན་ཞིག་ཡོད་པ་ད་ལོའི་”གསུམ་གཅིག་བཞིའི་རང་དབང་ལས་འགུལ་”གྱི་སྔ་ཕྱིའི་བྱུང་བ་ཡིན། གསུམ་གཅིག་བཞིའི་རང་དབང་ལས་འགུལ་གྱི་བརྗིད་ཉམས་ཡུན་གྱིས་ལྷིང་འཇགས་སུ་སོང་ཞིང༌། རྒྱལ་སྤྱིའི་མཚན་མཐོང་ཅན་གྱི་མི་སྣ་དང་གསར་འགྱུང་བརྒྱུད་ལམ་ཁག་གིས་བོད་དོན་ལ་ཁ་དབྱངས་བསྒྲགས་རྗེས་ཟུར་ལྟ་བྱེད་ཀྱིན་པའི་སྐབས་འདིར། བཙན་བྱོལ་བོད་མིའི་མི་མང་ཚོགས་ཆེན་ཞིག་བསྡུ་རྒྱུ་ཐག་བཅད་པ་འདི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཆེན་པོ་ཞིག་ཏུ་འགྱུར་ཐུབ་མིན་དང༌། ཆབ་སྲིད་ལངས་ཕྱོགས་ཀྱི་དབྱེ་མཚམས་ཤིག་ཏུ་ཐག་གཅོད་གནང་རྒྱུ་ཡིན་མིན་ཐད་འབྲེལ་བ་ཡོད་པ་ཞིག་རེད། གལ་སྲིད་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ལ་ཚོད་དཔག་བྱས་ཏེ་ཆབ་སྲིད་ལངས་ཕྱོགས་ལ་འགྱུར་བ་བཏང་ཚེ་བོད་རྒྱ་ཞི་མོལ་ཐེངས་བརྒྱད་ཀྱི་ཉམས་མྱོང་དང༌། བཀའ་ཤག་གི་མི་རིགས་ས་གནས་རང་སྐྱོང་གི་སྲིད་བྱུས་ཚན་རིག་བློས་གཏོང་གིས་ལོ་རྒྱུས་ཀྱི་དུམ་མཚམས་འདི་མཇུག་སྒྲིལ་རྒྱུ་དེ་རེད།

འུ་ཚོས་ལོ་རྒྱུས་དུམ་མཚམས་འདི་མཇུག་བསྡུས་ཏེ། ཧུའུ་ཅིན་ཐའོ་རྒྱ་གར་སྲིད་བློན་དང་མཇལ་འཕྲད་སྐབས་ས་མཚམས་ཀྱི་གནད་དོན་ཐད་ལ་ཕྱོགས་གཉིས་ཀའི་དབུ་མའི་ལམ་ཞིག་འདེམས་དགོས་པའི་དགོངས་འཆར་གནང་བ་བོད་རྒྱའི་གནད་དོན་ཐད་ཚུར་ལེན་ཐུབ་པ་བྱུང་ན། རང་བཙན་ལངས་ཕྱོགས་ཀྱི་ཐོག་ནས་”ཕར་སྤྲོད་ཚུར་ལེན་”བྱེད་དམ། མི་རིགས་ས་གནས་རང་སྐྱོང་གི་གླེང་གཞིའི་སྟེང་ནས་བོད་རྒྱ་གཉིས་མོས་ཀྱི་དབུ་མའི་ལམ་ཞིག་འདེམས། བཙན་བྱོལ་བོད་གཞུང་གི་”དབུ་མའི་ལམ་གྱི་སྲིད་བྱུས་”ནི་ཕྱི་སྲིད་དང་རྒྱལ་སྲུང་དོར་ཞིང༌། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་མི་རིགས་ས་གནས་རང་སྐྱོང་གི་མངོན་འདོད་བརྗོད་དེ་ཀྲུང་གོའི་སྤྱི་དམངས་ཀྱི་ཐོབ་ཐང་ལྟ་བུ་ཞིག་བརྗོད་ཀྱི་ཡོད་པ་དང༌། གཞོན་ལྷན་གྱི་རང་བཙན་ལྟ་བ་དེར་ཡང་ཤར་གླིང་ཨེ་ཤ་ཡར་ཟུར་དོད་ཀྱི་རྣམ་པ་གསལ་བའི་རྒྱལ་ཁབ་ཅིག་གླེང་བའི་འགྲེལ་བཤད་གསལ་བོ་ཡོང་ཐུབ་མེད།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སི་ཊ་སི་སྦག་གི་གྲོས་འཆར་བཏོན་ནས་ལོ་གསུམ་གྱི་རྗེས་སུ་ཕྱི་སྲིད་དང་རྒྱལ་སྲུང་ལ་རྒྱ་ནག་གིས་བལྟ་རྒྱུ་ཞེས་པ་དེ་གུ་ཡངས་ཤོར་བ་དང༌། དེ་ལ་བསྒྱུར་བཅོས་གཏོང་རྒྱུའི་དུས་ཚོད་རན་པོ་ཡིན་པའི་དགོངས་བཞེས་གནང་ཡོད་པ་དང༌། བོད་རྒྱ་གཉིས་རང་དབང་ཐོབ་ཐང་འདྲ་མཉམ་ཡོད་པའི་ཐོག་ནས་སྤྱིའི་ཐུན་མོང་གི་ཁེ་ཕན་དོན་དུ་ཐུན་མོང་མ་ཡིན་པའི་མཉམ་འབྲེལ་གྱི་དབུ་མའི་ལམ་ཞིག་འཛིན་པའི་དགོངས་བཞེས་གནང་མྱོང༌། འདི་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་ཛ་དྲག་ཆེ་བའི་ལོ་རྒྱུས་ཀྱི་སྐྱོ་གནས་ནས་འདྲ་མཉམ་གྱི་སྤྱི་མཐུན་རྒྱལ་ཚོགས་ཤིག་ཏུ་གྲུབ་པའི་ཐུན་མོང་གི་ཁེ་ཕན་ལ་ལྟ་ཚུལ་དང༌། འཛམ་གླིང་ཆབ་སྲིད་ཀྱི་གནས་སྟངས་གཅིག་ལ་གཅིག་བརྟེན་གྱི་གནས་བབ་ལ་མིག་དཔེ་ལྟ་དགོས་ཚུལ་གྱི་དགོངས་བཞེད་ལའང་ཧ་ཅང་འབྲེལ་བ་ཆེའོ།།
མྱུར་འཕྲིན་ཁ་བྱང༌། reepa1111@yahoo.co.in ཁ་པར་ཨང༌། 9816952613

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. འབྲོག་རུ་ཆོས་གྲགས། says:
    ལོ་ 18 སྔོན།

    གྲོགས་རས་པ་ལགས་ཀྱིས་ལོ་རྒྱུས་ཀྱི་ངོས་ནས་བསམ་ཚུལ་ཡག་པོ་བྲིས་འདུག ཡིན་ན་འང༌། ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་ངོས་ནས་བལྟས་ན་ཧ་ཅང་གྀ་མག་མོག་ཅིག་རེད། གང་ལ་ཞེས་ན། མ་གཞི་བོད་དོན་འདི་རྒྱལ་སྤྱིའི་ཚོང་རྫས་ཤིག་ཏུ་འགྱུར་འདུག མ་གཞི་བཤད་ན་ད་ཐེངས་ཀྱི་ཚོགས་འདུ་འདི་གལ་ཆེན་ཞིང་མཁོ་ཆེ་བ་ཞིག་རེད། ཡིན་ན་འང་ཏན་ཏན་འདི་མག་མོག་ཅིག་གི་འགྲོ་གི་རེད།

    Reply
  2. གནས་ཚང་། says:
    ལོ་ 18 སྔོན།

    ཚོགས་ཆེན་འདིའི་ཐོག་ནས་དོན་དག་གཉིས་གསལ་བོ་བཟོ་དགོས་ཀྱི་འདུག
    ༡ དབུ་མའི་ལམ་གྱི་དགོས་འདུན་ནང་རང་ཐག་རང་གཅོད་ཚུད་ཀྱི་ཡོད་པ་གསལ་བོ་བཟོ་དགོས། དཔེར་ན། ཏྰ་ལའི་བླ་མས་ཀྱང་བོད་དོན་གྱི་མཐའ་མའི་ཐག་གཅོད་བོད་མི་དམངས་ལ་ཡོད་ཅེས་དུས་རྒྱུན་གསུངས་ཡོད།
    ༢ དམིགས་བསལ་སྐུ་ཚབ་ལ་བོད་དབྱིན་རྒྱ་གསུམ་སྨྲ་ཞིང་། སྲིད་དོན་ལ་བྱང་ཆ་དོད་པ་ཞིག་བསྐོ་པའམ། ཡང་ན། བོད་རྒྱ་གཉིས་ཀར་ཐུགས་རྒྱུས་ཡོད་མཁན་འབྲོང་ཆུང་དངོས་གྲུབ་བམ། བཀྲ་ཤིས་དབང་འདུས་ལྟ་བུ་ཞིག་གི་ཕྱག་རོགས་སུ་བོད་དབྱིན་རྒྱ་གསུམ་སྨྲ་ཞིང་། སྲིད་དོན་ལ་བྱང་ཆ་དོད་པ་ཞིག་བསྐོ་འོས། དེ་ལས་ལྡོག་ན། མིག་སྔའི་སྐུ་ཚབ་ཀྱིས་འབྲས་བུ་ཕར་ཞོག་གོ་བརྡའང་འཕྲོད་ཡོད་པ་མ་རེད།

    ཚང་མ་ལོས་བགྲོ་གླེང་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese