མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝན་ཅ་པའོ་ཡིས་ཏཱ་ལའེ་བླ་མར་ཐུག་རྒྱུར་དཀའ་ངལ་མི་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༠༨/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཛར་ཁ་རི་ཡ། ངས་ཁྱེད་ལ་འབྱུང་སྲིད་པའི་གྲོས་མོལ་གཞན་ཞིག་དྲིས་ན་འགྲིག་གི་ཡོད་དམ། ཏཱ་ལའི་བླ་མས་ད་ནི་རྒྱ་ནག་གིས་བོད་ནང་དབང་སྒྱུར་བྱེད་པར་ངོས་ལེན་བྱེད་འདོད་ཡོད་པ་འདྲ། ཁོང་གིས་བོད་ནང་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ལག་བསྟར་བྱེད་པར་ངོས་ལེན་བྱེད་གི་ཡོད་པ་དང་བོད་ལ་ཕྱིར་རིག་གཞུང་གི་རང་སྐྱོང་ཞིག་དང་ཆབ་སྲིད་ཀྱི་རང་སྐྱོང་ཚད་ངེས་ཅན་ཞིག་གི་དགོས་འདུན་འདོན་གྱི་ཡོད་པ་རེད། རྒྱ་ནག་གཞུང་དང་བོད་མིའི་བར་གྱི་གྲོས་མོལ་དེ་རིམ་པ་དམའ་མོ་ཞིག་ལ་བསྡད་ཡོད་པ་རེད། ཁྱེད་དང་སྲིད་འཛིན་ཧུའུ་ཅིན་ཐའོ་གཉིས་ཀྱི་སུ་རུང་ནས་ཏཱ་ལའི་བླ་མ་མཉམ་དུ་ཐད་ཀའི་བཀའ་མོལ་གནང་སྟེ་གནད་དོན་འདི་སེལ་བ་ཡིན་ན་རྒྱ་ནག་མི་དམངས་སྤྱི་དང་རྒྱ་ནག་འོག་གི་བོད་མི་རིགས་ཀྱི་ཁེ་ཕན་ཡིན་སྟབས། ག་རེ་བྱས་ནས་ཁྱེད་ཀྱིས་གནད་དོན་དེ་དང་དུ་བླངས་ཏེ་རང་ཉིད་ཀྱི་དབང་ཤུགས་དང་གྲོས་མོལ་གྱི་བྱང་ཆ་དེ་བེད་སྤྱོད་མི་གཏོང་བ་ཡིན།


ཝན་ཅ་པའོ། སྤྱིར་བཏང་གི་གོ་བའི་ཐོག་ནས་ཞུས་ན་ཏཱ་ལའེ་བླ་མ་དང་ང་ཚོའི་བར་གྱི་གནད་དོན་ནི་མི་རིགས་དང་ཆོས་ལུགས། རིག་གཞུང་བཅས་ཀྱི་གནད་དོན་མིན། དེ་ནི་རྒྱལ་ཁབ་གཅིག་གྱུར་གྱི་སྲུང་སྐྱོབ་ལ་འབྲེལ་བ་དང་། ཡང་ན། རྒྱལ་ཁབ་ཅིག་ཁ་བྲལ་དུ་གཏོང་ཐབས་བྱེད་དུ་འཇུག་པའི་གཞི་རྩའི་གནད་དོན་ཆེན་པོ་ཞིག་ཡིན། ང་ཚོས་ངེས་པར་དུ་ཏཱ་ལའེ་མཉམ་དུ་རྩེ་གཉིས་ཅན་གྱི་འབྲེལ་བ་ཞིག་འཛིན་དགོས་པ་རེད། ཕྱོགས་གཅིག་ནས། ཏཱ་ལའེ་ནི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཡིན་པ་ནི་བདེན་པ་རེད། ཁོས་བོད་མངའ་ཁུལ་དུ་ཤུགས་རྐྱེན་ངེས་ཅན་ཞིག་བཟུང་ཡོད་ལ། ལྷག་པར་དུ་ནང་ཆོས་ལ་དད་པ་ཡོད་མཁན་གྱི་མངའ་ཁུལ་དག་གི་ནང་རེད། དེ་བཞིན་གཞན་ཞིག་ནས། ང་ཚོས་ཁོ་ཆོས་ལུགས་ཀྱི་མི་སྣ་རང་ག་བ་ཞིག་མིན་པ་ངེས་པར་དུ་ཤེས་དགོས་པ་རེད། ཏཱ་ལའེ་བླ་མས་བཙུགས་པའི་བཙན་བྱོལ་གཞུང་ཟེར་བ་དེས་ཆོས་ལུགས་མི་སྣའི་དབང་སྒྱུར་གྱི་ལམ་ལུགས་ཤིག་ལག་བསྟར་བྱེད་ཀྱི་ཡོད་པ་རེད། བཙན་བྱོལ་གཞུང་ཟེར་བ་དེ་ཚོའི་དམིགས་ཡུལ་ནི་བོད་འདི་རྒྱ་ནག་ནས་ཁ་བྲལ་ཏུ་གཏོང་ཐབས་དེ་རེད།

འཛམ་གླིང་གི་ས་ཆ་གང་སར། ཏཱ་ལའེ་བླ་མས་བོད་ཆེན་པོའི་མངའ་ཁུལ་ལ་རང་སྐྱོང་ཞིག་འཛུགས་རྒྱུའི་བསམ་ཚུལ་དེ་ཁྱབ་སྤེལ་བྱེད་གི་ཡོད་པ་རེད། དོན་ངོ་མས། ཁོས་རང་སྐྱོང་ཞིག་འཚོལ་བཞིན་པ་དེའི་དམིགས་ཡུལ་ནི་ཆབ་སྲིད་ཀྱི་ནང་དུ་ཆོས་ལུགས་ཀྱི་ཇུས་གཏོགས་འཁྱེར་ཡོང་རྒྱུ་དེ་རེད། ཁོ་ཚོས་བོད་ཆེན་པོ་ཟེར་བའི་མངའ་ཁུལ་དེ་མེས་རྒྱལ་ནས་ཁ་བྲལ་ལ་གཏོང་དགོས་ཀྱི་ཡོད་པ་རེད། ཨ་རིའི་ནང་གི་མི་མང་པོ་ཞིག་གིས་བོད་ཆེན་པོ་ཞེས་པ་དེའི་ཆེ་ལོས་གང་འདྲ་ཞིག་ཡིན་མིན་ཤེས་གི་ཡོད་པ་མ་རེད། ཏཱ་ལའེ་བླ་མས་བཤད་ཀྱིན་པའི་བོད་ཆེན་པོ་ཞེས་པ་དེའི་ནང་དུ་དོན་ངོ་མར་བོད་དང་སི་ཁྲོན། ཡུན་ནན། མཚོ་སྔོན། ཀན་སུའུ་བཅས་ཞིང་ཆེན་ལྔ་ཚུད་ཀྱི་ཡོད་པ་རེད། བོད་ཆེན་པོ་ཞེས་པའི་ས་ཆ་འདི་དག་གིས་རྒྱ་ནག་གི་ས་ཁྱོན་སྤྱིའི་བཞི་ཆ་གཅིག་ཟིན་གི་ཡོད་པ་རེད།

ལོ་རབས་འདི་དག་གི་རིང་། ང་ཚོས་ཏཱ་ལའེ་བླ་མར་བཟུང་བའི་སྲིད་བྱུས་ལ་འགྱུར་བ་མེད་པར་བསྡད་ཡོད། དེ་ནི་ཏཱ་ལའེ་བླ་མས་བོད་ནི་རྒྱ་ནག་གི་ས་ཁྱོན་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་འདོད་ཡོད་པ་དང་། ཏཱ་ལའེ་བླ་མས་ཁ་བྲལ་གྱི་ལས་འགུལ་མཐའ་དག་མཚམས་འཇོག་བྱས་པ་ཡིན་ན། ང་ཚོས་ཁོང་དང་ཡང་ན། ཁོང་གི་སྐུ་ཚབ་ཚོའི་མཉམ་དུ་འབྲེལ་བ་འཛིན་རྒྱུའི་འདོད་པ་ཡོད།

ད་ནི་ང་ཚོའི་གྲོས་མོལ་ལ་གྲུབ་འབྲས་ཐོན་མིན་གྱི་གནད་འགག་དེ་ཁ་ཞེ་གཉིས་མེད་ཡིན་མིན་ལ་ཐུག་ཡོད། སྔོན་མ་ ༡༩༥༠ ང་གྲངས་ཀྱི་བོད་ཀྱི་དོན་རྐྱེན་དེའི་རྗེས་ནས། དབུས་གཞུང་གི་མགོ་ཁྲིད་མཐོ་ཤོས་སྐུ་ཞབས་ཏིན་ཞོ་ཕིན་ཡང་ཏཱ་ལའེ་བླ་མའི་སྐུ་ཚབ་ལ་ཐུག་པ་རེད།

དེར་བརྟེན་ང་ཏཱ་ལའེ་བླ་མར་ཐུག་ཐུབ་མིན་ཐད་ངས་ནི་དཀའ་ངལ་ཞིག་ཡོད་པ་རེད་འདོད་གི་མེད། གནད་དོན་ངོ་མ་ནི་འདི་ལྟའི་འབྲེལ་བ་དང་གྲོས་མོལ་གྱི་ནུས་པ་ལ་ཐུག་ཡོད་པ་རེད།

ང་ཚོའི་རེ་བ་ལ་ཁོས་ལས་ཀ་ངོ་མ་བརྩམ་སྟེ་ལྷག་བསམ་རྣམ་དག་ཡིན་པ་སྟོན་དགོས་ལ། འགག་འདི་གཏོར་དགོས་པ་རེད།

ཛར་ཀ་རི་ཡ། ཏཱ་ལའེ་བླ་མས་རང་ཉིད་ལྷག་བསམ་རྣམ་དག་ཡིན་པ་སྟོན་པ་ལ་ཁོང་གི་ལས་ཀ་གང་འདྲ་ཞིག་ཁྱེད་ཀྱིས་མཐོང་འདོད་ཡོད་དམ།

ཝན་ཅ་པའོ། དོན་ངོ་མས་བཤད་ན། ངས་འདི་གསལ་བོ་བཟོས་ཚར་ཡོད། ང་ཚོས་ཏཱ་ལའེ་བླ་མ་ཚུད་པའི་མི་སྒེར་བ་སུ་འདྲ་ཞིག་ལ་བརྟག་སྐབས། ང་ཚོས་ག་རེ་ཡིན་མིན་ཁོ་ན་དང་ག་རེ་བཤད་གི་ཡོད་མེད་ཙམ་ལ་བལྟ་རྒྱུ་ཡོད་པ་མ་རེད། ཁོས་ག་རེ་སྒྲུབ་གི་འདུག་དེ་ལའང་ལྟ་དགོས་པ་རེད།

ཁོའི་ལྷག་བསམ་རྣམ་དག་ཡིན་མིན་ནི་ཁོས་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་བྱས་ཡོད་མེད་ལས་ཤེས་དགོས་པ་རེད།

ཛར་ཁ་རི་ཡ། དེ་ནས་ཁྱོད་ཁོང་ལ་ཐུག་གི་ཡིན་ནམ།

ཝན་ཅ་པའོ། སྐབས་དེ་དུས། བྱ་བ་ཚང་མ་གནས་ཚུལ་གྱི་འཕེལ་རིམ་ལ་རག་ལས་གི་རེད། གྲོས་མོལ་མུ་མཐུད་དུ་འགྲོ་བ་ནི་ཨ་ཅང་ཅང་། གྲོས་མོལ་རིམ་གྱིས་སོང་བ་དང་བསྟུན། ང་ཚོས་གྲོས་མོལ་གྱི་རིམ་པ་ཡང་མཐོར་འདེགས་བྱེད་པར་བསམ་བློ་གཏོང་ཆོག་གི་རེད།

གོང་གསལ་དྲི་བ་དྲིས་ལན་འདི་དག་ནི་ཕྱི་ཚེས་ ༢༣ ཉིན་ CNN གྱི་གསར་འགོད་པ་ཛར་ཁ་རི་ཡས་རྒྱ་ནག་གི་སྲིད་བློན་ཝན་ཅ་པའོ་ལ་བཅར་འདྲི་བྱས་པ་ལས་བོད་དོན་སྐོར་གྱི་དྲི་བ་དྲིས་ལན་ཟུར་འདོན་གྱིས་བཀོད་པ་ཡིན། དྲི་བ་དྲིས་ལན་འདི་ཕྱི་ཚེས་ ༢༨ ཉིན་ཡོངས་ཁྱབ་ཀྱིས་འགྲེམ་སྟོན་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

མགོན་པོ་སྐྱིད་ལགས་ཀྱི་སྒལ་ཚིགས་ལ་ཆག་སྐྱོན་བྱུང་ནས་ལུས་པོ་ཡོངས་འགུལ་སྐྱོད་མི་ཐུབ་པར་གྱུར་ཡོད་འདུག

ཆུ་ཚོད་ ༡༠ སྔོན་ལ།
Shanghai Cooperation Organization (SCO) Summit in Tianjin on August 31, 2025. (Photo by Alexander KAZAKOV / POOL / AFP)
Mobile App

རྒྱ་གར་གྱི་སྲིད་བློན་མུ་དྷི་ལོ་ངོ་བདུན་གྱི་རྗེས་ནས་རྒྱ་ནག་ཏུ་ཕེབས། 

ཆུ་ཚོད་ ༡༤ སྔོན་ལ།
Front Slider

བོང་སྟག་སྟག་ལྷ་རྒྱལ་ལགས་ཀྱིས་བརྩམས་པའི་དམར་པོའི་རླབས་ཀྱིས་བསྣུབས་པའི་ཕ་ས་ཞེས་པའི་དཔེ་དེབ་སྐོར་ལ་བཅར་འདྲི།

༢༠༢༥/༠༨/༣༠
tibettimes
Mobile App

གོ་སྟོན་སོགས་ཀྱི་གནས་ཚུལ་རིགས་ལ་བཀག་སྡོམ་ནན་པོ་དགོས་པའི་དོན་ཚན་བརྒྱད་ཅན་གྱི་ཡིག་ཆ་ཞིག་བཏོན་འདུག

༢༠༢༥/༠༨/༢༩
སྲིད་སྐྱོང་མཆོག་གིས་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་གསུང་བཤད་གནང་། ༢༠༢༥།༠༨།༢༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གི་དྷ་རམ་ས་ལ་སོགས་ཧི་མ་ཅལ་ནང་གཞུང་འབྲེལ་གཟིགས་སྐོར་གྲུབ་ཀྱི་ཡོད་འདུག

༢༠༢༥/༠༨/༢༩
North Korean leader Kim and   Chinese leader Xi  in Pyongyang, DPRK, June 20, 2019. (Xinhua/Ju Peng)
Mobile App

ཀེམ་ཇུང་ཨན་རྒྱ་ནག་ཏུ་འགྲོ་འཆར། 

༢༠༢༥/༠༨/༢༩

མཆན། 21

  1. དམར་ཁ་ཚ། says:
    ལོ་ 17 སྔོན།

    དྲ་ངོགས་ཀྱི་གྲོགས་པོ་རྣམ་པར་ཞུ་རྒྱུ། ཝན་ཅ་པོས་བེད་སྤྱོད་བྱེད་བཞིན་པའི་བོད་དང་བོད་ཆེན་པོ་ཞེས་པ་འདི་རྒྱ་ནག་གི་ཆབ་སྲིད་འོག་བྱུང་བའི་ཐ་སྙད་ཅིག་ཡིན་ནམ། ཡང་ན། རང་རེའི་བོད་ཀྱི་ལོ་རྒྱུས་ལས་བྱུང་བ་ཞིག་ཡིན། གཞན་ཡང་དགེ་ཆོས་གསུང་འབུམ་ལས་བོད་དང་བོད་ཆེན་པོ་ཞེས་པ་དང་། ཝན་གྱིས་བཤད་པའི་བོད་དང་བོད་ཆེན་པོ་གཉིས་ལ་ཁྱད་པར་འདྲ་ཡོད་དམ། འུ་ཚོས་ཐ་སྙད་འདི་བེད་སྤྱོད་བྱས་ན་སྐྱོན་འདྲ་ཡོད་དམ། ཁོ་བོས་ཤེས་ལྡན་པ་ཞིག་གི་ལན་ལ་སྒུག་ངེས།

    Reply
  2. ལྷ་་སྤྱན་གསུམ་པ says:
    ལོ་ 17 སྔོན།

    གྲོགས་པོ་ཚོ། གང་ལྟར་གྱང་དེ་ལ་ང་ཚོས་ཞིབ་འཇུག་བྱེད་ཀྱིན་ཡོད་རེད། དེས་ན་ང་ཚོ་ནམ་ཡང་ཝན་ཅ་པོ་ཡི་གཡོ་འོག་ལ་མི་འགྲོ་བ་བྱེད་དགོས་པ་དེ་ཁྱོད་དང་ང་ཚོ་ཚང་མ་ལ་འགན་ཡོད་འདུག ཡིན་ན་ཡང་ང་རང་ལོ་ན་མཐོ་བའི་ད་མང་པོ་འགོར་ས་མ་རེ། དེས་ན་ཁྱེད་ཚོ་གཞོན་སྐྱེས་ཚོས་ངའི་ཚབ་ཏུ་བོད་མི་རིགས་ལ་སོ་བ་བྱེད་དགོས།

    Reply
  3. བར་དོ་བ། says:
    ལོ་ 17 སྔོན།

    འདི་ཚང་མ་སྐྱག་རྫུན་རེད་ཟེར་བ་བདེན་པ་འུ་ཡིན་ན།

    Reply
  4. གངས་རྡེའུ། says:
    ལོ་ 17 སྔོན།

    འདི་ཚང་མ་སྐྱག་རྫུན་རེད། རྒྱ་ནག་གི་སྐྱག་རྫུན་ལ་སུ་ཞིག་གིས་བདེན་ཁ་འཛིན་ཐུབ།

    Reply
  5. ཀླུ་མཁར་བྱམས། says:
    ལོ་ 17 སྔོན།

    རྒྱ་རྒན་འདིས་ཏཱ་ལའེ་བླ་མར་འབྲེལ་བ་རྩེ་གཉིས་མ་ཞིག་བཟུང་ཡོད་ལབ་པ་ནང་བཞིན། ཁོ་རང་གི་སྐད་ཆ་འདི་ཡང་གོ་བ་རྩེ་གཉིས་མ་ཞིག་རེད་འདུག་ལ། གོ་བ་དང་པོ་ནི་ང་ཏཱ་ལའེ་བླ་མར་ཐུག་ཆོག་གི་རེད་འདྲ་བོ་བརྗོད་ནས་ང་ཚོར་བསླུ་བྲིད་རང་བཞིན་གྱི་རེ་བ་ཞིག་བཟོ་ཁུལ་བྱེད་པ་དང་། དོན་དངོས་ཐོག་བཙན་བྱོལ་བོད་གཞུང་སྒོ་རྒྱག་དགོས་པ་རེད། དེ་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་གཙོ་བོ་རེད་ཟེར་བའི་ངམ་གནག་གི་ཆ་འདི་གཉིས་ཚང་ཡོད་པ་རེད། དེའི་སྟབས་ཀྱིས་ས་འདི་ན་འུ་ཚོར་རེ་བ་རྒྱག་ས་ཞིག་ཡོད་ནི་མ་རེད།

    Reply
  6. ཡོན་བྷེ། says:
    ལོ་ 17 སྔོན།

    དགོངས་དག་ ༼ གསུངས་པ་བཞིན་གཡོ་འཕྲུལ་ལ་མགོ་མ་འཁོར་ན་རེད་ ༽་ ཅེས་ནོར་བཅོས་ཡོང་བར་ཞུ།

    Reply
  7. ཡོན་བྷེ། says:
    ལོ་ 17 སྔོན།

    ཝན་ཅ་པོ་ཡི་དྲིས་ལན་འདི་འདྲ་ཞིག་མི་འདེབས་རང་འདེབས་རེད་བསམ། ཁོས་གཏམ་ལན་འདིས་ཅི་ཞིག་གསལ་བོ་བཟོས་འདུག་མིན་གསལ་ཐག་ཆོད་རེད། ར྄ྒྱ་ནག་གཞུང་གིས་བཙན་བྱོལ་གཞུང་དང་༸གོང་ས་མཆོག་ལ་ཁག་ས྄ྤྲི་ཇི་འདྲ་ཞིག་བྱེད་ཀྱི་འདུག་འདི་ལ་བལ྄ྟས་ན་ཡང་མི་ཤེས་ར྄ྒྱུ་ཆེར་མི་འདུག་ ད་ང་ཚོས་ར྄ྒྱ་ལོས་གསུངས་པ་གཡོ་འཕྲུལ་ལ་མགོ་འཁོར་ན་རེད། དེ་ལས་ཐབས་ལམ་གཞན་ཞིག་དང་སྲིད་ཇུས་གཞན་ཞིག་གི་མགོ་ར྄ྩོམ་རན་མི་འདུག་གམ།?

    Reply
  8. གནས་ཚང་། says:
    ལོ་ 17 སྔོན།

    བརྒྱ་བཤད་སྟོང་བཤད་གཅིག་ཏུ་བསྡུས་ན། བོད་དོན་ཐག་གཅོད་བྱེད་འདུན་མེད་པ་གསལ་བོ་རེད། མ་གཞི་བྱུང་རབས་སམ་ཆིག་སྒྲིལ་སོགས་ཁ་གཡར་ས་ཙམ་ལས་དོན་ངོ་མར་བོད་འདི་དམར་ཤོག་སྲིད་དབང་རྒྱུན་མཐུད་ཀྱི་ལག་ཆར་གྱུར་ཡོད་ལ། ནུབ་ཕྱོགས་པས་ཀྱང་དོན་དག་དེ་ཧ་གོ་ནས་དངུལ་དངོས་བསྡུ་བྱེད་ཀྱི་གཡང་མདར་མཐོང་ཡོད། དེ་བས། བོད་མི་ཚོས་དོན་དག་འདི་དག་ཕྱི་ལ་འགྲེལ་བའམ་ཐད་ཀར་ཁོ་ཚོའི་སར་ནས་ཁེ་བཟང་འདི་དང་གན་དགོས་ཀྱི་ཡོད་ཅེས་ལབ་ཐུབ་པ་ཡིན་ན། བོད་དོན་སེལ་བར་ཕན་ཐོགས་ལས་གནོད་པ་མེད། ཡིན་ནའང་། ཆོག་མེད་རིང་ལུགས་པ་ཚོས་སོ་སོ་ལས་བོད་ལ་བསམ་བློ་གཏོང་གི་མ་རེད། འདི་ནང་གཏམ་ཡིན། བོད་མི་ཚོས་ཤེས་དགོས་པའང་འདི་ཡིན།

    Reply
  9. འོད་དཀར། says:
    ལོ་ 17 སྔོན།

    ༼ལོ་རབས་འདི་དག་གི་རིང་། ང་ཚོས་ཏཱ་ལའི་བླ་མར་བཟུང་བའི་སྲིད་བྱུས་ལ་འགྱུར་བ་མེད་པར་བསྡད་ཡོད། ༽ ཞེས་པ་འདིས་སྐུ་ཚབ་ཀྱི་གྲོས་མོལ་བྱུང་མེད་པའི་རྣམ་པ་སྟོན་གྱི་འདུག ༸གོང་ས་མཆོག་གིས་དབུ་མའི་ལམ་ནས་བོད་ཀྱི་གནད་དོན་སེལ་ཆེད་རང་སྐྱོང་བདམས་པ་ཡིན་ཡང་རྒྱ་ནག་ལ་འགྱུར་བ་མེད་པར་ཁ་བྲལ་བརྗོད་ཀྱི་ཡོད་པ་རེད། ཁོ་ཚོས་བོད་རང་སྐྱོང་ཁ་བྲལ་ལ་ངོས་འཛིན་བྱེད་ཀྱི་ཡོད་ན་ཞི་མོལ་མེད་པ་གསལ་བོ་རེད། ཡང་ཁོས། ༼ཁོས་ག་རེ་སྒྲུབ་གི་འདུག་དེ་ལའང་ལྟ་དགོས་པ་རེད།༽ ཞེས་པས་དགོས་མེད་སྐྱོན་བརྗོད་དང་འཛམ་གླིང་མི་དམངས་གིས་ཁོང་ཤེས་ཀྱི་མི་འདུག་ཞེས་པའི་མཚན་སྨད་བཏང་པ་རེད། ཝིན་གྱི་སྐད་ཆ་འདི་དག་ལས་ནམ་ཡང་ཞི་མོལ་ཡོང་ཐབས་མེད་པ་གསལ་བོ་རེད།

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ངས་བཤད་ཀྱིན་པའང་དེ་རེད། ཝན་གྱི་སྐད་ཆར་བལྟས་ན་ད་སྐབས་རྒྱ་ནག་གཞུང་གིས་ཀྱང་ལོ་རྒྱུས་ཀྱི་ལྟ་ཕྱོགས་ཞེས་པ་ནི་སྒུལ་དུ་མེད་པ་ཞིག་ཡིན་པ་ཤེས་ཏེ་ས་ཁོངས་ཞེས་པ་འདི་སྤྱོད་མགོ་བརྩམས་པ་མིན་འགྲོ། ཝན་གྱིས་ཐེངས་འདིར་ནན་ཏན་གྱིས་སྡིག་གིན་པ་ནི་ཆོལ་གསུལ་ཆིག་སྒྲིལ་ཞེས་པ་དེ་རེད། ཁོས་ཏཱ་ལའེ་བླ་མ་ལྷག་བསམ་རྣམ་དག་ཡིན་མིན་ལ་ལྟ་སའང་འདི་ཡིན་པར་སྟོན་གི་ཡོད་པ་རེད་སྙམ།

    Reply
  11. ལྕགས་རྒྱ་འགྲམ་ནག says:
    ལོ་ 17 སྔོན།

    ཁོ་ཚོས་བོད་ནི་རྒྱ་ནག་གི་མངའ་ཁོངས་ལས་ཁ་བྲལ་དུ་མི་རུང་བ་ཞིག་ཡིན་པ་ཁས་མི་ལེན་པར་བོད་ཆེན་པོ་རང་སྐྱོང་གི་རེ་བ་འདོན་གྱི་འདུག་ཅེས་བཤད་སྟངས་དེའི་ཐོག་ནས་གོང་གི་ལུང་རིགས་རྒྱལ་གྱི་སྐད་ཆ་དེ་གསལ་བོ་ཆགས་ཐུབ་ལ། འདི་ལྟར་བལྟས་ཡོང་དུས་བོད་རྒྱ་གཉིས་ཀྱི་བར་ན། གཙོ་བོ་ལོ་རྒྱུས་དང་ས་ཁོངས་ཀྱི་བཅད་མཚམས་ཀྱི་ཐོག་ན་དཀའ་ངལ་འཕྲད་བསྡད་ཡོད་པ་གསལ་བོ་རེད།

    Reply
  12. ལྕགས་རྒྱ་འགྲམ་ནག says:
    ལོ་ 17 སྔོན།

    ད་ལམ་བཀའ་ཤག་གི་གསུང་འཕྲིན་ནང༌། བོད་རྒྱའི་དབར་འགལ་ཟླ་གཙོ་ཆེ་བ། ༡༽བྱུང་རབས་ལ་ལྟ་ཕྱོགས་དང༌། ༢༽བོད་རིགས་ཆིག་སྒྲིལ་སྐོར་ཡིན་ཞེས་འཁོད་པ་ལྟར།

    བྱུང་རབས་ཀྱི་ལྟ་ཕྱོགས་ཟེར་བ་དེ་ནི་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་མིན་གྱི་སྐད་ཆ་དེ་རེད། དེ་ལ་རྒྱལ་བ་ཚང་གིས་ངས་ལོ་རྒྱུས་ལ་འགྱུར་བ་གཏོང་ཐུབ་ཀྱི་མ་རེད་ཅེས་བཤད་ཡོད།

    གཉིས་པ་ནི་བོད་རིགས་ཆིག་སྒྲིལ་གྱི་སྐོར་ལ། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་སྡེ་ཚན་གྱི་འགན་འཛིན་ཏུང་ཡུན་ཧུའུ་ཡིས་ད་ལོའི་སྤྱི་ཟླ་༧ ཚེས་༡༦ ཉིན་འདི་ལྟར་བཤད་ཡོད།

    ཏཱ་ལའི་བླ་མའི་སྐུ་ཚབ་ཀྱི་ཆབ་སྲིད་ལངས་ཕྱོགས་དེ་གྲོས་མོལ་སྐབས་གསལ་བོ་བྱུང་སོང༌། དེ་ནི་ཀྲུང་གོ་སྲིད་གཞུང་གི་ལངས་ཕྱོགས་དང་རྦད་དེ་རྒྱབ་འགལ་རེད། ཁོ་ཚོས་བོད་ནི་རྒྱ་ནག་གི་མངའ་ཁོངས་ལས་ཁ་བྲལ་དུ་མི་རུང་བ་ཞིག་ཡིན་པ་ཁས་མི་ལེན་པར་བོད་ཆེན་པོ་རང་སྐྱོང་གི་རེ་བ་འདོན་གྱི་འདུག

    འདིའི་གོ་དོན་ནི་ཏཱ་ལའི་བླ་མས་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཡོངས་སུ་རྫོགས་པ་དབང་སྒྱུར་དགོས་པ་དང༌། དེ་ཀྲུང་གོའི་༼ས་ཁོངས་༽བཞི་ཆ་གཅིག་ཡིན་པ་དང༌། རྒྱ་རིགས་རྣམས་ས་ཆ་དེ་ནས་ཕྱི་སྤོ་བྱེད་དགོས་ཀྱི་ཡོད། འདི་ནི་རྒྱ་ནག་གིས་ཁས་ལེན་ཐབས་མེད་པའི་ལངས་ཕྱོགས་ཡིན་ཞེས་གསལ་འདུག

    Reply
  13. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ངས་ཝན་གྱི་སྐད་ཆའི་ནང་ནས་ཚིག་གསར་པ་ཞིག་ཚོར་བ་ནི། བོད་ནི་རྒྱ་ནག་གི་ས་ཁོངས་ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཅེས་པ་འདི་རེད། ས་ཁོངས་ཞེས་པ་འདི་སྔོན་མ་རྒྱ་ནག་གི་དཔོན་པོ་ཚོས་བཤད་ཀྱི་མེད་པ་འདྲ། འདིས་བོད་ནི་ལོ་རྒྱུས་ཐོག་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཅེས་པའི་ལོ་རྒྱུས་ཀྱི་རྩོད་རྙོག་དེ་བཞག་སྟེ། ད་སྐབས་བོད་ནི་རྒྱ་ནག་གི་ས་ཁོངས་ནས་ཁ་བྲལ་མི་ཆོག་ལ། མ་འོངས་པར་ཡང་བོད་འདི་རྒྱ་ནག་གི་ས་ཁོངས་ནས་ཁ་བྲལ་ཐབས་མེད་པའི་སྐོར་བཤད་པ་འདྲ་ཞིག་ཏུ་གོ་སོང་། ས་ཁོངས་ཞེས་པ་འདི་སྔོན་མ་རྒྱ་གར་གྱི་སྲིད་བློན་ཝའེ་ཇི་བྷ་ཡེ་ལགས་པེ་ཅིན་དུ་ཕྱིན་ནས་རྒྱ་དཀར་ནག་གཉིས་ཀྱི་མཉམ་འབྲེལ་བསྒྲགས་གཏམ་སྤེལ་སྐབས་ཀྱང་འདི་འདྲ་ཞིག་བཤད་ཡོད་པ་འདྲ། བོད་མི་རྣམས་དང་རྒྱ་གར་གྱི་སྲིད་དོན་པ་ཚོས་ཝའེ་ཇི་བྷ་ཡེས་བོད་རྒྱ་ནག་ལ་བཙོང་སོང་ཞེས་སྐད་བརྒྱབས་པ་དང་། རྗེས་སོར་ཟམ་གདོང་རིན་པོ་ཆེས་སྐབས་དེའི་བསྒྲགས་གཏམ་ནང་དུ་ས་ཁོངས་ཞེས་པ་འདི་སྤྱད་ཡོད་སྟབས། བོད་ནི་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཚུལ་བཤད་མེད་སྟབས། ཁོང་གིས་བོད་བཙོང་ཡོད་པ་མ་རེད་ཅེས་གསལ་བཤད་བྱས་ཡོད་ཚོད་ཡིན། འདི་ངས་གནས་ཚུལ་ཡག་པོ་ཞིག་རེད་ལབ་གི་མེད། འོན་ཀྱང་སྐད་ཆ་གསར་པ་ཞིག་ཡིན་པར་འདོད་པས་དཔྱད་གཞི་ལ་བཞག་ན་འགྲིག་པར་འདོད་ཡོད།

    Reply
  14. ལྕགས་རྒྱ་འགྲམ་ནག says:
    ལོ་ 17 སྔོན།

    གསར་འགོད་པའི་དྲི་བ་ལས་ཝིན་གྱི་དྲིས་ལན་ལ་དབྱེ་ཞིབ་བྱས་ན་མི་བཟང་ངམ། ཝིན་གྱིས་ ཏཱ་ལའེ་བླ་མས་ཁ་བྲལ་གྱི་ལས་འགུལ་མཐའ་དག་མཚམས་འཇོག་བྱས་པ་ཡིན་ན། ང་ཚོས་ཁོང་དང་མཉམ་དུ་འབྲེལ་བ་འཛིན་རྒྱུའི་འདོད་པ་ཡོད་ཅེས་བཤད་པ་འདིའི་ནང་གི་ཁ་བྲལ་གྱི་ལས་འགུལ་ཟེར་བ་འདི་ཅི་འདྲ་ཞིག་ལ་ངོས་འཛིན་དགོས་སམ། ཝིན་གྱིས་ཏཱ་ལའི་བླ་མ་ལྷག་བསམ་རྣམ་དག་ཡིན་མིན་ནི་ཁོས་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་བྱས་ཡོད་མེད་ལས་ཤེས་དགོས་པ་རེད་ཅེས་བཤད་ཡོད།

    ཝིན་གྱིས་ཁ་བྲལ་ཞེས་པ་འདི་ལ་རྒྱ་སྐད་ཀྱི་ཚིག་ཅི་ཞིག་བེད་སྤྱད་བྱས་ཡོད་དམ། དེ་ནས་དེ་དབྱིན་ཡིག་ཏུ་ཚིག་ཅི་ཞིག་གི་ཐོག་ལ་ཕབ་ཡོད་དམ། ཝིན་གྱིས་ཁོ་ཚོས་བོད་ཆེན་པོ་ཟེར་བའི་མངའ་ཁུལ་དེ་མེས་རྒྱལ་ནས་ཁ་བྲལ་ལ་གཏོང་དགོས་ཀྱི་ཡོད་པ་རེད། བོད་ཆེན་པོ་ཞེས་པའི་ས་ཆ་འདི་དག་གིས་རྒྱ་ནག་གི་ས་ཁྱོན་སྤྱིའི་བཞི་ཆ་གཅིག་ཟིན་གི་ཡོད་པ་རེད། ཅེས་བོད་ཆོལ་ཁ་གསུམ་གཅིག་སྒྲིལ་ཟེར་བའི་སྐད་ཆ་འདི་མེས་རྒྱལ་ཁ་བྲལ་དུ་བརྩི་གི་ཡོད། ཁྱོད་ཚོས་རྒྱ་རི་ཡི་སྐད་ཆར་ཉོན་དང་ཁོས་བོད་ཆོལ་ཁ་གསུམ་ཟེར་བའི་ཚིག་འདི་བེད་སྤྱོད་མི་གཏོང་བར་བོད་རིགས་ཡོངས་རྫོགས་ཞེས་བཤད། འདིས་ཅི་ཞིག་མཚོན་གྱི་ཡོད་དམ།

    Reply
  15. འོད་དཀར། says:
    ལོ་ 17 སྔོན།

    ༼ཏཱ་ལའི་བླ་མས་ད་ནི་རྒྱ་ནག་གིས་བོད་ནང་དབང་སྒྱུར་བྱེད་པར་ངོས་ལེན་བྱེད་འདོད་ཡོད་པ་འདྲ།༽ དྲི་བ་ཚང་མ་རྨང་གཞི་འདི་ལས་འཕྲོས་ཏེ་བཀོད་པ་ནོར་འདུག བདེན་དོན་དང་འགལ་བར་བརྗོད་འདོད་བྱུང་།

    Reply
  16. འོད་དཀར། says:
    ལོ་ 17 སྔོན།

    ཡིག་འབྲུ་གཅིག་གིས་བསྟན་པའི་གནདད་དོན་ཆ་ཚང་དེར་ཁྱོད་རང་ཉིད་ཀྱིས་བསམ་གཞིག་ཟབ་མོ་གཏོང་རོག

    Reply
  17. བསོད་ནམས་འོད་ཟེར says:
    ལོ་ 17 སྔོན།

    རྒྱ་རྒན་འདིས་སྐད་ཆ་བཤད་ཚུལ་ལ་དོ་སྣང་གནང་དང་། ཁོས་བཤད་རྒྱུར༼ཏཱ་ལའེ་ནི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཡིན་པ་ནི་བདེན་པ་རེད། ཁོས་བོད་མངའ་ཁུལ་དུ་ཤུགས་རྐྱེན་ངེས་ཅན་ཞིག་བཟུང་ཡོད་ལ། ༽ཟེར་བའི་ཚིག་དུམ་འདི་རྒྱ་རྒན་འདིའི་ཁ་ནས་རང་དབང་མེད་པར་ཤོར་སོང་བ་ཡིན་ནམ།

    Reply
  18. སྐར་མ། says:
    ལོ་ 17 སྔོན།

    དངོས་གནས་བཤད་ན། སྲིད་དོན་ཞེས་པ་འདི་ལས་མགོ་ཉོག་ཅིག་ཡོད་པ་མ་རེད། ཚིག་ཟུར་རེ་ནས་འདི་ཚོ་གཡོལ་གི་རེད། ཡིག་འབྲུ་གཅིག་གིས་ཀྱང་གནད་དོན་ཆ་ཚང་བསྟན་ཡོང་གི་རེད། དེ་རིང་གི་ཝན་ཅ་པའོ་ཡི་སྐད་ཆའི་ནང་ན་དོན་དག་གསར་པ་འདྲ་འདུག་གམ། ཡང་མིན་ན། ཁྱོས་ནམ་ཡང་ཐོས་མ་མྱོང་བའི་སྐད་ཆ་འདྲ་འདུག་གམ། གལ་སྲིད་ཡོད་ན་འདི་ཚོ་གསར་འགྱུར་རེད། གསར་འགྱུར་ལབ་ན་ཅི་ཞིག་རེད། གསར་དུ་བྱུང་བའི་འགྱུར་བ་ཞིག་ལ་ཟེར་གི་ཡོད་པ་རེད། ཆབ་སྲིད་པ་ཚོའི་སྐད་ཆ་རེ་རེ་ནི་གསར་འགྱུར་ཡིན་དོན་ལ་ཡང་གནས་ལུགས་ཡག་པོ་རེ་ཡོད་ནི་རེད།

    Reply
  19. སྐར་མ། says:
    ལོ་ 17 སྔོན།

    གལ་སྲིད་ཁྱེད་ཡིན་ན་དྲི་བ་གང་དག་ཇི་ལྟར་འདྲི་གི་ཡིན། འོད་དཀར་ལགས།

    Reply
  20. འོད་དཀར། says:
    ལོ་ 17 སྔོན།

    ཛར་ཁ་རི་ཡ། མཆོག་གིས་དྲི་བ་བཀོད་པ་ནོར་འདུག

    Reply
  21. མྱི་སྨྱོན། says:
    ལོ་ 17 སྔོན།

    མགོ་བདེ་ལྕེ་གཉིས་ཀྱི་སྐད་ཆ་རེད་རྒྱུ་མཚན་མཐོང་མ་སོང་། ཏཱ་ལའེ་བླ་མས་རྒྱ་ནག་གཅིག་གྱུར་ལ་ལྷག་བསམ་སྟོན་དགོས་དོན་མེད། རྒྱ་རོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese