མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་བྱི་ཞི་རྒོལ་ཆེན་མོ་ལོ་རྒྱུས་སུ་བཀོད་པ།

བོད་ཀྱི་དུས་བབ།
༢༠༠༨/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་བོད་ནང་དུ་བྱུང་བའི་དོན་རྐྱེན་གྱི་བྱུང་རབས་དེ་དག་བོད་ཀྱི་ལོ་རྒྱུས་ནང་ཆེས་གཟི་བརྗིད་ཆེ་ཞིང༌། གསེར་གྱི་ཡི་གེ་བྲིས་ཏེ་ལོ་རྒྱུས་དེབ་ཐེར་ནང་འགོད་དགོས་པ་ཞིག་ཆགས་ཡོད། ང་ཚོས་བྱུང་རབས་དེ་དག་ལ་བདག་ཉར་བྱ་རྒྱུ་གལ་ཆེན་ཆགས་ཡོད། སྤྱི་ལོ་ ༡༩༥༩ སྔོན་གྱི་ལོ་རྒྱུས་དེང་སྐབས་ལོ་རྒྱུས་སྨྲ་བ་མང་པོ་ཞིག་དོགས་གཞི་ཆགས་ཡོད། དེ་དག་སྐབས་སོ་སོར་ལོ་རྒྱུས་བྱུང་བ་ཡིག་ཚགས་དུ་འགོད་མ་ཐུབ་པའི་སྐྱོན་ཆ་རེད། ཐེངས་འདིར་མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་ཚོགས་པས་གནས་ཚུལ་ཕྱོགས་སྒྲིག་བྱས་པ་འདིར་བསྔགས་བརྗོད་ཞུ་བཞིན་ཡོད་ཟེར།

ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་ངྷ་ས་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་ཚོགས་པའི་གོ་སྒྲིག་འོག ས་བྱི་ཞི་རྒོལ་ཆེན་མོ། ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་ཏེ་མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་ཟུར་རོང་ཆེན་ཀིརྟི་རིན་པོ་ཆེ་མཆོག་གིས་དཔེ་དེབ་དེ་དབུ་འབྱེད་གནང་ཡོད། ས་བྱི་ཞི་རྒོལ་ཆེན་མོའི་དཔེ་དེབ་དེ་ནི་ད་ལོ་བོད་ཡུལ་མདོ་དབུས་ཁམས་གསུམ་དུ་མི་དམངས་ཞི་རྒོལ་ཆེན་མོའི་དོན་རྐྱེན་བྱུང་མ་ཐག བཙན་བྱོལ་དུ་ཡོད་པའི་མདོ་སྨད་ཆོལ་ཁའི་ཤེས་ལྡན་མི་སྣ་སྐོར་ཅིག་རྩ་འཛུགས་བྱས་ཏེ། ད་ལྟའི་བར་གནས་ཚུལ་ཅི་བྱུང་བརྩད་གཅོད་དང་རྟོག་ཞིབ། བསྡུ་རུབ། རྒྱུ་ཆ་བདམ་གསེས་ཀྱིས་ཁོངས་ལྡན་ར་སྤྲོད་འཕེར་བའི་ཚུལ་རྣམས་ཕྱོགས་སྒྲིག་བྱས་ཏེ། ས་བྱི་ཞི་རྒོལ་ཆེན་མོ། ཞེས་པའི་དཔེ་དེབ་དེ་དཔར་སྐྲུན་བྱས་ཤིང༌། ཕྱི་ཚེས་ ༢ ཉིན་གྱི་སེམས་དཔའ་ཆེན་པོ་གྷན་དྷི་མཆོག་གི་འཁྲུངས་སྐར་དང་བསྟུན་ཏེ། བོད་པའི་སྤྱི་ཚོགས་སྟེང་འགྲེམས་སྤེལ་ཞུས་ཡོད། དཔེ་དེབ་དབུ་འབྱེད་མཛད་སྒོའི་སྟེང་བཀའ་ཟུར་ཀིརྟི་རིན་པོ་ཆེ་དང་བཀའ་ཟུར་ཨ་ལགས་འཇིགས་མེད། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་བཀའ་དྲུང་། ཕྱི་དྲིལ་དྲུང་ཆེ། དེ་བཞིན་ཚོགས་པ་སྒྲིག་འཛུགས་ཁག་གི་མཛད་གཙོ་རྣམ་པ་བཅས་ཆེད་ཕེབས་གནང་ཡོད།

ས་བྱི་ཞི་རྒོལ་ཆེན་མོ་དབུ་འབྱེད་མ་གནང་གོང་དུ་དཔེ་དེབ་འདིའི་ཐད་ཕྱག་ལས་གནང་མཁན་གཙོ་གྲས། སྤྱི་ཟུར་ཧོར་འཇིགས་མེད་ལགས་ཀྱིས་དཔེ་དེབ་ཀྱི་སྔོན་གླེང་དང་འབྲེལ་ཏེ། ཆོལ་ཁ་གསུམ་ཆིག་སྒྲིལ་གྱི་སྟོབས་ཤུགས་དང་༧གོང་ས་སྐུ་ཕྲེང་བཅུ་བཞི་བའི་རླབས་ཆེན་གྱི་མཛད་རྗེས་བཅས་ཀྱི་ཐད་གསུང་བཤད་གནང་དོན། དཔེ་དེབ་འདི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་སུ་འགྲོ་བཞིན་ཡོད་སྟབས། ཁུངས་དག་ཅིག་ཡོང་དགོས་པ་གནད་འགག་ཆགས་ཡོད། སྔོན་ལ་མདོ་སྨད་ཕྱོགས་སུ་ང་ཚོར་རྒྱུས་ཡོད་སྟབས། མི་དམངས་ཀྱིས་རང་སྲོག་བློས་གཏོང་བྱས་པར་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་དང༌། རང་གཞུང་གི་ལས་དོན་ལའང་ཕན་ཐོགས་རེ་འབྱུང་ན་བསམས་ཏེ་དཔར་སྐྲུན་བྱས་པ་ཡིན་ལ། ཁུངས་བདེན་ར་སྤྲོད་འཕེར་བ་ཞིག་ཡོང་རྒྱུ་དཔེ་དེབ་འདིའི་ཐོག་མའི་དམ་བཅའ་ཡིན།

ད་ལོའི་ལས་འགུལ་ཆེན་མོས་རྒྱལ་ས་ལྷ་ས་ནས་ཁམས། མདོ་སྨད་ཀྱི་ཤར་མཐའི་བར་རི་མོ་གསར་བ་ཞིག་བྲིས་ཡོད། བོད་ཀྱི་ས་ཁྲར་ཞིབ་འཇུག་བྱ་མ་དགོས་པར་མི་མང་རང་ངོས་ནས་ང་ཚོའི་ས་ཆ་འདི་ཡིན་ཞེས་ལོ་རྒྱུས་ཀྱི་ས་ཁྲ་གསར་བ་ཞིག་བྲིས་ཡོད། འདི་བརྒྱུད་དེ་ལོ་སྟོང་ཕྲག་གསུམ་རིང་ཆིག་སྒྲིལ་ཡོང་མ་ཐུབ་པ་ཞིག ༧གོང་ས་སྐྱབས་མགོན་བཅུ་བཞི་བ་འདིའི་ནུས་སྟོབས་ཀྱིས་བྱུང་ཡོད། དེ་ནི་བོད་མི་ས་ཡ་དྲུག་གི་ཁྱད་ནོར་ཡིན། དེང་སང་བརྒྱུད་ལམ་ཁག་ཅིག་དང་མི་སྒེར་རེ་ཟུང་གིས་རྒྱལ་བ་རིན་པོ་ཆེའི་ཞི་མོལ་ལ་གྲུབ་འབྲས་མེད་པ་དང་དབུ་མའི་ལམ་ལ་ནུས་པ་མེད་པ། ཕལ་ཆེར་བོད་དོན་བདེན་མཐའ་སེལ་མ་ཐུབ་པ་༧རྒྱལ་བ་རིན་པོ་ཆེས་མ་འཇོན་པའི་བཟོ་འདྲ་བོ་བཤད་མཁན་འདུག དེ་རྩ་བ་ཉིད་ནས་བདེན་པ་མ་རེད། ལོ་ངོ་སྟོང་ཕྲག་གཅིག་རིང་བསགས་པའི་བྱས་ཉེས་ཡོངས་རྫོགས་དུས་རབས་ཉི་ཤུའི་དཀྱིལ་དུ་འཁྲུངས་པའི་རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་རྐྱང་ལ་བཀལ་བ་ཡིན་ན་དྲང་བདེན་མ་རེད། ཅེས་དང༌། ངས་སྔོན་མ་ནས་ཟམ་གདོང་རིན་པོ་ཆེར་ཞུས་ཡོད། སྐྱབས་བཅོལ་དུ་ཡོང་སྟེ་གསོག་སྒར་སློབ་གྲྭ་དང་ལས་ཀ་མེད་པར་གང་སར་འཁྱམས་བསྡད་ཡོད་པའི་གསར་འབྱོར་དེ་ཚོར་བློ་ཕམ་འབྱུང་དུ་འཇུག་མི་རུང༌། དེ་ང་ཚོའི་ཆབ་སྲིད་ཀྱི་གནད་འགག་ཆེན་པོ་ཞིག་ཆགས་ཀྱིན་འདུག ད་ལོའི་ཞི་རྒོལ་སྣེ་ཁྲིད་མཁན་ཡང་མང་ཆེ་ཤོས་སྔོན་མ་འདི་ནས་ལས་ཀ་ཡང་མེད་པར་འཁྱམས་བསྡད་པ་ཚོ་རེད་ཅེས་གསུངས་བྱུང༌།
སྐབས་དེར་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་དཔེ་དེབ་དབུ་འབྱེད་དང་འབྲེལ་ཏེ། བོད་མིའི་ལས་འགུལ་མུ་མཐུད་མཇུག་སྐྱོང་གནང་དགོས་པ་དང་བོད་པའི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གྱི་གལ་ཆེའི་རང་བཞིན་གསུངས་དོན། རྒྱ་ནག་གཞུང་གིས་མི་ལ་མིའི་འདུ་ཤེས་མེད་པའི་ཐོག་ནས་བོད་པར་བརྙས་བཅོས་བྱས་ཡོད་ལ། བོད་ཆོལ་ཁ་གསུམ་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་འོག་ཕེབས་ཀྱིན་ཡོད་པ་ད་རེབ་གསལ་བོ་བསྟན་ཡོད། རྒྱ་ནག་གཞུང་ལ་མཛུབ་མོ་བཙུགས་ཏེ་ལན་བརྒྱབས་སོང༌། ད་ལྟ་ང་ཚོའི་ལས་འགུལ་མཇུག་རྫོགས་པ་མ་རེད། མགོ་བཙུགས་པ་རེད། བོད་གཞིས་བྱེས་གཉིས་ཀྱི་མི་དམངས་ཚོས་ལས་འགུལ་མུ་མཐུད་དགོས། ལས་འགུལ་མཇུག་སྐྱོང་བྱ་དགོས་པ་རེད། མཇུག་སྐྱོང་བྱེད་པར་སྔར་ལས་ལྷག་པའི་དཀའ་ངལ་འཕྲད་སྲིད་ལ། སྔར་ལས་ལྷག་པའི་མི་མང་པོའི་ཚེ་སྲོག་ཤོར་སྲིད། འོན་ཀྱང༌། ཡིན་གཅིག་མིན་གཉིས་འཚེ་མེད་ཞི་བའི་ཐོག་ནས་ལས་འགུལ་མཇུག་སྐྱོང་གནང་རོགས་ཞེས་ཞུ་འདོད་བྱུང༌། ལས་འགུལ་སྤེལ་བར་དོན་དག་གཙོ་བོ་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་དེ་རེད། བོད་པའི་སྐད་རླག་པ་ཡིན་ན་གོམས་གཤིས་རླག་འགྲོ། གོམ་གཤིས་རླག་ན་བོད་མི་རིགས་ཀྱི་འདུ་ཤེས་རླག་འགྲོ། བསམ་བློ་གཏོང་སྟངས་རླག་འགྲོ་བ་རེད། དེ་དག་རླག་སོང་ན་ཕན་ཐོགས་གང་ཡང་མེད་སོང་བ་རེད། དེ་རིང་གི་གོ་སྐབས་འདི་བཟུང་སྟེ་ཞུ་རྒྱུ་ཞིག་ལ། ད་ལོའི་བོད་ནང་གི་དོན་རྐྱེན་ཐད། གསར་འགོད་པ་རྣམ་པས་ཧུར་བརྩོན་ཆེན་པོ་གནང་སོང༌། དེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང༌།
 
ཡང་བཀའ་དྲུང་མི་འགྱུར་རྡོ་རྗེས་ལགས་ཀྱིས་ས་བྱི་ཞི་རྒོལ་ཆེན་མོའི་དཔེ་དེབ་བཏོན་པར་བསྔགས་བརྗོད་དང་འབྲེལ་དཔེ་དེབ་དེ་གལ་གནད་ཆེ་ཚུལ་གསུངས་དོན། ད་ལོའི་བོད་ནང་དུ་བྱུང་བའི་དོན་རྐྱེན་གྱི་བྱུང་རབས་དེ་དག་བོད་ཀྱི་ལོ་རྒྱུས་ནང་ཆེས་གཟི་བརྗིད་ཆེ་ཞིང༌། གསེར་གྱི་ཡི་གེ་བྲིས་ཏེ་ལོ་རྒྱུས་དེབ་ཐེར་ནང་འགོད་དགོས་པ་ཞིག་ཆགས་ཡོད། ང་ཚོས་བྱུང་རབས་དེ་དག་ལ་བདག་ཉར་བྱ་རྒྱུ་གལ་ཆེན་ཆགས་ཡོད། སྤྱི་ལོ་ ༡༩༥༩ སྔོན་གྱི་ལོ་རྒྱུས་ལ་དེང་སྐབས་ལོ་རྒྱུ་སྨྲ་བ་མང་པོ་ཞིག་དོགས་གཞི་ཆགས་ཡོད། དེ་དག་སྐབས་སོ་སོར་ལོ་རྒྱུས་བྱུང་བ་ཡིག་ཚགས་དུ་འགོད་མ་ཐུབ་པའི་སྐྱོན་ཆ་རེད། མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་ཚོགས་པས་གནས་ཚུལ་ཕྱོགས་སྒྲིག་བྱས་པ་འདིར་བསྔགས་བརྗོད་ཞུ་བཞིན་ཡོད། ལས་གཞི་འདི་ཐོག་མར་མགོ་འཛུགས་དུས་བཀའ་ཤག་ལ་ཞུས་ཡོད་ལ། བཀའ་ཤག་ནས་ཀྱང་ཕྱག་ལས་འདིར་ཐུགས་རྒྱས་ཚོར་ཆེན་པོ་གནང་ཡོད། འབྱུང་འགྱུར་ཡང་ཕྱག་ལས་འདིའི་ཐད་དགོངས་བཞེས་གནང་གི་རེད། ཅེས་དང༌། སྤྱིར་རྒྱལ་དབང་སྐུ་ཕྲེང་ན་རིམ་བོད་ལ་བཀའ་དྲིན་ཆེན་པོ་རེད། ལྷག་པར་ལོ་རྒྱུས་སྨྲ་བ་ཞིག་གིས་བལྟས་ན། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་འདི། སྲིད་ཕྱོགས་ནས་བོད་ཆོལ་ཁ་གསུམ་ཆིག་སྒྲིལ་གྱི་ནུས་པ་ཐོན་པ། ཆོས་ཕྱོགས་ནས་འཛམ་གླིང་གི་རླབས་ཆེན་གྱི་དབུ་ཁྲིད་ཆགས་པའི་མཛད་འཕྲིན་ལོ་རྒྱུས་དེབ་ཐེར་ནང་ཤིན་ཏུ་གལ་ཆེན་དོན་ཆེན་ཆགས་ཡོད། ཅེས་གསུངས་བྱུང༌།

མཇུག་མཐར། ལོ་སྔ་ཕྱི་འདིར་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་སྐྱོན་བརྗོད་ཚད་མེད་བྱེད་ཀྱིན་ཡོད་པའི་ཐད། བཀའ་ཟུར་ཨ་ལགས་འཇིགས་མེད་མཆོག་གིས་ཐུགས་ཚོར་ཤུགས་ཆེན་པོས་གཞུང་སྒེར་གང་གིས་ཀྱང་ལན་འདེབས་མ་གནང་བར་བློ་ཕམ་ཡོད་པ་དང༌། དེ་ལ་བོད་གཞུང་དམངས་གཉིས་ནས་ངེས་པར་དུ་ངོ་རྒོལ་གྱི་རྣམ་འགྱུར་ཅིག་སྟོན་དགོས་པའི་འབོད་སྐུལ་ཞུས་དོན། བར་སྐབས་ཤིག་ནས་རྒྱ་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་ལ་མཚམས་ཚོད་མེད་པའི་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་འདུག ཆབ་སྲིད་ཐོག་ནས་ལོག་སྤྱོད་པ། ཆོས་ལུགས་ཐོག་ནས་གཡོ་ཁྲམ་པ། སྤྱི་ཚོགས་ཐོག་ནས་མགོ་སྐོར་བ། ལྷག་པར་དུ་ཉེ་ཆར་ཆོས་གོས་གྱོན་པའི་ཁྱུ་སྤྱང༌། མིའི་གདོང་ལ་གཅན་གཟན་གྱི་སེམས་ལྡན་པ་སོགས་ལབ་ཀྱིན་འདུག སྐྱོན་བརྗོད་འདི་དག་ལ་༧གོང་ས་མཆོག་ཀྱང་ཐུགས་ཕམ་ཞེ་དྲག་གནང་གིན་འདུག ང་ཚོ་ཁ་རོགས་གེར་འདུག་ཚོད་རྩ་བ་ནས་མ་རེད། གཞུང་དང་མི་དམངས། སྤྱི་འཐུས་ལྷན་ཚོགས། ཚོགས་པ་སྒྲིག་འཛུགས། མི་སྒེར་སུ་འདྲ་ཞིག་གིས་ཀྱང་ད་བར་ལན་འདེབས་གནང་བ་མཐོང་མ་སོང༌། དེ་ལ་བློ་ཕམ་ཆེན་པོ་ཡོད། བཀའ་ཤག་ལ་སྙན་སེང་ཞུས་ཡོད། དེ་རིང་འདིར་ཚོགས་པ་སྐྱིད་སྡུག་ཁག་འཛོམས་ཡོད། ང་ཚོ་ཚང་མ་འཛོམས་ཏེ་ངུ་ཆ་དང༌། བུད་མེད་ཚོའི་བང་གདན་བརྡབས་རྒྱུ་ཙམ་ལས་མེད་ཀྱང་བྱ་ཚད་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང༌། རྒྱ་གར་དུ་ཡོད་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ལ་ཞུ་གཏུགས་བྱས་ཏེ། ཆེན་པོ་མ་འཇོན་ཡང་རྣམ་འགྱུར་ཅིག་ངེས་པར་དུ་སྟོན་དགོས་པ་རེད། ཅེས་གསུངས་བྱུང༌།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༡༦ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༦ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 11

  1. འཇིགས་བྲལ་བསྟན་འཛིན། says:
    ལོ་ 18 སྔོན།

    ལས་གྲོགས་དོན་གྲུབ་བཀྲ་ཤིས་ལགས། གསལ་བཤད་གནང་བར་ཐུགས་རྗེ་ཆེ། ངས་འདི་ལྟར་བརྗོད་དོན་ནི། ང་ཚོས་བོད་གཞུང་དང་། རྒྱལ་བ་རིན་པོ་ཆེ། གཞིས་ལུས་མི་མང་བཅས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཆིག་སྒྲིལ་གནང་བཞིན་པའི་རྒྱུ་མཚན་ལ་འགན་ཁུར་བའི་ཐོག་ནས་བྱ་བ་རྩོམ་དགོས་པ་དེ་དྲན་གསོ་ཞུས་པ་ཙམ་ཡིན།

    Reply
  2. དོན་འགྲུབ་བཀྲ་ཤིས། says:
    ལོ་ 18 སྔོན།

    ལས་གྲོགས་འཇིགས་བྲལ་བསྟན་འཛིན་ལགས། ལྷོ་ཕྱོགས་ཀྱི་ང་ཚོའི་ལས་དོན་དེའི་ཐད། ཉིད་ཀྱིས་ཧུར་ཐག་བྱས་པ་ཐོས་བྱུང་། ཐུགས་རྗེས་ཆེ་ཞུ་རྒྱུ་ཡིན།
    ས་བྱི་ཞི་རྒོལ་ཆེན་མོ། ཞེས་པའི་ཁ་བྱང་ལ་ཕྲན་བཤད་ཅིག་བྱ་འདོད་བྱུང་།
    ༼ ས་བྱི་ ༽ རྒྱུ་མཚན་ཅིའི་ཕྱིར་བྱུང་བ་ཕལ་པར་བཞག་སྟེ། དུས་ཚོད་ནམ་ཞིག་ལ་བྱུང་བ་གནད་དུ་བདམས་ཡོད། འདིར་ཆེད་བརྗོད་དང་དཔྱད་རྩོམ་ལྟ་བུའི་རྩོམ་པ་པོ་སྒེར་གྱི་ལྟ་བ་དང་བསམ་ཚུལ་རིགས་ཀྱི་བསྲེས་ལྷད་བཀག་སྟེ། ལོ་རྒྱུས་དངོས་གཙོ་སྨྲ་བའི་འབྲི་ཐབས་སྤྱད་ཡོད།
    ༼ ཞི་རྒོལ་ཆེན་མོ་ ༽ ས་གནས་གང་དུ་བྱུང་བ་ཕལ་བར་བཞག་སྟེ། གནས་ཚུལ་ཅི་ཞིག་བྱུང་བ་གཙོར་འདོན་བྱས་ཡོད། འདིར་ཆོལ་ཁ་དང་ཆོས་ལུགས་ལྟ་བུའི་ལུང་ཚན་བྱེ་བྲག་པ་དམིགས་སུ་བགར་བའི་ཞེན་ཕྱོགས་དོར་ཏེ། གནད་དོན་དངོས་ལ་གདེང་འཇོག་དང་གུས་འདུད་མཚོན་པའི་འབྲི་ཐབས་སྤྱད་ཡོད།
    ད་དུང་ཉིད་ཀྱི་བསམ་ཚུལ་ལྟར་༼ མདོ་སྨད་ས་བྱི་ཞི་རྒོལ་ཆེན་མོ ༽ ཞེས་བཏགས་ན། ས་བྱི་ཞི་རྒོལ་ཆེན་མོ་དེ་མདོ་སྨད་ཁོ་ནར་དབང་འགྲོ་ལྟ་བུའི་སྐྱོན་གནད་འབྱུང་སྲིད། དེར་བརྟེན། བདག་གིས་དེབ་དེ་ཐོག་མར་མཐོང་མ་ཐག་ནས། ས་བྱི་ཞི་རྒོལ་ཆེན་མོའི་རྩོམ་པ་པོ་དག་གིས་དེབ་ཀྱི་ཁ་བྱང་ཐད། དགོངས་པ་རྒྱ་ཆེན་བཞེས་འདུག་བསམ་པ་བྱུང་སོང་

    Reply
  3. སྐར་མ། says:
    ལོ་ 18 སྔོན།

    ཨོ་ཡ། བསམ་ཚུལ་ཡག་པོ་རེད། ལས་ཀའང་གཟི་བརྗིད་རེད། འོན་ཀྱང་། ད་ལོ་དེབ་འདི་ངོ་མ་འདི་ལྟར་འབྲི་སྲོལ་ཡོད་པ་མ་རེད། ཨ་ལགས་འཇིགས་མེད་དང་འདི་ཚོར་བཅའ་རྒྱུ་ལས་རྒྱུ་མང་གི ངས་ནམ་རྒྱུན་ཁམས་ཕྱོགས་ཀྱི་དཔའ་བོ་དཔའ་མོ་དེ་ཚོར་རྗེས་སུ་ཡི་རངས་ཞུ་གི་ཡོད། ལྷག་པར་དུ་ད་ལོ་ངོ་མ་རང་གི་རེ་བ་དང་སྨོན་ལམ་ལྟར་བོད་མི་ཚོ་གཅིག་གི་རྒྱབ་ལ་གཅིག་ལངས་ཏེ་སྲོག་བློས་གཏོང་བྱས་པ་རེད། ད་བཙན་བྱོལ་གྱི་མི་འདི་དག་གིས་དོན་མེད་ལ་རྨ་ཁ་ཞིག་གཏོད་པ་རེད། ཧོར་གཙང་འདི་མི་དྲང་པོ་ཞིག་ཡིན། ཡིན་ནའང་མིག་རྒྱ་ཧ་ཅང་ཐུང་།

    Reply
  4. འཇིགས་བྲལ་བསྟན་འཛིན། says:
    ལོ་ 18 སྔོན།

    ས་བྱི་ཞི་རྒོལ་ཆེན་མོ་ཟེར་བའི་དེབ་གཅིག་བཏོན་ཡོད་འདུག དེབ་བཏོན་པར་དགའ་བསུ་ཡོད། ཡིན་ནའང་དེབ་དེའི་ཁ་བྱང་གི་མགོར་《མདོ་སྨད་》བྲིས་ཡོད་ན་མིང་དོན་གཉིས་མཚུངས་ཤིག་བྱུང་ཡོད་པ་ལ་དེ་མ་བྲིས་པ་དེ་ནང་དོན་དང་ཏག་ཏག་བསྡད་མེད་པར་མཐོང། གསལ་པོ་བཤད་ན་འདི་ལྟར་བྱས་ཏེ་ངའི་ལུང་པ་དང་། ངའི་ཆོལ་ཁ་ཟེར་བའི་ན་ཚ་རེག་དུག་ལས་ཀྱང་འཇིགས་སུ་རུང་བ་འདི་བྱུང་བ་རེད།

    Reply
  5. དགྲ་འདུལ། says:
    ལོ་ 18 སྔོན།

    གྲོགས་པོ་ཚོ། ངའི་བསམ་ཚུལ་འདིའི་ཐོག་ལ་ལམ་སེང་ངར་མ་ལངས་རོགས། དོན་ངོ་མར་བཤད་ན། ངས་ད་བར་དུ་ཐོས་རྒྱུ་མཐོང་རྒྱུ་མང་དྲག་སོང་། མི་ཁག་ཅིག་གིས་ཁ་གྲག་དུས་ནས་ངས་ཁོ་ཚོའི་ཁོག་པ་རིག་གི་འདུག རྒྱུ་མའི་རིང་ཐུང་དང་སྦོམ་ཕྲའང་མཐོང་གི་འདུག ངས་སྐད་ཆ་སྡུག་ཤོས་རིགས་ད་དུང་བཤད་མེད། ད་ལོའི་གཞིས་སྡོད་བོད་མི་ཚོའི་གནས་སྟངས་ལ་བསམ་སྐབས་སེམས་ཞེ་དྲག་ཅིག་སྡུག་གི་འདུག སེམས་སྐྱོ་ནས་ཤི་ལ་ཁལ་རེད། ལྷག་པར་དུ་ངའི་སེམས་ཆུང་ཆུང་ཡིན། འོན་ཀྱང་། ངའི་སྐད་ཆ་འདི་དེབ་མ་བཏོན་གོང་ནས་ངས་མདོ་སྨད་ཀྱི་མི་བསམ་ཤེས་རེ་ཟུང་ལ་བཤད་མྱོང་། ད་ནི་དེབ་བཏོན་ཚར་པ་རེད། ཡག་པོ་རེད། ཡིན་ནའང་འདིའི་རྗེས་ནས་ཁ དབང་བརྩད་མི་ཆོག ཁེ་ཕན་འཚོལ་མི་ཆོག ང་མི་འདི་ཚོ་ཚང་མར་རྒྱུས་མངའ་ཡོད། ཁོ་ཚོའི་རྒྱུ་མཐིལ་དང་རྐང་མཐིལ་ཚང་མ་ངས་རིག་ཡོད།

    Reply
  6. བསོད་དེ། says:
    ལོ་ 18 སྔོན།

    གྲོགས་པོ་དགྲ་འདུལ་ལགས། ཁྱོད་རང་ལ་ལྷག་བསམ་དང་འཇོན་ཐང་ཡོད་ན། ཧོར་འཇིགས་ཀྱི་སྐད་ཆར་ཡིད་ཆེས་མིན་བྱེད་མི་དགོས་པར་ཁྱོད་རང་གི་ངོས་ནས་བོད་ཆོལ་ཁ་གསུམ་པོ་ཚང་བའི་དེབ་ཅིག་བཟོ་རོགས་གྱིས་དང༌། མི་ཞིག་གིས་ལྷག་བསམ་རྣམ་དག་གིས་དཀའ་ལས་བརྒྱབས་ཏེ་འདི་འདྲའི་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་རེ་བསྟན་ཡོང་དུས། དེ་ལ་ཁ་དྲོ་ཞེས་བསྟོད་པ་ཞིག་བྱེད་མ་ཐུབ་ཀྱང༌། འདི་ལྟར་ལོག་འགྲེལ་དང་ཕྱོགས་ལྷུང་གི་ལྟ་ཚུལ་མ་བཟུང་ན་ལེགས་པར་མཐོང༌། གལ་སྲིད་ཁྱོད་ཀྱིས་དངོས་གནས་དྲང་བདེན་དང་གཟུ་བོར་གནས་པའི་སྐད་ཆ་ཞིག་བཤད་འདོད་ན། དང་པོ་དཔེ་དེབ་དེ་ཚར་གཅིག་ཀློགས། དེ་ནས་ཡང་དག་ཡིན་མིན་བལྟས། གཞི་ནས་དགེ་ཕན་གྱི་དབྱེ་བ་འབྱེད་དགོས་པ་ལས་གློས་བཤད་དང་གཡམ་རྒྱུག་གི་སྐད་ཆ་འདི་ཁྱོད་རང་ངལ་བའི་རྒྱུ་ལས་མ་འདས།

    Reply
  7. མྱི་སྨྱོན། says:
    ལོ་ 18 སྔོན།

    འདི་ཕྱོགས་ང་ཡང་ཀླུ་མཁར་བྱམས་དང་ལྟ་ཚུལ་གཅིག་པ་ཡིན། མི་ལ་སྐྱོན་མེད་པ་མིན་པའི་སྤྱི་དོན་ལ་གང་གིས་ཕན་གྱི་འདུག་ལྟ་དགོས། མི་ལ་མ་ལྟ་ཆོས་ལ་ལྟོས་གསུང་པ་བདེན་པ་ཡིན།

    Reply
  8. ཀླུ་མཁར་བྱམས། says:
    ལོ་ 18 སྔོན།

    ང་ཚོས་དོན་རྐྱེན་རེ་བྱུང་རྗེས་དེ་ལ་དེབ་རེ་འབྲི་ཐུབ་པ་དང་། དེ་དག་བྱུང་རབས་ནང་འགོད་ཐུབ་ན་ཡག་པོ་རེད། ཡིན་ནའང་། ལས་དཀའ་རེ་བྱས་པའི་རྗེས་སུ་བཤད་ཚགས་གཏམ་ཉེས་རེ་བྱུང་ན་དེར་ཆོད་ཅི་ཡང་ཡོད་ནི་མ་རེད། ངས་བལྟས་ན། ཚོགས་པ་དེའི་ཚོགས་གཙོ་ཚོགས་མི་སུ་ཡིན་གལ་མི་ཆེ་བར། སྤྱི་དོན་ལ་ཅིག་ཕན་སོང་ན་དེ་གས་འགྲིག་སོང་བ་རེད།

    Reply
  9. དགྲ་འདུལ། says:
    ལོ་ 18 སྔོན།

    ཧོར་གཙང་གིས་དོགས་སེལ་དང་གསལ་བཤད་བྱས་སྟབས་ཉིད་ཀྱི་དོགས་པ་ཡོངས་སུ་སངས་འདུག སྲིད་དོན་པ་ཚོར་མཚོན་ན་མང་ཚོགས་ཀྱི་དོགས་པ་སེལ་རྒྱུ་ནི་ལས་སླ་བོ་རེད། ཡིན་ནའང་ཁོའི་སྐད་ཆ་དེ་དག་གིས་ངའི་དོགས་པ་སེལ་ཐུབ་མ་སོང་། ལྷག་པར་དུ་ཡུལ་མདོ་སྨད་ཀྱི་མིང་ཐོག་ནས་ཐེངས་འདིར་མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་ཚོགས་པ་ཞེས་པ་ཞིག་བཙུགས་འདུག འདིའི་ཚོགས་གཙོ་དང་ཚོགས་མི་ཚོ་སུ་དག་རེད།

    Reply
  10. དོན་འགྲུབ་བཀྲ་ཤིས། says:
    ལོ་ 18 སྔོན།

    གྲོགས་གནས་ཚང་ལགས། ངོ་སོ་བསྟོད། ཕྱོགས་ཞེན་བྲལ་བའི་དཀྱེལ་ཡངས་ཀྱི་ལྟ་ཚུལ་འདི་ལ་ངོ་སོ་སྟོད། ང་ལའང་ཐོག་མར་དེ་ལྟ་བའི་བསམ་ཚུལ་ཞིག་སླེབས་སོང་། འོན་ཀྱང་། ཉིན་དེར་དཔེ་དེབ་དབུ་འབྱེད་ཀྱི་སྔོན་གླེང་གསུང་བཤད་སྐབས། རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལགས་ཀྱིས་དོགས་སེལ་དང་གསལ་བཤད་འདི་ལྟར་བྱས་སོང་། ད་ལོ་མདོ་དབུས་ཁམས་གསུམ་ནང་ལོ་ངོ་བརྒྱ་ཕྲག་རིང་བྱུང་མ་མྱོང་བའི་ཞི་བའི་གྱེན་ལངས་ཆེན་མོ་ཞིག་དང་། ལོ་ངོ་སྟོང་ཕྲག་རིང་བྱུང་མ་མྱོང་བའི་ཆོལ་གསུམ་ཆིག་སྒྲིལ་གྱི་སྟོབས་ཤུགས་གསར་བ་ཞིག་བསྐྲུན་སོང་། རབ་བྱུང་ན། དེ་དག་ཐམས་ཅད་ཕྱོགས་སྒྲིག་གིས་ལོ་རྒྱུས་དེབ་ཐེར་དུ་བཀོད་དེ། མ་འོངས་པའི་མི་རབས་ལ་དྲན་རྟེན་དུ་འཇོག་གལ་ཆེ་མོད། ཐེངས་འདིའི་དོན་རྒྱེན་དེ་ཧ་ཅང་གི་བློ་བུར་བ་དང་། ཤིན་ཏུ་ནས་གནད་འགག་ཆེན་པོ་ཆགས་ཡོད་སྟབས། མི་བསད་པ་དང་། རྨས་བ། བཟུང་བ་སོགས་ཀྱི་གནས་ཚུལ་ཁ་གསལ་ཁུངས་ཐུབ་ཞིག་ཡོང་རྒྱུ་དེ་བས་གལ་ཆེན་ཡིན། དེར་བརྟེན། དུས་རྒྱུན་མཉམ་འཛོམས་བྱེད་པའི་ང་ཚོ་མི་ཁག་ཅིག་གིས་གྲོས་བསྡུར་བྱས་ཏེ། རྒྱུས་མངའ་ཆེ་བའི་སོ་སོའི་ཕ་ཡུལ་གྱི་བྱུང་རྐྱེན་དག་ཕྱོགས་སྒྲིག་བྱས་ཏེ་དཔེ་དེབ་འདི་བཟོས་པ་ཡིན། ཞེས་གསུངས་སོང་བས་བདག་གི་ཐོག་མའི་དོགས་པ་ཡོངས་སུ་སངས་སོང་ལ། དེ་དང་མཉམ་དུ་ལས་ལ་བརྩོན་ཞིང་ཕུགས་རྒྱང་རིང་བའི་ཁོང་ཅག་གི་ལྷག་བསམ་དང་ཕྱག་རྗེས་འདི་ལ་ངང་ངམ་ཤུགས་ཀྱིས་ཡིད་འགུལ་ཐེབས་སོང་།

    Reply
  11. གནས་ཚང་། says:
    ལོ་ 18 སྔོན།

    ངོ་སོ་བསྟོད། སྤྱིར་ཡག་པོ་རེད་དེ། ཡིན་ནའི། གྱེན་ལངས་བོད་ཡོངས་ནས་བྱུང་ཙང་། རབ་ཡིན་ན་ཆོལ་གསུམ་གཅིག་ཏུ་བསྡུས་པའི་དེབ་ཅིག་འདོན་དགོས་ཀྱི་ཡོད་པའི་ཁར། མདོ་སྨད་ཁོ་ནས་དེབ་ཅིག་བཏོན་པ་ཡིན་ན། བོད་ནང་གི་ཆིག་སྒྲིལ་དེར་གཏོར་བཤིག་གཏོང་གི་མེད་པའང་མིན། དེ་བས། བཀའ་ཟུར་དང་སྤྱི་ཟུར་རྣམ་པས་ཆོལ་ཁ་གཞན་གཉིས་ལའང་བསམ་བློ་གཏོང་རན་ཡོད་པར་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese