རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ཚེས་ ༦ ཉིན་བཞུགས་སྒར་ངྷ་ས་ནས་ཆིབས་ཐོན་གྱིས་ལྡི་ལིར་སྐུ་ཁམས་བརྟག་དཔྱད་ཆེད་ཕེབས་ཡོད་པ་རེད།
གཟའ་ཟླ་བའི་ཉིན་བཞུགས་སྒར་གྱི་གཙུག་ལག་ཁང་གི་ལམ་འགྲམ་དང་གངས་ཅན་སྐྱིད་གཞུང་གི་ལམ་འགྲམ་བཅས་སུ་བོད་མི་རྣམས་ཀྱིས་ལག་ཏུ་སྤོས་དང་མེ་ཏོག་བཟུང་སྟེ་བང་སྒྲིག་ནས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཆིབས་བསྒྱུར་ལ་སྒུག་ཡོད་ཅིང་། ནམ་རྒྱུན་ཁོང་གི་ཆིབས་སྒྱུར་སྐབས་བོད་མི་ཚོས་ཁོང་ལ་ཕེབས་བསུ་དང་མཉམ་དུ་ཞལ་མཇལ་ཞུ་གི་ཡོད།
རྒྱལ་བ་རིན་པོ་ཆེ་མཆོག་གིས་དེ་རིང་ཡང་ནམ་རྒྱུན་ལྟར་རླངས་འཁོར་གྱི་སྒེའུ་ཁུང་ནས་མང་ཚོགས་ལ་ཕྱག་གཡུག་བཞིན། ཞལ་འཛུམ་སྟོན་བཞིན་དུ་ཕེབས་སོང་། འདི་ནི་ཁོང་ཉིད་ཡུ་རོབ་ནས་ཕྱིར་བཞུགས་སྒར་དུ་ཕེབས་པ་ནས་སྐུ་ཁམས་བརྟག་དཔྱད་ཆེད་ཕེབས་ཐེངས་གཉིས་པ་ཆགས་ཡོད་ཅིང་། སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་གསུངས་པ་ལྟར་ན། རྒྱལ་བ་རིན་པོ་ཆེ་ལྡི་ལིར་ཕེབས་པ་འདི་ནི་འཆར་ཅན་གྱི་སྐུ་ཁམས་བརྟག་དཔྱད་ཆེད་ཡིན་པ་དང་། ཕྱི་ཚེས་ ༩ ཉིན་ལྡི་ལི་ནས་ཕྱིར་བཞུགས་སྒར་ངྷ་རམ་ས་ལར་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག