མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྦྲ་མེད་འབྲོག་སྡེ།

བོད་ཀྱི་དུས་བབ།
༢༠༠༨/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་སི་ཁྲོན་གྱི་བོད་མི་འབྲོག་པ་ ༥༠༠༠༠༠ ལ་ས་ཕག་གི་ཁང་པ་རྒྱག་རྒྱུ་ཡིན་ཟེར་ལ། འདིར་འགྲོ་གྲོན་རྒྱ་སྒོར་དུང་ཕྱུར་ ༥ གནས་རྒྱུ་ཡིན་འདུག

ཕྱི་ཚེས་ ༡༠ ཉིན་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གཞུང་གིས་སི་ཁྲོན་ཞིང་ཆེན་ནང་ཡོད་པའི་བོད་པའི་འབྲོག་པ་མང་ཚོགས་ལ་གཏན་འཇགས་ཀྱི་ཁང་པ་རྒྱག་གི་ཡིན་ཟེར་ལ། འབྱུང་འགྱུར་གྱི་ལོ་ ༤ རིང་ལས་འཆར་འདི་ཡོངས་སུ་འགྲུབ་པར་བྱེད་ཀྱི་ཡིན་ཚུལ་དང་། ཁང་ཁྱིམ་འདི་དག་མཉམ་དུ་གཞི་རིམ་སློབ་གྲྭ་དང་སྨན་ཁང་། ས་གནས་ལས་ཁུངས་བཅས་འཛུགས་རྒྱུ་ཡིན་ལ། གོང་ཚེས་ཉིན་ཆེད་ལས་ཨར་ལས་པའི་བཟོ་གྲྭའི་མི་སྣ་འབོད་འགུག་གིས་ཁང་བའི་བཟོ་བཀོོད་སོགས་ཀྱི་ཐད་ཉམས་ཞིབ་བྱེད་ཀྱི་ཡོད་ཟེར།

ཞིན་ཧྭ་གསར་ཁང་གིས་བརྗོད་དོན། ཞིང་ཆེན་དེའི་ནང་གི་འབྲོག་པ་མང་ཚོགས་ ༥༣༣༠༠༠ ཀྱི་ཁྲོད་ ༢༡༩༠༠༠ ལ་གཏན་འཇགས་ཀྱི་སྡོད་གནས་མེད་ལ། ༢༥༤༠༠༠ ཙམ་ནི་ས་གྱང་གི་ཁང་ཧྲིལ་ནང་བསྡད་ཡོད་ཟེར།

རྒྱ་ནག་གི་ལས་འཆར་འདིའི་ཐད་མི་ཁ་ཤས་ཀྱིས་འདི་ནི་རྒྱ་ནག་གཞུང་གིས་བོད་མིའི་འཚོ་བའི་ལམ་ལུགས་གཏོར་སྐྱོན་གཏོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ཅེས་རོའུ་ཊར་གསར་ཁང་གིས་སྤེལ་ཡོད་པ་རེད།

རྒྱ་ནག་གཞུང་གིས་གོང་གསལ་འབྲོག་པ་འདི་དག་ས་གནས་གང་ཞིག་ཏུ་གཞི་སྡོད་ཀྱི་གྲོང་གསེབ་ཏུ་བསྒྱུར་རྒྱུ་དང་། ཁོང་ཚོའི་འབྲོག་པའི་རྩྭ་ས་དང་ཕྱུགས་ཟོག་བདག་སྐྱོང་བྱེད་སྟངས་ཅི་ཡིན་སོགས་ཀྱི་ཐད་གསལ་ཁ་བཏོད་མེད་པ་རེད།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

སྐར་མ ༡༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

ཆུ་ཚོད་ ༢༢ སྔོན་ལ།
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༢༢ སྔོན་ལ།
Mobile App

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་།

༢༠༢༦/༠༣/༢༧
ttttt
Mobile App

བསྐལ་བའི་མེ་འཕྲིན་དམར་པོའི་སྙན་དེབ་དབུ་འབྱེད་དང་བགྲོ་གླེང་འཚོགས།

༢༠༢༦/༠༣/༢༦
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

༢༠༢༦/༠༣/༢༥

མཆན། 4

  1. གནས་ཚང་། says:
    ལོ་ 17 སྔོན།

    ཕྲག་པ་གཡར་ཡ་ལ་དཀའ་ལེ་ཡོད་པ་མ་རེད་དེ། ངའི་སྐྱེས་དམན་ལ་མ་མཐོང་བ་བྱེད་དགོས་ཀྱི་རེད་མ་གཏོགས་གློག་ཀླད་འདིའང་འཕྲོ་བརླག་ལ་གཏོང་བའི་ཉེན་ཁ་ཡོད་པ་རེད། ང་མཚོན་ན་དཔལ་ལྡན་བཀའ་ཤག་གི་བུད་མེད་གཙོར་བཟུང་གི་སྲིད་ཇུས་དེ་ལོ་མང་རབ་ཅིག་གི་ཡར་སྔོན་ནས་ལག་བསྟར་བྱས་དང་བྱེད་ཀྱིན་པས། དེང་སྐབས་དེ་སེ་ལག་མ་འཁེལ་བའི་བཟོ་འདྲ་བོ་ཐོན་གྱི་ཡོད་པ་རེད། གང་ལྟར་པཱ་ལེ་ཡག་པོ་འགྲིམས་སོང་ན། དཀའ་ངལ་སེལ་མ་ཐུབ་པ་དེ་འདྲའང་ཡོང་གི་མ་རེད། དེ་ཕྱོགས་གཅིག་ཡིན།

    ཁྱོད་རང་ངའི་ཕྲག་པར་ཁེན་ནས་ངུ་དུས་སྐད་ཞེ་དྲག་ཆེན་པོ་རྒྱག་རུང་གི་མ་རེད་མ་གཏོགས། ཕྱི་གླིང་བ་དེ་ཚོས་ངེད་གཉིས་ཀྱང་ཕོ་དང་ཕོའི་བར་མོ་དང་མོའི་བར་དགའ་བོ་སྒྲིག་མཁན་དེ་འདྲ་ལ་ནོར་ཉེན་ཡོད་པ་རེད། མ་གཞི་བོད་པའི་སྤྱི་ཚོགས་ཀྱང་དེའི་སྒང་རྗེས་ལུས་ཐེབས་མེད་མོད། ཚུལ་འཆོས་གཏོར་རྒྱུའང་ལས་སླ་བོ་ཞིག་མ་རེད། འདི་ཕྱོགས་གཞན་དེ་ཡིན།

    རང་ཚོ་སྨྱུ་གུའི་ཁ་ནས་མི་རིགས་འདིའི་གསོན་ལམ་འཚོལ་མཁན་ཤ་སྟག་རེད། ང་རང་པཱ་ལེ་བཙོང་ནས་རང་ཚོའི་ལུས་པོར་ཟུངས་བཅུད་བསྐྲུན་མཁན་འདྲ་བོ་ཞིག་གི་གྲས་རེད། དེ་བས། ངའི་ཕྲག་པ་དེ་ཞེ་དྲག་བརྟན་པོ་ཡོད་པ་མ་རེད་ལ། རང་ཚོ་ངུས་ཆོག་ཆོག་དེའང་ཡག་རྟགས་ཤིག་མ་རེད། དེ་ལས་མིག་ཆུའི་བཞུར་རྒྱུན་སྨྱུ་གུའི་འགྲོས་སུ་བསྐུལ་ནས་ཤོག་དཀར་སྒང་འགྲིམས་པ་ཡིན་ན། དེ་ནི་འཆི་མེད་རྒས་མེད་རེད། འདི་ཕྱོགས་གསུམ་པ་ཡིན།

    Reply
  2. སྐར་མ། says:
    ལོ་ 17 སྔོན།

    གནས་ཚང་ལགས། སྐུ་མཁྱེན། ཁྱེད་ཀྱི་ཕྲག་མགོ་གཅིག་ང་ལ་གཡར་ཐུབ་གི་འདུག་གམ། ང་ངོ་མ་ལྷོད་ལྷོད་བྱས་ནས་ངུ་བསམ་གི ངའི་ངུ་སྟངས་འདི་བུད་མེད་ཅིག་གི་ངུ་སྟངས་འདྲ་ཞིག་ཡོད་པ་རེད་དེ། སྟག་ཤར་བ་ཡིན་ནའང་ངུ་དུས་ཁེན་ས་ཞིག་དགོས་གི ངོ་མ་ཡིན།

    Reply
  3. གནས་ཚང་། says:
    ལོ་ 17 སྔོན།

    ལཱ་རེད། ལོ་རྒྱུས་སྨྲ་མཁན་ཚོས་བཤད་ན། དེ་ནི་ཐུ་བྷོད་རྒྱལ་རབས་ཀྱི་བཤུལ་དངོས་སམ་བཤུལ་བཞག་ཤུགས་རྐྱེན་ལ་བཞི་ཤད་བཀོད་པ་རེད་ཟེར། ཆོས་པ་ཚོས་བཤད་ན། འཇིག་རྟེན་མི་རྟག་པ་ཡིན་པས། སྦྲ་ནག་ལ་རྟག་བརྟན་ཞིག་ག་བ་ཡོད། དེ་ནི་འདུས་བྱས་ཀྱི་རང་བཞིན་རེད་ཟེར། ང་གཙོར་བྱས་པཱ་ལེའམ་བག་ལེབ་བཙོང་མཁན་ཚོར་མཚོན་ན། བག་ཚོང་ཡག་པོ་ཆགས་སྲིད་པས། བག་ལེབ་བཙོང་གི་བོད་ནང་དུ་འགྲོ་དགོས་པ་མིན་འགྲོ་བསམ་གྱི་ཡོད། ཡིན་ནའི། པཱ་ལེ་ཉོ་བའི་པེ་ཤག་རྫོགས་ཟིན་པའི་ཉིན་མོ་དེར། ཁོང་ཚོས་གྱེན་ལངས་ད་ལོ་ལས་ཀྱང་གཞི་རྒྱ་ཆེ་བ་ཞིག་བྱེད་སྲིད་པས། ངའི་བག་ཚོང་རྡིབས་ས་རེད་བསམ་ན་སེམས་ཁྲལ་མེད་པའང་མ་རེད། འོ་རེད། བོད་མི་ཞིག་ཡིན་པའི་ཆ་ནས་བག་ལེབ་ཁ་ཤས་ཞལ་འདེབས་སུ་སྤྲད་ཆོག་ཀྱང་ཆ་ཚང་འཕྲོ་བརླག་ལ་ཕྱིན་ཚེ་མགོ་ལྗང་ཁུ་བའི་ལས་ག་རང་ཆགས་སོང་བ་མ་ཡིན་ནམ།

    Reply
  4. སྐར་མ། says:
    ལོ་ 17 སྔོན།

    མདོ་ཁམས་ཕྱོགས་ནས་སྦྲ་ནག་ཡོངས་སུ་ལྟེབ་མགོ་བཙུགས་པ་རེད། ཡིན་ནའང་རྗེས་ཕྱོགས་འགྲེམ་སྟོན་ཁང་རེ་ནས་འབྲོག་པའི་སྦྲ་མཐོང་སྲིད་གི་རེད། ཡིན་ན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese