མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་སྐུ་དབང་ལ་འགྱུར་བ་གཏོང་རྒྱུས་དབང་ཆ་མེད།

བོད། ཤ་ཁྲག་རུས་གསུམ།
༢༠༠༨/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp




༧གོང་ས་མཆོག་གིས་སྐུ་དབང་ལ་འགྱུར་བ་གཏོང་རྒྱུས་དབང་ཆ་མེད།

 

ད་ལྟའི་དུས་སྐབས་འདི་ལ་བཙན་བྱོལ་ནང་གི་གསར་འགྱུར་དང་ཚགས་ཤོག་གང་མང་ཞིག་གི་གླེང་གཞི་ནི་༧གོང་ས་མཆོག་གིས་སྐུ་དབང་ལ་འགྱུར་བ་འགྲོ་མིན་དང་ཚོགས་འཆར་ཡོད་པའི་ཚོགས་འདུ་དེའི་ཐག་གཅོད་གང་ཞིག་བྱེད་མིན་དང་ཚོགས་འདུ་དེ་སྐོང་དགོས་པའི་དམིགས་ཡུལ་གང་ཡིན་མིན་གྱི་ཐད་དུ་བསམ་ཚུལ་སྣ་ཚོགས་ཤིག་ལྕེ་ཐོག་ཚད་དང་ཡི་གེ་འབྲི་ཤེས་ཚད་ཀྱིས་གླེང་གཞི་རུ་གྱུར་ཡོད་པ་འདི་ལ་ཕྱོགས་གཉིས་ཡོད།

 

གཅིག་ནི་༧གོང་ས་མཆོག་གི་སྐུ་དབང་ལ་འགྱུར་བ་གཏོང་མིན་དང་འགྱུར་བ་འགྲོ་མིན་དེ་རེད།༧གོང་ས་མཆོག་གིས་སྐུ་དབང་ལ་འགྱུར་བ་གཏོང་མིན་དེ་ནི་ད་ལྟའི་བཙན་བྱོལ་ནང་གི་ལས་ཀྱི་སྣེ་མོ་བ་དེ་ཚོས་འགྱུར་བ་གཏོང་རྒྱུས་དབང་ཚད་ཞིག་གཏན་ནས་མེད་ལ།གལ་ཏེ་༧གོང་ས་མཆོག་གིས་སྐུ་དབང་ལ་འགྱུར་བ་གཏོང་དགོས་ན་བོད་མི་དམངས་ཀྱིས་ནང་ཆོས་ལ་བཅིངས་པའི་དད་ཞེན་དེ་ལ་འགྱུར་བ་འགྲོ་དགོས་ཀྱི་ཡོད།དེ་ནི་མི་སྲིད་པ་ནས་སྲིད་པའི་དབང་དུ་གཏོང་ན་ཡང་ད་དུང་ཧ་ཅང་རྒྱང་ཐག་རིང་བ་ནས་བོད་མི་དམངས་ཀྱིས་དོར་མི་སྲིད་པའི་ལས་དབང་དུའང་དྲངས་ཆོག་པ་ཡིན།

 

 

བོད་མི་དམངས་ཀྱིས་ཚེ་སྲོག་ནང་ཆོས་དང་འབྲེལ་ཡོད་ན།༧གོང་ས་མཆོག་གིས་སྐུ་དབང་ལ་འགྱུར་བ་གཏོང་དགོས་མིན་གྱི་གནད་དོན་ཞིག་བཤད་དགོས་དུས།བོད་མི་དམངས་ཀྱི་ཚེ་སྲོག་ལ་འགྱུར་བ་གཏོང་དགོས་ཟེར་བ་དང་གཅིག་ཡིན།དེའི་སྟབས་ཀྱིས་བོད་གངས་ཅན་པ་ཚང་གི་ཚེ་སྲོག་ལ་འགྱུར་བ་གཏོང་རྒྱུས་དབང་ཚད་དེ་བོད་མི་དམངས་ལ་ཡོད་པ་ལས་ད་ལྟའི་བཙན་བྱོལ་གཞུང་གིས་ལས་ཀྱི་སྣེ་མོ་བའམ་བོད་མི་དམངས་ཀྱིས་འགྲིན་ཚབ་པ་དེ་དག་ལ་དུས་ནམ་མང་དབང་ཚད་དེ་མེད།ཡིན་ཡང་།༧གོང་ས་མཆོག་གིས་བཏོན་གནོང་ལམ་དབུ་མའི་ཕྱོགས་སུ་བསྐྱོད་མི་བསྐྱོད་ཐད་དུ་བསམ་ཚུལ་བརྗེ་རེས་བྱེད་པའི་ཐོབ་ཐང་ཞིག་བོད་ཀྱི་ལས་སྣེ་བ་དེ་དག་ལ་ཡོད་ཆོག་ན་ཡང་།ཁོང་ཚོ་ལ་ལམ་དབུ་མ་ལ་འགྱུར་བ་གཏོང་རྒྱུས་དབང་ཚད་ཡང་མེད་ལ།རང་བཙན་གཙང་མ་ཡིན་ཞེས་ཐག་གཅོད་བྱེད་པས་དབང་ཚད་ཀྱང་མེད།ད་དུང་ལམ་གཞན་དག་ལ་ཡང་ཐག་གཅོད་བྱེད་པས་དབང་ཚད་དེ་བས་ཀྱང་ག་ལ་ཡོད།ཁོང་ཚོ་ལ་ག་རེ་ཡོད་ཟེར་ན་ད་ལྟའི་བོད་ནང་གི་བོད་མི་ཚོའི་ཚེ་སྲོག་ལ་འགན་ལེན་བྱེད་པས་དབང་ཚད་དེ་ཁོང་ཚོས་དབང་ཚད་ཡིན།མདོར་ན་༧གོང་ས་མཆོག་གི་སྐུ་དབང་ལ་འགྱུར་བ་འགྲོ་མིན་དེ་ནི་བོད་མི་དམངས་ཀྱིས་༧གོང་ས་མཆོག་དགོས་མིན་ལ་རེག་ལས་ཡོད་པ་ཡིན།

 

གཉིས་པ་དེ་ནི་ད་ལྟའི་བཙན་བྱོལ་གཞུང་གིས་ཚོགས་འཆར་ཡོད་པའི་ཚོགས་འདུ་འདིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐུབ་མིན་དང་བོད་ནང་གི་བོད་མི་ཚོའི་ཚེ་སྲོག་ལ་འགན་ཆགས་མིན།བོད་གཞིས་བྱེས་གཉིས་ཀྱི་བོད་མི་ས་ཡ་དྲུག་གི་རེ་འདོད་སྐོང་ཐུབ་མིན་ཐད་དུ་ལས་དོན་གྲ་འགྲིག་པོ་ཞིག་ཡོང་མིན་དེ་ཡིན་པ་ལས།ལམ་དབུ་མ།རང་བཙན་གཙང་མ།རང་ཐག་རང་གཅོད།བདེན་པའི་ཨུ་ཚུགས།ཞི་དྲག་གཉིས་ལྡན་སོགས་ཀྱིས་ཐད་དུ་རྩོད་པ་བརྒྱབ་དེ་ཆབ་སྲིད་གཡོ་སྒྱུའི་ཐབས་ཇུས་སུ་ཁས་ལེན་མཁན་དག་གི་ཅལ་རྗེས་སུ་འགྲངས་པའི་དུས་དེ་གཏན་ནས་མ་ཡིན།

ཆབ་སྲིད་ཟེར་ནས་གཡོ་སྒྱུ་ཁོ་ན་ལ་བསམ་བློ་གཏོང་ནས་ལས་དོན་སྒྲུབ་དགོས་པ་ཞིག་དུ་འདོད་ཀྱི་ཡོད་ན་ནི།ང་ཚོས་རྒྱ་ནག་སྲིད་གཞུང་ལ་འགོ་འདོག་བྱས་ཀྱང་མ་འགྲིག་པ་གཏན་ནས་མེད།རྒྱ་ནག་སྲིད་གཞུང་ལ་གཡོ་སྒྱུ་ལ་མཁས་པ་ཞིག་དང་དྲང་བདེན་མེད་མཁན་གྱི་སྲིད་གཞུང་ཞིག་ད་ལྟའི་འཆར་འཆམ་མཐུན་ལ་ཁ་ཕྱོགས་པའི་འཛམ་གླིང་འདིར་ཧ་ཅང་དཀོན།དེ་མིན་པར་ཆབ་སྲིད་ནི་གཉོམ་ཆུང་གཞུག་ནས་སྐྱོར་བྱེད་ཅིག་དང་བཙན་པོ་གཉའ་ནས་གནོན་བྱེད་ཀྱི་དྲང་བདེན་གྱི་ཐབས་ཇུས་ཤིག་ཡིན་ན་ནི། ང་ཚོས་དྲང་བདེན་དང་འཚེ་མེད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འཐབ་རྩོད་བྱེད་རྒྱུ་ཡིན་ན་ནི།མིག་ཁ་ཕྱེ་ནས་གཉིད་ལས་སངས་དུ་བཅུགས་དེ་འདང་ཞིབ་མོ་རྒྱག་མཁན་ཚོས་གནས་ལུགས་ཁ་བཤད་ཙམ་མིན་པ་ནས་དོན་དངོས་ཡིན་པ།རྒྱུ་མཚན་སྟར་སྣང་མིན་པ་ནས་དྲང་མོ་ཡིན་པ་ཞིག་གི་ལམ་ཁར་བསྙེགས་དེ་བོད་ནང་གི་བོད་མི་ཚོའི་ཁྲག་དང་རྔུལ་ཆུས་བོད་པ་དེ་དང་འགྲོག་ནས་འོང་བའི་ཚེ་སྲོག་ལ་འགན་ཡོད་པ་ཞིགབོད་མི་དམངས་ས་ཡ་དྲུག་གཞིས་བྱེས་གཉིས་དང་ཕྱི་རྒྱལ་ཁག་དུ་གནས་པའི་བོད་རིགས་ཡོད་ཚད་ལ་མཐུན་ལམ་དང་རྡོག་རྩ་ཆིག་སྒྲིལ་ཡོང་བར་འབད་བརྩོན་བྱེད་དགོས།




འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༢༡ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 1

  1. akangtsen says:
    ལོ་ 18 སྔོན།

    ༧གོང་ས་མཆོག་གིས་སྐུ་དབང་ལ་འགྱུར་བ་གཏོང་རྒྱུས་དབང་ཆ་མེད།
    ད་ལྟའི་དུས་སྐབས་འདི་ལ་བཙན་བྱོལ་ནང་གི་གསར་འགྱུར་དང་ཚགས་ཤོག་གང་མང་ཞིག་གི་གླེང་གཞི་ནི་༧གོང་ས་མཆོག་གིས་སྐུ་དབང་ལ་འགྱུར་བ་འགྲོ་མིན་དང་ཚོགས་འཆར་ཡོད་པའི་ཚོགས་འདུ་དེའི་ཐག་གཅོད་གང་ཞིག་བྱེད་མིན་དང་ཚོགས་འདུ་དེ་སྐོང་དགོས་པའི་དམིགས་ཡུལ་གང་ཡིན་མིན་གྱི་ཐད་དུ་བསམ་ཚུལ་སྣ་ཚོགས་ཤིག་ལྕེ་ཐོག་ཚད་དང་ཡི་གེ་འབྲི་ཤེས་ཚད་ཀྱིས་གླེང་གཞི་རུ་གྱུར་ཡོད་པ་འདི་ལ་ཕྱོགས་གཉིས་ཡོད།
    གཅིག་ནི་༧གོང་ས་མཆོག་གི་སྐུ་དབང་ལ་འགྱུར་བ་གཏོང་མིན་དང་འགྱུར་བ་འགྲོ་མིན་དེ་རེད།༧གོང་ས་མཆོག་གིས་སྐུ་དབང་ལ་འགྱུར་བ་གཏོང་མིན་དེ་ནི་ད་ལྟའི་བཙན་བྱོལ་ནང་གི་ལས་ཀྱི་སྣེ་མོ་བ་དེ་ཚོས་འགྱུར་བ་གཏོང་རྒྱུས་དབང་ཚད་ཞིག་གཏན་ནས་མེད་ལ།གལ་ཏེ་༧གོང་ས་མཆོག་གིས་སྐུ་དབང་ལ་འགྱུར་བ་གཏོང་དགོས་ན་བོད་མི་དམངས་ཀྱིས་ནང་ཆོས་ལ་བཅིངས་པའི་དད་ཞེན་དེ་ལ་འགྱུར་བ་འགྲོ་དགོས་ཀྱི་ཡོད།དེ་ནི་མི་སྲིད་པ་ནས་སྲིད་པའི་དབང་དུ་གཏོང་ན་ཡང་ད་དུང་ཧ་ཅང་རྒྱང་ཐག་རིང་བ་ནས་བོད་མི་དམངས་ཀྱིས་དོར་མི་སྲིད་པའི་ལས་དབང་དུའང་དྲངས་ཆོག་པ་ཡིན།
    བོད་མི་དམངས་ཀྱིས་ཚེ་སྲོག་ནང་ཆོས་དང་འབྲེལ་ཡོད་ན།༧གོང་ས་མཆོག་གིས་སྐུ་དབང་ལ་འགྱུར་བ་གཏོང་དགོས་མིན་གྱི་གནད་དོན་ཞིག་བཤད་དགོས་དུས།བོད་མི་དམངས་ཀྱི་ཚེ་སྲོག་ལ་འགྱུར་བ་གཏོང་དགོས་ཟེར་བ་དང་གཅིག་ཡིན།དེའི་སྟབས་ཀྱིས་བོད་གངས་ཅན་པ་ཚང་གི་ཚེ་སྲོག་ལ་འགྱུར་བ་གཏོང་རྒྱུས་དབང་ཚད་དེ་བོད་མི་དམངས་ལ་ཡོད་པ་ལས་ད་ལྟའི་བཙན་བྱོལ་གཞུང་གིས་ལས་ཀྱི་སྣེ་མོ་བའམ་བོད་མི་དམངས་ཀྱིས་འགྲིན་ཚབ་པ་དེ་དག་ལ་དུས་ནམ་མང་དབང་ཚད་དེ་མེད།ཡིན་ཡང༌།༧གོང་ས་མཆོག་གིས་བཏོན་གནོང་ལམ་དབུ་མའི་ཕྱོགས་སུ་བསྐྱོད་མི་བསྐྱོད་ཐད་དུ་བསམ་ཚུལ་བརྗེ་རེས་བྱེད་པའི་ཐོབ་ཐང་ཞིག་བོད་ཀྱི་ལས་ས?ེ་བ་དེ་དག་ལ་ཡོད་ཆོག་ན་ཡང༌།ཁོང་ཚོ་ལ་ལམ་དབུ་མ་ལ་འགྱུར་བ་གཏོང་རྒྱུས་དབང་ཚད་ཡང་མེད་ལ།རང་བཙན་གཙང་མ་ཡིན་ཞེས་ཐག་གཅོད་བྱེད་པས་དབང་ཚད་ཀྱང་མེད།ད་དུང་ལམ་གཞན་དག་ལ་ཡང་ཐག་གཅོད་བྱེད་པས་དབང་ཚད་དེ་བས་ཀྱང་ག་ལ་ཡོད།ཁོང་ཚོ་ལ་ག་རེ་ཡོད་ཟེར་ན་ད་ལྟའི་བོད་ནང་གི་བོད་མི་ཚོའི་ཚེ་སྲོག་ལ་འགན་ལེན་བྱེད་པས་དབང་ཚད་དེ་ཁོང་ཚོས་དབང་ཚད་ཡིན།མདོར་ན་༧གོང་ས་མཆོག་གི་སྐུ་དབང་ལ་འགྱུར་བ་འགྲོ་མིན་དེ་ནི་བོད་མི་དམངས་ཀྱིས་༧གོང་ས་མཆོག་དགོས་མིན་ལ་རེག་ལས་ཡོད་པ་ཡིན།
    གཉིས་པ་དེ་ནི་ད་ལྟའི་བཙན་བྱོལ་གཞུང་གིས་ཚོགས་འཆར་ཡོད་པའི་ཚོགས་འདུ་འདིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐུབ་མིན་དང་བོད་ནང་གི་བོད་མི་ཚོའི་ཚེ་སྲོག་ལ་འགན་ཆགས་མིན།བོད་གཞིས་བྱེས་གཉིས་ཀྱི་བོད་མི་ས་ཡ་དྲུག་གི་རེ་འདོད་སྐོང་ཐུབ་མིན་ཐད་དུ་ལས་དོན་གྲ་འགྲིག་པོ་ཞིག་ཡོང་མིན་དེ་ཡིན་པ་ལས།ལམ་དབུ་མ།རང་བཙན་གཙང་མ།རང་ཐག་རང་གཅོད།བདེན་པའི་ཨུ་ཚུགས།ཞི་དྲག་གཉིས་ལྡན་སོགས་ཀྱིས་ཐད་དུ་རྩོད་པ་བརྒྱབ་དེ་ཆབ་སྲིད་གཡོ་སྒྱུའི་ཐབས་ཇུས་སུ་ཁས་ལེན་མཁན་དག་གི་ཅལ་རྗེས་སུ་འགྲངས་པའི་དུས་དེ་གཏན་ནས་མ་ཡིན།
    ཆབ་སྲིད་ཟེར་ནས་གཡོ་སྒྱུ་ཁོ་ན་ལ་བསམ་བློ་གཏོང་ནས་ལས་དོན་སྒྲུབ་དགོས་པ་ཞིག་དུ་འདོད་ཀྱི་ཡོད་ན་ནི།ང་ཚོས་རྒྱ་ནག་སྲིད་གཞུང་ལ་འགོ་འདོག་བྱས་ཀྱང་མ་འགྲིག་པ་གཏན་ནས་མེད།རྒྱ་ནག་སྲིད་གཞུང་ལ་གཡོ་སྒྱུ་ལ་མཁས་པ་ཞིག་དང་དྲང་བདེན་མེད་མཁན་གྱི་སྲིད་གཞུང་ཞིག་ད་ལྟའི་འཆར་འཆམ་མཐུན་ལ་ཁ་ཕྱོགས་པའི་འཛམ་གླིང་འདིར་ཧ་ཅང་དཀོན།དེ་མིན་པར་ཆབ་སྲིད་ནི་གཉོམ་ཆུང་གཞུག་ནས་སྐྱོར་བྱེད་ཅིག་དང་བཙན་པོ་གཉའ་ནས་གནོན་བྱེད་ཀྱི་དྲང་བདེན་གྱི་ཐབས་ཇུས་ཤིག་ཡིན་ན་ནི། ང་ཚོས་དྲང་བདེན་དང་འཚེ་མེད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འཐབ་རྩོད་བྱེད་རྒྱུ་ཡིན་ན་ནི།མིག་ཁ་ཕྱེ་ནས་གཉིད་ལས་སངས་དུ་བཅུགས་དེ་འདང་ཞིབ་མོ་རྒྱག་མཁན་ཚོས་གནས་ལུགས་ཁ་བཤད་ཙམ་མིན་པ་ནས་དོན་དངོས་ཡིན་པ།རྒྱུ་མཚན་སྟར་སྣང་མིན་པ་ནས་དྲང་མོ་ཡིན་པ་ཞིག་གི་ལམ་ཁར་བསྙེགས་དེ་བོད་ནང་གི་བོད་མི་ཚོའི་ཁྲག་དང་རྔུལ་ཆུས་བོད་པ་དེ་དང་འགྲོག་ནས་འོང་བའི་ཚེ་སྲོག་ལ་འགན་ཡོད་པ་ཞིགབོད་མི་དམངས་ས་ཡ་དྲུག་གཞིས་བྱེས་གཉིས་དང་ཕྱི་རྒྱལ་ཁག་དུ་གནས་པའི་བོད་རིགས་ཡོད་ཚད་ལ་མཐུན་ལམ་དང་རྡོག་རྩ་ཆིག་སྒྲིལ་ཡོང་བར་འབད་བརྩོན་བྱེད་དགོས།
    འདོན་སྤེལ།: ༢༠༠༨/༡༠/༢༩

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese