མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལ་རང་དབང་དང་རང་བཙན་གང་ཡང་དགོས་དོན་མེད།

བོད། ཤ་ཁྲག་རུས་གསུམ།
༢༠༠༨/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp




 

 

     བོད་ལ་རང་དབང་དང་རང་བཙན་གང་ཡང་དགོས་དོན་མེད།

                                         གཉིས་པ།

 

བོད་མི་མང་གིས་རང་དབང་ཡིན་ན་འདྲ་རང་བཙན་ཡིན་ན་ཆོག  དབུ་མའི་ལམ་ཡིན་ཡང་རུང་། རང་ཐག་རང་གཅོད། བདེན་པའི་ཨུ་ཚུགས་སོགས་གང་ཞིག་གླེང་ན་འགྲིག་གི་འདུག  ང་ཚོ་བོད་མི་མང་འདི་དག་གི་ཁྲོད་ནས་ལམ་ཁ་ཞིག་རེག་སོང་ན་བོད་མི་མང་གིས་ག་རེ་བྱེད་ངེས་རེད། བོད་མི་མང་ལ་དོན་དངོས་སུ་བོད་མི་མང་དགོས་ཀྱི་ཡོད་མེད་དེ་ལ་ཡང་བསམ་བློ་ཞིག་གཏོང་དགོས་པའི་དུས་ཚོད་གཅིག་དུ་སླེབས་འདུག་ན། བོད་མི་མང་ལ་བོད་མི་རང་གི་སྐད་དང་ཡི་གེ་མེད་པ་ཆགས་ཉིན་ནས། བོད་ཞེས་པ་དེ་ལ་རང་བཙན་དང་རང་ཐག་རང་གཅོད། དབུ་མའི་ལམ་དང་བདེན་པའི་ཨུ་ཚུགས་སོགས་གང་ཞིག་རྒྱ་ནག་སྲིད་གཞུང་གིས་ང་ཚོ་ལ་འདེམས་དུ་བཅུགས་ཡང་དགོས་དོན་ཞིག་གཏན་ནས་མེད། ཉིན་མོ་དེ་སླེབས་དུས་ང་ཚོ་ནི་བོད་མིང་ཐོག་པའི་རྒྱ་དཀར་ནག་གཉིས་དང་བོད་མིང་ཐོབ་པའི་ཕྱི་རྒྱལ་གྱི་མི་སེར་རྐྱང་རྐྱང་ཞིག་ཆགས་ཡོད་ངེས་ཡིན། ང་ཚོ་དངོས་ནས་བོད་མི་མང་དང་བོད་མི་རང་གི་སྐད་དང་ཡི་གེ་དགོས་ན་བོད་མིས་བོད་སྐད་བཤད་རྒྱུ་ལ་ཁྲིམས་བཟོ་དགོས་དོན་མེད་ལ། བོད་མིས་བོད་ཡིག་འབྲི་རྒྱུ་ལ་གཞུང་གིས་བཀའ་རྒྱ་དེ་བས་ཀྱང་གཏོང་དགོས་དོན་མེད་པར། བོད་བཙན་བྱོལ་གཞུང་གིས་ཀྱང་བོད་ཡིག་ལ་གོ་གནས་གང་ཙམ་ཞིག་སྤྲད་ཡོད་ངེས་ཡིན། དེ་རིང་བོད་ཡིག་གི་རིན་གོང་ཐ་མག་སྒམ་ཆུང་གཅིག་གི་རིན་དུ་ཡང་མི་བརྩི་བས་བཙན་བྱོལ་བོད་མི་ཚང་གི་ལས་ཕྱོགས་བྱེད་ཕྱོགས་མང་བོ་ཞིག་ལ་བལྟས་དེ་འོང་དུས་ང་ཚོ་ལ་རང་དབང་དང་རང་བཙན་ཞིག་ཐོབ་འདོད་མེད་པ་ནས་ཐོབ་ཡང་དགོས་དོན་མེད་པའི་རང་བཙན་དང་རང་དབང་ཞིག་ལས་ཅི་ཡང་མེད་པ་འདུག་ན། བོད་མི་ཚང་གི་བོད་ཡིག་དང་བོད་སྐད་མི་ཤེས་པའི་ཉིན་མོ་དེ་ནས་བོད་ལ་རང་བཙན་དང་རང་དབང་གང་ཡང་དགོས་ཀྱི་མི་འདུག  བོད་མིང་དེ་ཡང་དེ་ནས་བཟུང་དེང་སང་གི་འགྲེམས་སྟོན་ཁང་སྐད་གྲགས་ཅན་ཞིག་གི་ནང་དུ་ཞལ་འདེབས་སུ་ཕུལ་ནས་གསུབ་བཞག་ན་འགྲིག་ངེས། བོད་ལ་རང་དབང་དགོས་ན་བོད་ཡིག་སྤྱོང་། བོད་ལ་རང་བཙན་དགོས་ན་བོད་སྐད་ཤོད། བོད་ལ་བདེ་སྐྱིད་དགོས་ན་བོད་སྐད་ཤེས་པ་ནས་བོད་ཡིག་འབྲི་བ། བོད་ཡིག་འབྲི་བ་ནས་བོད་དོན་གླེང་བ། བོད་དོན་གླེང་བ་ནས་བོད་མི་ཆིག་སྒྲིལ་གྱི་ལམ་ལ་ཁྲིད་པ། གལ་ཏེ་དེ་དག་བྱེད་ཐུབ་པའི་བོད་མི་ཡོད་ན། བོད་པ་ཚང་ལ་རང་དབང་དགོས་ཀྱི་ཡོད་ལ། བོད་པ་ཚང་ལ་རང་བཙན་ཡང་དགོས་ཀྱི་ཡོད། ད་དུང་བོད་པ་ཚང་ལ་དགོས་པ་ཧ་ཅང་མང་བོ་ཡོད།

དེ་དག་གང་ཡང་མེད་པར་བོད་པ་ཚང་གི་རང་དབང་བརྩད་ནས་མི་ཤི་བྱུང་ན་གྱོང་རྒུད་དང་མི་སྒེར་གྱི་ཁྱིམ་ཚང་ལ་སྡུག་བསྔལ་བཞག་པ་ལས་གང་ཡང་ཡོང་རྒྱུ་མེད། ང་བོད་ལ་སྐྱེས་སྟབས། ངས་རང་གི་གང་བསམ་པའི་སྟེང་ནས་བོད་དོན་གླེང་བཞིན་པ་ཡིན་ན། མི་སུ་ཞིག་སྙིང་ན་ཡང་དགོང་དག་ཟེར་རྒྱུ་ཡིན། ངས་རང་གི་བོད་མིའི་བདེ་སྡུག་ལ་འགན་འཁུར་ཡོད་མེད་ཀྱི་སྐད་ཆ་བཤད་ཀྱི་ཡོད་མེད་ཀློག་མཁན་ཁྱེད་ཅག་གིས་བསམ་ཚུལ་བཤད་ན་ངས་ཉན་ཆོག་ལ། གལ་ཏེ་བཤད་མཁན་དེ་ལ་བདེན་པ་ཡོད་ན་ངས་ཀྱང་ཁས་ལེན་བྱེད་ངེས་ཡིན། གང་ལྟར། བོད་ཡིག་མེད་པ་དང་བོད་སྐད་མི་ཤེས་པའི་མི་རིགས་ཤིག་དུ་གྱུར་སོང་ན། བོད་ལ་རང་དབང་མི་དགོས་ལ་བོད་ལ་རང་བཙན་ཡང་དེ་བས་ཀྱང་དགོས་དོན་མི་འདུག 




འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 11

  1. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་ཨ་རིག་འགྱུར་མེད་ལགས། རོགས་རམ་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། ད་དུང་། མུ་མཐུད་དུ་ཕྱོགས་གང་ས་རོགས་རམ་དང་བསམ་ཚུལ་གླེང་མོལ་བྱེད་དུ་ཕེབས་པར་འབོད་སྐུལ་དང་བཅས། ཡང་བསྐྱར་་་་་་

    Reply
  2. lusamlowa says:
    ལོ་ 17 སྔོན།

    དྲ་གྲོགས་ལགས། འདིར་ཁྱེད་ཀྱི་ཟིན་བྲིས་ལ་ལྟ་ཐུབ་གི་འདུག་མོལ། ཡིན་ན་འང་ཡིག་གཟུགས་ཀྱི་ཆེ་ཆུང་ན་རྟ་འདྲ་འདྲ་འདུག

    Reply
  3. akangtsen says:
    ལོ་ 17 སྔོན།

    བོད་ཤ་ཁྲག་རུས་གསུམ་ལགས། ཁྱེད་ཀྱིས་གླེན་པ་ལུག་ལ་འབོད་པར་རེ་སྐུལ་ཞིག་ཞུས་འདུག ཁོང་གིས་ཁྱེད་ཀྱི་རྩོམ་ཡིག་གི་ཡིག་གཟུགས་བཟོ་རྒྱུར་རེ་བ་བརྒྱབས་འདུག ཡིན་ནའང་། གླེན་པ་ལུག་ཕལ་ཆེར་གྲྭ་པ་ཞིག་ཡིན་ཚོད་འདུག་ལ། དེ་རིང་ཡིག་རྒྱུགས་ཡོད་སྟབས་ངས་འདི་བསྒྱུར་ཡོད།

    བོད་ལ་རང་དབང་དང་རང་བཙན་གང་ཡང་དགོས་དོན་མེད།
    གཉིས་པ།
    བོད་མི་མང་གིས་རང་དབང་ཡིན་ན་འདྲ་རང་བཙན་ཡིན་ན་ཆོག དབུ་མའི་ལམ་ཡིན་ཡང་རུང༌། རང་ཐག་རང་གཅོད། བདེན་པའི་ཨུ་ཚུགས་སོགས་གང་ཞིག་གླེང་ན་འགྲིག་གི་འདུག ང་ཚོ་བོད་མི་མང་འདི་དག་གི་ཁྲོད་ནས་ལམ་ཁ་ཞིག་རེག་སོང་ན་བོད་མི་མང་གིས་ག་རེ་བྱེད་ངེས་རེད། བོད་མི་མང་ལ་དོན་དངོས་སུ་བོད་མི་མང་དགོས་ཀྱི་ཡོད་མེད་དེ་ལ་ཡང་བསམ་བློ་ཞིག་གཏོང་དགོས་པའི་དུས་ཚོད་གཅིག་དུ་སླེབས་འདུག་ན། བོད་མི་མང་ལ་བོད་མི་རང་གི་སྐད་དང་ཡི་གེ་མེད་པ་ཆགས་ཉིན་ནས། བོད་ཞེས་པ་དེ་ལ་རང་བཙན་དང་རང་ཐག་རང་གཅོད། དབུ་མའི་ལམ་དང་བདེན་པའི་ཨུ་ཚུགས་སོགས་གང་ཞིག་རྒྱ་ནག་སྲིད་གཞུང་གིས་ང་ཚོ་ལ་འདེམས་དུ་བཅུགས་ཡང་དགོས་དོན་ཞིག་གཏན་ནས་མེད། ཉིན་མོ་དེ་སླེབས་དུས་ང་ཚོ་ནི་བོད་མིང་ཐོག་པའི་རྒྱ་དཀར་ནག་གཉིས་དང་བོད་མིང་ཐོབ་པའི་ཕྱི་རྒྱལ་གྱི་མི་སེར་རྐྱང་རྐྱང་ཞིག་ཆགས་ཡོད་ངེས་ཡིན། ང་ཚོ་དངོས་ནས་བོད་མི་མང་དང་བོད་མི་རང་གི་སྐད་དང་ཡི་གེ་དགོས་ན་བོད་མིས་བོད་སྐད་བཤད་རྒྱུ་ལ་ཁྲིམས་བཟོ་དགོས་དོན་མེད་ལ། བོད་མིས་བོད་ཡིག་འབྲི་རྒྱུ་ལ་གཞུང་གིས་བཀའ་རྒྱ་དེ་བས་ཀྱང་གཏོང་དགོས་དོན་མེད་པར། བོད་བཙན་བྱོལ་གཞུང་གིས་ཀྱང་བོད་ཡིག་ལ་གོ་གནས་གང་ཙམ་ཞིག་སྤྲད་ཡོད་ངེས་ཡིན། དེ་རིང་བོད་ཡིག་གི་རིན་གོང་ཐ་མག་སྒམ་ཆུང་གཅིག་གི་རིན་དུ་ཡང་མི་བརྩི་བས་བཙན་བྱོལ་བོད་མི་ཚང་གི་ལས་ཕྱོགས་བྱེད་ཕྱོགས་མང་བོ་ཞིག་ལ་བལྟས་དེ་འོང་དུས་ང་ཚོ་ལ་རང་དབང་དང་རང་བཙན་ཞིག་ཐོབ་འདོད་མེད་པ་ནས་ཐོབ་ཡང་དགོས་དོན་མེད་པའི་རང་བཙན་དང་རང་དབང་ཞིག་ལས་ཅི་ཡང་མེད་པ་འདུག་ན། བོད་མི་ཚང་གི་བོད་ཡིག་དང་བོད་སྐད་མི་ཤེས་པའི་ཉིན་མོ་དེ་ནས་བོད་ལ་རང་བཙན་དང་རང་དབང་གང་ཡང་དགོས་ཀྱི་མི་འདུག བོད་མིང་དེ་ཡང་དེ་ནས་བཟུང་དེང་སང་གི་འགྲེམས་སྟོན་ཁང་སྐད་གྲགས་ཅན་ཞིག་གི་ནང་དུ་ཞལ་འདེབས་སུ་ཕུལ་ནས་གསུབ་བཞག་ན་འགྲིག་ངེས། བོད་ལ་རང་དབང་དགོས་ན་བོད་ཡིག་སྤྱོང༌། བོད་ལ་རང་བཙན་དགོས་ན་བོད་སྐད་ཤོད། བོད་ལ་བདེ་སྐྱིད་དགོས་ན་བོད་སྐད་ཤེས་པ་ནས་བོད་ཡིག་འབྲི་བ། བོད་ཡིག་འབྲི་བ་ནས་བོད་དོན་གླེང་བ། བོད་དོན་གླེང་བ་ནས་བོད་མི་ཆིག་སྒྲིལ་གྱི་ལམ་ལ་ཁྲིད་པ། གལ་ཏེ་དེ་དག་བྱེད་ཐུབ་པའི་བོད་མི་ཡོད་ན། བོད་པ་ཚང་ལ་རང་དབང་དགོས་ཀྱི་ཡོད་ལ། བོད་པ་ཚང་ལ་རང་བཙན་ཡང་དགོས་ཀྱི་ཡོད། ད་དུང་བོད་པ་ཚང་ལ་དགོས་པ་ཧ་ཅང་མང་བོ་ཡོད།
    དེ་དག་གང་ཡང་མེད་པར་བོད་པ་ཚང་གི་རང་དབང་བརྩད་ནས་མི་ཤི་བྱུང་ན་གྱོང་རྒུད་དང་མི་སྒེར་གྱི་ཁྱིམ་ཚང་ལ་སྡུག་བསྔལ་བཞག་པ་ལས་གང་ཡང་ཡོང་རྒྱུ་མེད། ང་བོད་ལ་སྐྱེས་སྟབས། ངས་རང་གི་གང་བསམ་པའི་སྟེང་ནས་བོད་དོན་གླེང་བཞིན་པ་ཡིན་ན། མི་སུ་ཞིག་སྙིང་ན་ཡང་དགོང་དག་ཟེར་རྒྱུ་ཡིན། ངས་རང་གི་བོད་མིའི་བདེ་སྡུག་ལ་འགན་འཁུར་ཡོད་མེད་ཀྱི་སྐད་ཆ་བཤད་ཀྱི་ཡོད་མེད་ཀློག་མཁན་ཁྱེད་ཅག་གིས་བསམ་ཚུལ་བཤད་ན་ངས་ཉན་ཆོག་ལ། གལ་ཏེ་བཤད་མཁན་དེ་ལ་བདེན་པ་ཡོད་ན་ངས་ཀྱང་ཁས་ལེན་བྱེད་ངེས་ཡིན། གང་ལྟར། བོད་ཡིག་མེད་པ་དང་བོད་སྐད་མི་ཤེས་པའི་མི་རིགས་ཤིག་དུ་གྱུར་སོང་ན། བོད་ལ་རང་དབང་མི་དགོས་ལ་བོད་ལ་རང་བཙན་ཡང་དེ་བས་ཀྱང་དགོས་དོན་མི་འདུག

    Reply
  4. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་མེ་ལགས། གཟིགས་དང་གྲོགས་པོ་འདི་གཉིས་ཀྱི་ངའི་ཟིན་བྲིས་ཀློག་ཐུབ་ཀྱི་འདུག ཁྱེད་རང་ཡོད་ས་དེ་ནས་བོད་ཡིག་གི་ཡིག་གཟུགས་གང་ཞིག་བེད་སྤྱོད་གཏོང་གི་ཡོད། ང་རང་གིས་འདིས་ནང་ནས་དྲ་གྲོགས་ཚོས་ཟིན་བྲིས་ཚང་མ་དཀའ་ངལ་མེད་པར་ཀློག་ཐུབ་ཀྱི་འདུག་ན། གནས་སྟངས་ག་རེ་མ་འགྲིག་པ་ཡིན་ན། ངས་ཧི་གཟུགས་བེད་སྤྱོད་བྱེད་རྒྱུ་ལས་ང་རང་ལ་ཡིག་གཟུགས་གཞན་པ་མེད། ཡིན་ཡང་། ངས་ཐབས་ཤེས་ཤིག་ཨེ་འགྲིག་བལྟས་ཆོག ཁྱེད་རང་གིས་དེ་ནས་ངའི་ཟིན་བྲིས་གཏན་ནས་ཀློག་ཐུབ་ཀྱི་མི་འདུག་གམ། ཁྱེད་རང་གིས་ཡིག་གཟུགས་ག་རེ་བེད་སྤྱོད་གནང་གི་ཡིད་དམ།

    Reply
  5. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་སྟག་སྨྱོན་དང་མྱི་སྨྱོན་རྣམ་གཉིས་ལགས། ལན་མགྱོགས་པོ་གནང་བ་ལ་ཐུགས་རྗེ་ཆེ་ཞུ། རྗེས་སུ་མགྱོགས་པོ་འཇལ་ཡོང།

    Reply
  6. Crazy tiger says:
    ལོ་ 17 སྔོན།

    དགོངས་དག་ང་གཞི་ནས་ནང་ལ་སླེབས་སོང་། ལན་འདི་དུས་ཐོག་མིན་ཤས་ཆེ་ཡང་དགོངས་དག་ཞུ་རྒྱུ་ལས་ཐབས་མ་བྱུང་། ངས་འདི་ནས་ཁྱེད་ཀྱི་ཟིན་བྲིས་དཔེ་ཡག་པོ་ཀློག་ཐུབ་ཀྱི་འདུག་པས་དཀའ་ངལ་གང་ཡང་མི་འདུག

    Reply
  7. t_zee says:
    ལོ་ 17 སྔོན།

    ཨ་རོ་བོད་། ངས་གློག་རྡུལ་ཡིག་རིགས་སྣ་འཛོམས་ཡིན་པའི་ཁྱོད་ཀྱི་ཟིན་བྲིས་གློག་རྒྱུ་སྐྱོན་མི་འདུག ཡིག་རིགས་ཁ་ཆད་དེ་ཚོ་ལ་དཀའ་ངལ་ཡོད་ཤེས་ཆེ། འདི་ཁྱོད་ཀྱི་སྐྱོན་མ་རེད་ཁོ་རང་ཚོས་གློག་རྡུལ་གི་སྐྱོན་རེད། འོད་དཀར་ནང་ནས་ཁྱོད་ཀྱི་དྲི་བ་དེ་མཐོང་ནས་ཡོང་ཡིན། ལན་བཤད་ཚར་་་་་་བདེ་མོ།

    Reply
  8. shitsangwa says:
    ལོ་ 17 སྔོན།

    དྲ་གྲོགས་ལགས། ཁྱོད་ཀྱིས་ངའི་བཤད་པ་དེར་ཅིས་ཀྱང་ཚོད་ལྟ་ཞིག་བྱོས་དང་། དེ་དེ་འདྲའི་དཀའ་ངལ་ཞིག་བརྒྱུད་མི་དགོས། ངས་གོང་དུ་བཤད་པ་བཞིན་UDPཞེས་པ་དེ་ཡོད་ན་ཧི་གཟུགས་སུ་བསྒྱུར་རྒྱུར་ལས་སླ་བོ་ཡིན། UDPཞེས་པ་འདི་༼བོད་ཀྱི་གློག་རྡུལ་རྒྱལ་སྒོ༽དྲ་ཚིགས་ནས་ཕབ་ལེན་བྱེད་ཐུབ།

    Reply
  9. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་མེ་ལགས། ང་རང་ལ་འདི་་ན་ཧི་གཟུགས་མ་གཏོགས་མེད་ལ། ངས་ཟིན་བྲིས་ཡོད་ཚད་ཀྱང་ཧི་གཟུགས་ཁོ་ན་ལ་བརྟེན་ནས་འབྲི་བཞིན་ཡོད། ཟིན་བྲིས་སྤེལ་སྐབས་ཀྱང་ཧི་གཟུགས་ལ་བརྟེན་ནས་སྤེལ་གྱི་ཡོད་ན། ང་རང་ལ་ལམ་ཁ་གཞན་ཞིག་འཚོལ་བ་ཅུང་ཙམ་དཀའ་ངལ་འཕྲད་དེ་བསྡད་ཡོད། དྲ་གྲོགས་ལགས། ཐུགས་རྗེ་ཆེ། ངས་ཐབས་ཤེས་བྱེད་ཆོག

    Reply
  10. shitsangwa says:
    ལོ་ 17 སྔོན།

    དྲ་གྲོགས་བོད་མིང་བ་ལགས། ཟིན་བྲིས་སུ་ཞུགས་པ་ནས་བཟུང་ཟིན་བྲིས་མང་བོ་ཞིག་གཅིག་རྗེས་གཉིས་མཐུད་དུ་སྤེལ་བར་དགའ་བསུ་ཞུ། ཡིན་ནའང་། ངས་དེ་སྔོན་ཁྱོད་ལ་བཤད་པ་བཞིན་ཁྱོད་ཀྱི་ཟིན་བྲིས་སྣ་གཅིག་ཀྱང་འདིར་འཆར་གྱིན་མི་འདུག ཁྱོད་ཀྱིས་ཟིན་བྲིས་ཅི་ལྟར་འབྲི་གི་ཡོད། ཐད་ཀར་ཧི་གཟུགས་ཀྱི་ལམ་ནས་འབྲི་གི་ཡོད་དམ། ཡང་ན། གཡུ་མཚོ་དང་སྨོན་ལམ་གང་རུང་སྟེང་འབྲི་གི་ཡོད། ངས་བལྟས་ན་ཁྱོད་ཀྱིས་ནམ་རྒྱུན་ཐད་ཀར་ཧི་གཟུགས་ཀྱི་སྒང་ནས་སྤེལ་གྱིན་མེད་དམ་སྙམ་པས་དེ་ལྟར་སྤེལ་ན་གློག་ཀླད་གང་ཡིན་སར་འཆར་མི་ཐུབ་པའི་གནད་ཅིག་ང་ལའང་འཕྲད་མྱོང་། དེ་བས་ཁྱོད་ཀྱིས་ཐོག་མར་གཡུ་མཚོ་དང་སྨོན་ལམ་ཡིག་གཟུགས་གང་རུང་སྟེང་བྲིས་ཏེ་དེའི་རྗེས་ཧི་གཟུགས་སྟེང་བསྒྱུར་དང་། ད་གཟོད་ཕལ་ཆེར་འཆར་ཐུབ་བམ་སྙམ། དྲ་གྲོགས་ལགས། ངས་བཤད་པ་ལྟར་ཚོད་ལྟ་ཞིག་བྱོས་དང་། ཧི་གཟུགས་སུ་བསྒྱུར་བ་ལ་UDPཞེས་པའི་མཉེན་ཆས་དེ་དགོས།

    Reply
  11. shitsangwa says:
    ལོ་ 17 སྔོན།

    དྲ་གྲོགས་བོད་མིང་བ་ལགས། ཟིན་བྲིས་སུ་ཞུགས་པ་ནས་བཟུང་ཟིན་བྲིས་མང་བོ་ཞིག་གཅིག་རྗེས་གཉིས་མཐུད་དུ་སྤེལ་བར་དགའ་བསུ་ཞུ། ཡིན་ནའང་། ངས་དེ་སྔོན་ཁྱོད་ལ་བཤད་པ་བཞིན་ཁྱོད་ཀྱི་ཟིན་བྲིས་སྣ་གཅིག་ཀྱང་འདིར་འཆར་གྱིན་མི་འདུག ཁྱོད་ཀྱིས་ཟིན་བྲིས་ཅི་ལྟར་འབྲི་གི་ཡོད། ཐད་ཀར་ཧི་གཟུགས་ཀྱི་ལམ་ནས་འབྲི་གི་ཡོད་དམ། ཡང་ན། གཡུ་མཚོ་དང་སྨོན་ལམ་གང་རུང་སྟེང་འབྲི་གི་ཡོད། ངས་བལྟས་ན་ཁྱོད་ཀྱིས་ནམ་རྒྱུན་ཐད་ཀར་ཧི་གཟུགས་ཀྱི་སྒང་ནས་སྤེལ་གྱིན་མེད་དམ་སྙམ་པས་དེ་ལྟར་སྤེལ་ན་གློག་ཀླད་གང་ཡིན་སར་འཆར་མི་ཐུབ་པའི་གནད་ཅིག་ང་ལའང་འཕྲད་མྱོང་། དེ་བས་ཁྱོད་ཀྱིས་ཐོག་མར་གཡུ་མཚོ་དང་སྨོན་ལམ་ཡིག་གཟུགས་གང་རུང་སྟེང་བྲིས་ཏེ་དེའི་རྗེས་ཧི་གཟུགས་སྟེང་བསྒྱུར་དང་། ད་གཟོད་ཕལ་ཆེར་འཆར་ཐུབ་བམ་སྙམ། དྲ་གྲོགས་ལགས། ངས་བཤད་པ་ལྟར་ཚོད་ལྟ་ཞིག་བྱོས་དང་། ཧི་གཟུགས་སུ་བསྒྱུར་བ་ལ་UDPཞེས་པའི་མཉེན་ཆས་དེ་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese