མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུ་ཞིག་མི་རིགས་ཀྱི་དགྲ་བོ་དང་སུ་ཞིག་མི་རིགས་ཀྱི་བདག་པོ་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༠༨/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཆབ་བྲག་ལྷ་མོ་སྐྱབས།

ཉེ་ལམ་ནུབ་བོད་རང་སྐྱོང་ལྗོངས་ནས་བཏོན་པའི་ཏཱ་ལའི་རུ་ཚོགས་ཀྱི་ནམ་མཁར་མི་ཤོང་བའི་སྡིག་ཉེས་ཞེས་པའི་བོད་རྒྱ་ཤན་སྦྱར་གྱི་དེབ་དེར། སང་འཆི་གནངས་འཆི་ལ་སླེབས་པའི་ང་ཕོད་ལྟ་བུའི་ལོ་བརྒྱ་བུད་ཀྱང་བསམ་གཅིག་མ་ཤེས་པའི་གུང་ཁྲན་གྱི་རྒྱུག་ཁྱི་ང་ཕོད་དང༌། རག་སྡིས། བྱམས་པ་ཕུན་ཚོགས། འཕགས་པ་ལྷ་སོགས་བོད་ཀྱི་དཔོན་ཆེན་དང་བླ་ཆེན་གྱི་མིང་འཛིན་པ་ཁག་ཅིག་གིས། ༣།༡༤ ལྷ་སའི་དོན་རྐྱེན་ཞེས་པ་འདི། ཏཱ་ལའི་རུ་ཚོགས་ཀྱིས་སྒྲིག་འཛུགས་ཡོད་པ་དང༌། འཆར་གཞི་ཡོད་པ། ངན་བསྐུལ་བྱས་པ་བཅས་ཀྱིས་མེས་རྒྱལ་ཁ་བྲལ་དང་སྤྱི་ཚོགས་ཟིང་ལོང་བཟོས་པའི་ཆེད་བཟོས་ནག་ཉེས་ཆེན་པོ་ཞིག་ཡིན་ཚུལ་གྱི་ཁ་རྡུང་དྲག་པོ་བྱས་པ་དེ་དག་ལ་བསམ་ན་རང་གི་མི་རིགས་ནང་ནའང་འདི་འདྲའི་ཐོག་མཐའ་བར་གསུམ་དུ་ཇེ་དགར་འགྱུར་རྒྱུ་མེད་པའི་ངན་རུལ་པ། ལོ་བརྒྱར་བུད་ཀྱང་བསམ་གཅིག་མི་ཤེས་པའི་རྨོངས་རྒན་པ། ལྟོ་དོན་ཁོ་ནར་སྲེད་པའི་གུང་ཁྲན་གྱི་རྒྱུག་ཁྱི་གཏུམ་པོ། ཆོས་ཀྱི་རྒྱལ་པོར་རྒྱབ་ཀྱིས་པྱོགས་པའི་ནག་ཕྱོགས་གཤེད་མ་འདི་རིགས་ཨ་བསམས་ན་ཡིད་སེམས་གཏིང་ནས་སྐྱོ་པ་ཞིག་དང་ལྷན་དུ་དེ་དག་གི་མགོ་ལྕེ་དུམ་བུར་ཆད་ན་ཅི་མ་རུང་སྙམ་པའི་སྡང་སེམས་ཤིག་ཀྱང་སྐྱེ་ངེས།

འོན་ཀྱང༌། ཁ་སང་བོད་ཀྱི་དུས་བབ་འདོན་ཐེངས་༤༢༩ ནང་ལ་ཉེ་ཆར་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭར་འཚོགས་པའི་རྨ་ལྷོ་ཁུལ་གྱི་དགོན་སྡེ་སོ་དྲུག་གི་མི་སྣ་དང་མགོ་ཁྲིད་མང་པོ་ཕེབས་པའི་ཐོག ཏཱ་ལའི་རུ་ཚོགས་ཀྱི་བཟོ་ལྟ་ངོ་མར་དགག་རྒྱག་གིས་སྤྱི་ཚོགས་འཆམ་མཐུན་ལ་སློབ་སྦྱོང་བྱེད་དགོས། ཞེས་པའི་བརྗོད་གཞིའི་ཐོག་ལ། གྲྭ་བ་ཞིག་གིས། ཏག་ཏག་དེའི་ལྡོག་པྱོགས་ཀྱི་བསམ་ཚུལ་གནས་ལུགས་རྒྱུ་མཚན་དང་བཅས་ངར་ཤུགས་ཆེན་པོས་གླེང་སློང་བྱས་ཚུལ་དེ་མཐོང་ནས། ཨ་ཨ། ཅི་འདྲའི་མི་རིགས་ཀྱི་དཔའ་བོ། ཅི་འདྲའི་ལྷག་བསམ་རྣམ་དག་ཅན། ཅི་འདྲའི་དྲང་བདེན་སྨྲ་མཁན་ཞིག་ཨང་སྙམ་ནས་དགའ་སྤོབས་ཚད་མེད་ཅིག་སྐྱེས།

བོད་མི་ཚོས་འདི་ལྟར་ཚོགས་ཐོག་ནས་མགྲིན་པ་གཟེངས་སུ་བསྟད་དེ་སོ་སོའི་བསམ་ཚུལ་ངོ་མའམ་དྲང་བདེན་གྱི་སྐད་ཆ་ཤོད་པ་འདི་ནི་ཁྲོམ་ལམ་དུ་སྐད་འབོད་བྱས་པ་དག་ལས་ནུས་པ་ཧ་ཅང་ཆེ་བར་མ་ཟད། རང་ཉིད་ཀྱི་བདེ་འཇགས་ལའང་ཉེན་ཁ་ཆུང༌། གལ་ཏེ་ཁོང་ལ་རྗེས་སུ་རྩད་གཅོད་དོ་དམ་གང་ཡང་མེད་པ་ཞིག་བྱུང་ན། འདི་ནི་དོན་ངོ་མའི་དམངས་གཙོའི་སྨྲ་བརྗོད་རང་དབང་ཞིག་ཏུ་བརྩི་ཆོག ད་དུང་ཚོགས་འདུ་དེར། རང་སྐྱོང་ལྗོངས་ཀྱི་བདག་དབང་གི་སྐོར་ལའང་གླེང་སློང་བྱས་པ་དེ་ཡང་ཁ་ཚ་དགོས་གཏུགས་ཀྱི་བརྗོད་གཞི་ཞིག་ཡིན་པས། མུ་མཐུད་དེ་མི་རིགས་ཀྱི་ཁེ་ཕན་དངོས་དང་འབྲེལ་བའི་དམངས་གཙོའི་རྣམ་པ་དེ་རིགས་སྤེལ་རྒྱུ་ནི་དོན་ངོ་མའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་གསར་པའི་རྟགས་མཚན་ཞིག་རེད་ལ། མི་རིགས་རང་གི་བདག་པོ་ངོ་མ་ཞིག་ཀྱང་རེད། དེ་བས་ང་ཚོས་ཚོགས་འདུ་དེའི་གཙོ་སྐྱོང་གི་བློ་ཁོག་ཡངས་པའི་མགོ་ཁྲིད་རྣམ་པ་དང་མི་རིགས་ཀྱི་མགྲིན་ཚབ་ངོ་མ་དག་ལ་སྙིང་ནས་ཡི་རངས྄་དང་བསྔགས་བརྗོད་ཞུ་འོས།

སྤུན་ཟླ་རྣམ་པ། བོད་ཤར་ནུབ་གཉིས་ཀྱི་བར་ལ་འདི་འདྲའི་གནམ་སའི་ཁྱད་པར་ཞིག་བྱུང་དོན་ཅི་ཡིན་ནམ། རྒྱུ་རྐྱེན་མི་འདྲ་བ་རེ་ཡོད་ཀྱང༌། གཙོ་བོ་མི་རང་ཉིད་ལ་ཐུག་པའི་གནད་དོན་ཞིག་མ་རེད་དམ།

རེད་ཡ། མི་རིགས་ཀྱི་དཔའ་བོ་ངོ་མ་དང༌། མི་རིགས་ཀྱི་མགྲིན་ཚབ་པ་ངོ་མ། མི་རིགས་ཀྱི་ཞབས་འདེགས་པ་ངོ་མ་དེ་མི་དམངས་རང་གི་ཁྲོད་ན་ཡོད་པ་ལས། གུང་ཁྲན་གྱི་གསོས་པྲུག་ཧབ་སོ་སྣ་ཉག་དག་ནི་མི་རིགས་ཀྱི་ཞབས་འདྲེན་པ་ཙམ་དུ་མ་ཟད། མི་རིགས་ཀྱི་དགྲ་བོར་གྱུར་པའང་ཅི་ལ་མིན་ཏེ།  ཁོ་ཚོས་ཏཱ་ལའི་རུ་ཚོགས་ལ་རྒོལ་བ་ནི་དོན་དམ་པར་འཛམ་གླིང་གི་ཞི་བདེའི་དེད་དཔོན་ཆེན་མོ་དང་བོད་མི་རིགས་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་རླབས་ཆེན་གཙོ་འཛིན་གྱིས་གཙོས་བཙན་བྱོལ་བོད་རིགས་སྤུན་ཟླ་དང་དེ་དག་གི་རླབས་ཆེན་གྱི་འགན་འཁྲི་དང་དམིགས་ཡུལ་བཅས་པའི་དགྲ་ཟླར་ལངས་པ་ཞིག་ཡིན་པས་སོ། །

 

འབྲེལ་ཡོད་གསར་འགྱུར།

The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

སྐར་མ ༥༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩

མཆན། 5

  1. Lhamon says:
    ལོ་ 17 སྔོན།

    རྩོམ་པ་པོ་ཆབ་བྲག་ལགས།ཕྱོགས་གཅིག་ནས་བལྟས་ན་ཁྱེད་ཀྱི་དགོངས་ཚུལ་ལ་མོས་མཐུན་ཡོད། སྐབས་རེ་བསམ་བློ་བཏང་དུས།ཕྱི་དགྲ་ལྕགས་ནག་གི་སེར་བས་བརྙས་ན་བརྙས་པའི་དབང་དུ་བཏང་ཆོག་ཀྱང༌། ནང་དགྲ་ཁང་རྒན་གྱི་ཐིགས་པས་བརྙས་ན་བརྙས་པའི་དབང་དུ་མི་གཏོང་སེམས་ཐག་ཡིན་བསམ་པའང་དྲན་མྱོང༌། འོན་ཀྱང་སྤྱི་ཡོངས་ནས་བསམ་བློ་བཏང་ན།ང་ཚོ་བོད་པ་ཚང་གི་གཤིས་ཀ་སྡུག་ཤོས་དེ་ཁ་རོ་ལ་འཁོར་ནས་མི་ངུ་བར་གྱང་ལ་འཁོར་ནས་ངུ་བ་འདི་རེད། གོང་དུ་ཁྱེད་ཀྱིས་མིང་འདྲེན་བྱས་པ་འདི་དག་ལ་མཚོན་ནའང༌།ཝ་མི་བརྒྱལ་ཀ་མེད་འདྲེ་ཡི་འགྲམ་ལྕགས་དང༌། ཁྱི་མི་ཟུག་ཀ་མེད་རྐུན་མས་ནག་འབུར་ཟེར་བའི་དཔེ་ལྟར་གྱུར་ཡོད་པ་དངོས་ཡོད་གནས་ཚུལ་རེད། དེར་བརྟེན་ང་ཚོས་ཁ་རྡུང་དགོས་ས་དེ་ལ་གཏོང་མ་ཐུབ་པར་ནང་ལོག་ལ་ཚུར་གཏོང་འདུག་པ་འདི་ལ་བསམ་བློ་ངེས་པར་དུ་གཏོང་དགོས་པ་ཞིག་རེད་བསམ་གྱི་འདུག གལ་སྲིད་རྒྱ་ནག་གཞུང་གིས་འདི་ལྟ་བུའི་རྒྱུད་སྐུལ་དང་ངན་གཡོ།འཇིགས་སྐུལ་བཅས་བྱེད་ཀྱི་མེད་ན། ཁོང་རྣམ་པར་མཚོན་ནའང་དེ་ལྟར་བྱེད་མི་སྲིད་པ་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་རེད། དེར་བརྟེན་གཉོམ་ཆུང་ཁོང་ཁྲོ་ནང་ལ་ཟ།ཕོ་ངན་ཁ་སྤུ་ནང་ལ་སྐྱེས་ཟེར་བཞིན་མི་གནང་བར་རྗེས་སུ་དགོངས་པ་ངེས་པར་དུ་བཞེས་དགོས་པ་གལ་ཆེ་བར་སྣང༌།

    Reply
  2. ཁྱུང་ལྡིང༌། says:
    ལོ་ 17 སྔོན།

    སུ་ཞིག་མི་རིགས་ཀྱི་དགྲ་བོ་ཡིན་ནམ། བོད་ལ་བོད་མི་དགོས་པ་དེ་ཚོ་མི་རིགས་ཀྱི་དགྲ་བོ་རེད། སུ་ཞིག་མི་རིགས་ཀྱི་གྲོགས་པོ་ཡིན་ནམ། རང་ཉིད་ལ་རང་ཉིད་དགོས་མཁན་དེ་ཚོ་མི་རིགས་ཀྱི་གྲོགས་པོ་ཡིན། དགྲ་གྲོགས་ཀྱི་རྣམ་དབྱེ་ཤེས་མཁན་དེ་ཚོ་མཁས་པའམ་ཡང་ན་རྣམ་དཔྱོད་ལྡན་པ་ཟེར། དེ་ལྟར་མི་ཤེས་པར་ཚིག་རེ་ གཉིས་རེ་བཤད་ཤེས་མཁན་དང་ཡིག་འབྲུ་རེ་གཉིས་རེ་འབྲི་ཤེས་པ་ཙམ་དང་གསར་ཤོག་ཐོག་གང་བྱུང་འགོད་མཁན་དེ་རིགས་ལ། བླུན་པོ་སྨྲ་བ་ལ་དགའ་བ་དང༌།།བསྟན་བཅོས་མི་ཤེས་རྩོམ་ལ་དགའ།།ཞེས་པའི་ལེགས་བཤད་དེའི་ལུང་གིས་ཟིན་པ་རང་རེད།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དྲ་གྲོགས་ཆབ་བྲག་ལྷ་མོ་སྐྱབས་ལགས། སྤྱིུར་བཏང་གིས་མི་ཟེར་བ་འདི་ལ་བཟང་ངན་གཉིས་ཡོད་པ་བདེན་མོད། འོན་ཀྱང་། བོད་ནང་གི་མི་སྣ་དེ་དག་གི་བྱེད་སྟངས་ཕྱོགས་གཅིག་ལ་སྡུག་དམོད་བྱེད་པ་དང་ཕྱོགས་གཅིག་ལ་བསྟོད་པ་བྱས་པ་དེ་ཡང་། བསམ་བློ་ཞིབ་མོ་ཞིག་བཏང་ནས་བཤད་ཡོད་ན་ཅི་མ་རུང་། བོད་ནང་ལོག་གི་བོད་མི་ལས་བྱེད་མི་སྣ་དེ་དག་གི་གནས་སྐབས་རང་རང་གི་ལས་སྣེ་གཅིག་བུ་མ་ཡིན་པར་ཕྱོགས་གང་ས་ཞིག་ལ་བསམ་བློ་བཏང་ནས་སྐད་ཆ་རེ་ཟུང་ལ་ཐད་ཆ་ཤོས་སྲིད་ཀྱང་། ང་ཚོས་ཁོང་ཚོ་ལ་ཡང་བོད་མི་རིགས་ཀྱི་བླ་སྲོག་གནས་ཡོད་པ་ཡིད་ཆེས་བྱས་ཆོག་པ་ཡིན། དེས་ན་རྗེས་ཕྱོགས་སུ་བོད་ནང་གི་བོད་མི་ལས་བྱེད་དག་ལ་འཕྱ་དམོད་དང་སྡུག་དམོད་བྱེད་རྒྱུས་ཕྱོགས་ལ་འགན་འཁུར་ཡོད་པས་སྐད་ཆ་རེ་བཤད་ཐུབ་ན་ཡག་པོ་འདུག དེ་མིན་རང་དབང་ཡོད་ས་ནས་ཁ་མཁས་བོ་བཤད་ཤེས་པ་ཙམ་གྱིས་གང་ཡང་མི་ཕན།

    Reply
  4. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    འདི་ངས་མི་གཞན་པ་ཞིག་ལ་བཏང་ཡང་ནོར་ནས་འདིར་ཤོར་དགོངས་དྭངས།

    Reply
  5. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    གྲོགས་པོ་སྐུ་བདེ་མོ།སྐད་ཆ་ལབ་ན་ཆོག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese