མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཆོད་དོན་ཚན་བཅུ་དྲུག་བཀླགས་རྗེས།

བོད། ཤ་ཁྲག་རུས་གསུམ།
༢༠༠༨/༡༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

གྲོས་

ཆོད་འཇོག་པ་ནི་དམ་བཅའ་བཞག་པ་དང་གཅིག་མཚུངས་རེད། གསར་དུ་བཞག་པའི་གྲོས་ཆོད་འདི་ལག་ལེན་དུ་བསྟར་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད། ཡིད་ཆེས་དེ་ལ་ངང་སྒུག་བྱེད་མཁན་ནི་བོད་པ་ཚང་གི་ཕྱི་ནང་གཉིས་ཀྱི་བོད་མི་ཡིན། ད་ནི་ཁ་ཡོད་ནང་གི་ལག་ཡོད་ཞིག་སུས་བྱེད་ཐུབ་ཀྱིན་འདུག་ཟེར་ནས་བལྟས་པ་དང་བཤད་ནས་མི་བསྡོད་པར་ཆིག་སྒྲིལ་ངང་ལག་ལེན་དུ་བསྟར་བས་དུས་སུ་སླེབས་ཡོད། དེ་ནི་ཆོལ་ཁ་ཞིག་དང་ཚོགས་པ་ཞིག ཡང་ན་མི་སྒེར་བ་ཞིག་གིས་སྒྲུབ་པར་རེ་བ་བརྒྱག་པ་དང་བོད་དོན་བྱེད་མཁན་ནི། ཆོལ་ཁ་ཞིག་དང་ཚོགས་པ་རེ་ཟུང་། མི་སྒེར་བ་རེ་ཟུང་ཡིན་པར་བསམ་ན་ནོར་འཁྲུལ་ཡིན། དེས་ན་དབུ་༧གོང་ས་མཆོག་ནས་གཞུག་བོད་མི་སྤྲང་བོ་ཚུན་ཆད་དུ་འགན་འདི་འཁྲི་ཡོད་པ་རེད། ལྷག་པར་དུ་༧གོང་ས་མཆོག་གིས་ཉིན་མཚན་ལྟོས་མེད་དུ་སྐུ་ངལ་ལ་མ་འཛེམ་པ་དང་སྐུ་སྙུང་བཞེས་ན་ཡང་། སྐུ་ངལ་མ་གསོས་པར་བོད་ཀྱི་དོན་དུ་ཕྱག་གཉིས་ཐལ་མོ་སྤྱོར་བཞིན་འཛམ་གླིང་གི་སྐྱེ་འགྲོ་གཞན་དག་གི་དྲུང་དུ་བཅར་ནས་བོད་དོན་སྒྲུབ་བཞིན་པ་འདི་ལ་བསམ་ན་ནི། ང་ཚོས་ད་དུང་རྒྱག་གཏམ་བཤད་དེ་རང་གི་ཁ་ལྟོ་ཙམ་ཡང་མི་ཡོང་བར་བསྡད་ན་ནི། ཁྲེལ་གཞུང་མེད་པ་ནས་ལ་རྒྱ་མེད་པ། ངོ་ཚ་མི་ཤེས་པ་ཞིག་དུ་གྱུར་སོང་བ་མ་ཡིན་ནམ། ལྷག་པར་དུ་ཚོགས་ལ་ཉེ་བའི་ཚོགས་འདུ་དེ་ཡང་མི་མང་བོ་ཞིག་གིས་ཧུར་བརྒྱབ་ནས་ཆུང་ས་ནས་ཆེ་ས་ཞིག་དུ་བསྐྱལ་བ་དེ་ཡི་གཏམ་གླེང་ཁྲོད་དུ་༧གོང་ས་མཆོག་གི་བསྟན་གནང་བས་ལམ་ཁ་ལ་སྐྱོན་བརྗོད་བྱེད་མཁན་རེ་ཟུང་འདུག་པ་དེ་ནི་ཅི་འདྲའི་བསམ་བློའི་མི་དཔོག་པ་ཞིག་མ་རེད་དམ། གང་ལྟར། བོད་མི་ཚང་ང་ཚོ་དགོས་པ་ནི་བོད་མི་ཡིན་ལ་བོད་མི་ལ་དགོས་པ་ནི་ཆོས་དང་རིག་གཞུང་ཡིན། ཆོས་དང་རིག་གཞུང་གི་དབུ་ཁྲིད་བྱེད་མཁན་ནི་༧གོང་ས་མཆོག་ཡིན་ལ། ༧གོང་ས་མཆོག་མེད་པའི་བོད་དོན་ཞིག་ང་ཚོ་ལ་དགོས་དོན་མི་འདུག དེས་ན་༧གོང་ས་མཆོག་ལ་བོད་མི་དམངས་ཀྱི་ཆེས་ཚད་མཐོ་བའི་འགྲིན་ཚབ་ཀྱི་དབང་ཚད་དེ་ཡོད་དགོས་ལ། ང་ཚོས་ཀྱང་དེ་ལྟར་གླེང་བ་ནས་རྒྱབ་སྐྱོར་བྱེད་རྒྱུ་ལས་སྐྱོན་བརྗོད་བྱས་ན་གཏན་ནས་མི་འགྲིག རང་དབང་དང་མང་གཙོ་ཁ་ལ་འཁྱེར་མཁན་དག་གིས་རང་དབང་དང་མང་གཙོའི་རིན་ཐང་ཤེས་ཀྱི་ཡོད་ན་ནི། ༧གོང་ས་མཆོག་ངོ་ཤེས་སྲིད་པ་རེད་ལ། ༧གོང་ས་མཆོག་ལ་ཚད་མེད་པའི་གུས་བཀུར་ཡང་བྱེད་ངེས་རེད། དེ་མིན་་་་

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༠ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༡ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༢ སྔོན་ལ།

མཆན། 12

  1. sha tak ri sim says:
    ལོ་ 16 སྔོན།

    དྲ་གྲོགས་སྟག་སྨྱོན་ལགས། བོད་དོན་ལ་སེམས་འཁུར་ཡོད་པ་ནི་བོད་པ་ཞིག་གིས་རང་ཉིད་བོད་མི་ཡིན་པ་དེར་ངོས་ལེན་བྱས་པ་རེད། ཁྱེད་ཀྱིས་རང་ཉིད་ལ་ཡོད་པ་ནི་ངའི་སྲོག་ཡིན་ཟེར་ནས་གླེང་བཞིན་པ་དེ་བདེན་པ་ཡིན་ན། ས་མཐའ་ནས་དབང་ཤུགས་དང་དཔལ་འབྱོར་གང་ཡང་མེད་པས་ང་ཚོས་རང་ཉིད་ཀྱི་ཚེ་སྲོག་དེ་ནི་བོད་དོན་སྒྲུབ་བྱེད་ཀྱི་རྒྱུ་ཆ་དང་པོ་ཡིན་པར་ཤེས་ཀྱི་ཡོད་ན་ནི། ནམ་རྒྱུན་ཨ་རག་འཐུང་ནས་རང་གི་རྩ་ཆེ་བའི་དངོས་པོ་དེ། ཁྱེད་རང་གི་སྲོག་ལ་གཅེས་སྐྱོང་རེ་གནང་རོགས་ཟེར་རྒྱུ་ཡིན་ལ། འདི་ནི་བོད་ཀྱི་སེམས་པ་ཡོད་མཁན་ཞིག་ནས་བོད་མི་ཞིག་ལ་གླེང་བས་ས་མཐའི་སེམས་གཏམ་ཡིན། ག་ལེར་འཇལ་ཡོང་། ཁོམ་པ་རེ་བྱུང་ན། དྲ་གྲོགས་ཁྱེད་ཀྱིས་རང་གི་ཚེ་སྲོག་ལ་གཅེས་སྐྱོང་བྱེད་ཕྱོགས་ཐད་དུ་བསམ་བློ་མང་ཙམ་གཏོང་རོགས་་་་་

    Reply
  2. Crazy tiger says:
    ལོ་ 16 སྔོན།

    གཞན་གྱི་ས་ཐོག་ནས་གཞན་གྱི་ཆུ་འཐུང་བཞིན་འཚོ་མཁན་གྱི་འཁྱམ་པོ་ཞིག་པས་བོད་མི་རིགས་ལ་ཤེས་ཡོན་དང་དཔལ་འབྱོར། དབང་ཤུགས་སོགས་ཀྱི་ཐོག་ནས་ཞབས་འདེགས་སྒྲུབ་རྒྱུ་ཁག་པོ་རེད། ང་ལ་རྩ་ཆེ་བའི་དངོས་པོ་གཅིག་ཡོད། དེ་ནི་ངའི་སྲོག་ཡིན། འདི་ཕུལ་མ་ཐུབ་ན་དེ་ནས་ཕན་ཐོག་རྒྱུ་ཁག་པོ་རེད།

    Reply
  3. Crazy tiger says:
    ལོ་ 16 སྔོན།

    མདང་དགོང་གཟའ་སྤེན་པར་འཆར་ཅན་ལྟར་ཆང་འཐུང་ནས་བཟི་འདུག་པས་བཟི་གཏམ་མང་སེ་བྲིས་ཤོར་འདུག ཡ་ཡ། གཉིས་ཕན་གྱི་བསམ་བློ་ཉི་ཚེ་བ་རེ་ཡིན་ཡང་སེམས་རྒྱུད་ལ་ཨེ་ཤར་འབད་ཆོག

    Reply
  4. sha tak ri sim says:
    ལོ་ 16 སྔོན།

    དྲ་གྲོགས་སྟག་སྨྱོན་ལགས། ང་རང་གི་བསམ་ཚུལ་ཡིན་ན། བཟོད་བསྒོམ་བྱེད་མ་ཐུབ་པ་ཡིན་ན་གོ་སྐབས་མི་རེག་ལ། གོ་སྐབས་མ་བྱུང་ན་བོད་དོན་སྒྲུབ་མི་ཐུབ། བོད་དོན་མ་འགྲུབ་ན་ཤི་གསོན་པ་ལས་ཤི་ན་དགའ་ཟེར་བ་ལས་བོད་དོན་འགྲུབ་ཆེད་དུ་ཤི་བ་ལས་གསོན་དགོས་བསམ་ནས་བཟོད་བསྲན་ལ་གོམ་འདྲིས་བྱེད་པ་དང་ཆབས་ཅིག ཐབས་ཤེས་ལ་བརྟེན་ནས་འགུལ་བསྐྱོད་བྱེད་པ་ལས་རྒྱོབ་རྒྱོབ་གསོད་གསོད་གསུང་ནས་བོད་དོན་ཞིག་ཕར་ཞོག་ཐ་ན་མི་སྒེར་བ་ཞིག་གིས་ལྟོ་དོན་ཡང་མི་འགྲུབ་ཁོ་ཐག་ཡིན། དེ་ནི་བསམ་བློ་དྲུག་གསུམ་བཅོ་བརྒྱད་གཏོང་དགོས་པ་ཞིག་མ་ཡིན་པར། མི་སུ་ཡང་རུང་བ་ཞིག་གིས་ཀྱང་བསམ་བློ་བཏང་ན་ཤེས་ངེས་པ་ཞིག་རེད། ད་ནི་གསོད་རེས་གཏུབ་རེས་བྱས་དེ་རྒྱལ་ཁ་ལེན་དགོས་ཟེར་ན་གླེན་རྟགས་ནང་གི་ལྐུག་རྟགས་དང་། ལྐུག་རྟགས་ནང་གི་རྨོངས་རྟགས་རེད། ང་ཚོ་བོད་པ་ཚང་ད་ནི་རྨོངས་གཉིད་ལས་སད་རིན་ཡིན་པ་ལས། རྒྱ་ནག་སྲིད་གཞུང་གི་རེ་འདོད་ལྟར་ང་ཚོས་དམར་གསོད་བྱེད་པའི་ལས་སུ་ཞུགས་པ་ཡིན་ཚེ། ཁོང་ཚོས་འདོད་ཐོག་དུ་སོང་སྟབས། གསོད་ཆོག་ཆོག་གི་མེ་མདའ་གྲངས་ལས་འདས་པ་ཞིག་རྒྱུ་འབྲས་དང་ཡ་རབས་སྤྱོད་བཟང་ལ་རྣ་བ་ཙམ་ཡང་ཕྱོགས་མ་མྱོང་བས་དམར་དམག་དེ་དག་གི་མེ་མདའི་རྡེའུ་དེ་དག་ཆར་དྲགས་བཞིན་སྐར་ཆ་ཁ་ཤས་ཀྱི་རིང་ལ་བོད་མི་དམངས་ཀྱི་ཐོག་དུ་ཕབ་རྒྱུར་ཁོང་ཚོ་ལ་འཚེར་སྣང་གཏན་ནས་མེད། དེ་དུས་གྱོང་རེག་མཁན་དེ་བོད་པ་ཚང་ལས་རྒྱ་ནག་སྲིད་གཞུང་མིན་པ་ཤེས་པར་གྱིས། ང་ཚོ་ད་དུང་ཅིས་ཀྱང་གསོན་དགོས། གསོན་བསྡད་ན་ང་ཚོ་ལ་བོད་དོན་སྒྲུབ་པའི་གོ་སྐབས་མང་པོ་ཡོད། གནས་ལུགས་དང་རྒྱུ་མཚན་མང་བོ་ཞིག་གིས་ང་རང་ཚོ་བོད་དོན་དུ་གསོན་དགོས་པ་ལས། ད་ལྟ་རང་ཤི་དགོས་པར་ནམ་ཡང་བཤད་ཀྱི་མི་འདུག གསོད་གཏུབ་ཀྱི་སྐད་ཆ་ཡང་མི་འདུག་པ་དྲ་གྲོགས་སྟག་སྨྱོན་ལགས་སེམས་སུ་ཨེ་ཤར་ལ་ཚོད་ལྟ་ཞིག་གནང་རོགས་ཞུ།

    Reply
  5. Crazy tiger says:
    ལོ་ 16 སྔོན།

    ང་ལ་བསམ་བློ་ཡར་མར་བཅོ་བརྒྱད་གཏོང་རྒྱུའི་བཟོད་སྒོམ་ཡོད་པ་མ་རེད། རིང་པོ་རིང་པོ་འབྲི་རྒྱུ་མ་རེད། མདོ་དོན་རྒྱ་མིས་བོད་ཀྱི་ས་ཆའི་ཆེད་དུ་བོད་མི་ཚང་མ་གསོད་དགོས་ཐུག་ནའང་གསོད་གི་ཡིན་ཟེར་གི་ཡོད་པ་རེད། དེ་ལ་ང་ཚོས་ཀྱང་རང་སའི་ཆེད་དུ་བོད་མི་ཚང་མའི་སྲོག་འཇོག་དགོས་ན་འཇོག་གི་ཡིན་ཟེར་དགོས་པ་རེད། གལ་སྲིད་རྒྱ་མི་ཞིག་བོད་ལ་ཡོང་ན་ཤི་གི་ཡོང་གི་ཡོད་པ་དང་གཅིག་པ་བཟོ་དགོས་ཀྱི་ཡོད་རེད། གཅིག་བཞག་ན་གཅིག་མང་རུ་འགྲོ་གི་རེད།

    Reply
  6. sha tak ri sim says:
    ལོ་ 16 སྔོན།

    དྲ་གྲོགས་སྟག་སྨྱོན་ལགས། སྨོན་ལམ་ལ་འཐུ་དང་ནུས་པ་ཞིག་ཡོད་ན། ངས་བོད་ལ་བདེ་སྐྱིད་ལྡན་པ་དང་རང་དབང་ཐོབ་པར་ཤོག་ལོས་ཟེར། ད་དུང་མུ་གེ་དང་ལྟོགས་སྐོམ་གྱི་མནར་བའི་ཨ་སྤུ་རི་ཀ་བ་གཙོ་བའི་མིའི་རིགས་ལ་མུ་གེ་དང་ནད་ཡམ་མེད་པར་ཤོག་ཟེར་ན་འདོད། གང་ལྟར། ཁྱེད་རང་བོད་དུ་སོང་ནས་ལས་དོན་རླབས་ཆེན་རེ་བྱེད་ཐུབ་པར་ང་རང་གི་རེ་བ་རྒྱག་ཆོག ཡིན་ཡང་ཁྱེད་རང་སོང་ནས་ཉེས་མེད་ཀྱི་རྒྱ་ནག་མི་དམངས་དཀྱིས་མ་རེ་གསོད་ཀྱི་ཟེར་ན་ང་རང་གཏན་ནས་ཐད་པ་མི་འདུག གང་ཡིན་ཟེར་ན། དེ་དག་ནི་ང་ཚོ་དང་གཅིག་པ་རེད། ད་དུས་དེ་ལས་ཀྱང་ཁྱེད་ཀྱིས་རྒྱ་ནག་སྲིད་གཞུང་གི་མི་སྣ་གང་རུང་རེ་གསོད་ཐུབ་མིན་རེ་ཨེ་ཐུབ་ལྟ་རྒྱུ་ཟེར་ན་ང་རང་དེ་ལ་ཡང་ཐད་པ་མེད། ཁྱེད་རང་མི་གཅིག་གིས་མི་མང་བོ་ཞིག་གསོད་མི་ཐུབ་ལ། གལ་སྲིད་བརྒྱ་ཚོ་གཅིག་གསོད་ཐུབ་ཀྱང་དེས་བོད་ལ་ཆག་འཇིགས་ཇེ་མང་དུ་བཏང་བ་ལས། བོད་ལ་བདེ་སྐྱིད་དང་ངལ་གསོ་གང་ཡང་སྤྲོད་མི་ཐུབ་ཁོ་ཐག་ཡིན། དེ་ལས་ཁྱེད་རང་བོད་དུ་འགྲོ་རྒྱུ་ཡིན་ཟེར་ན་ང་རང་ལ་ཐད་པ་ཡོད་ལ། བོད་དུ་སོང་བ་ཙམ་གྱིས་ངས་ཁྱེད་ཀྱི་བོད་དོན་བྱེད་ཐུབ་ངེས་རེད་ཅེས་ཡིད་ཆེས་བྱེད་རྒྱུ་ཡིན། དེ་ག་རེ་ཡིན་མིན་ཁྱེད་རང་ལ་དུས་ཚོད་བྱུང་ན་ངེད་གཉིས་ག་རེ་གླེང་མོལ་བྱེད་ཆོག ཁྱེད་ཀྱིས་ང་རང་ཤི་རྒྱུར་སྐྲག་མཁན་གྱི་སྡར་མ་ཞིག་རེད་མ་འདོད། མི་གཅིག་གཉིས་ཤིག་གི་རང་སྲོག་གཏོང་བ་དེས་གང་ཡང་མི་ཕན། ཡིན་ཡང་་་་

    Reply
  7. Crazy tiger says:
    ལོ་ 16 སྔོན།

    ཉིན་ཞིག་ཁྱེད་ཀྱིས་གསར་འགྱུར་འདི་འདྲ་ཞིག་གོ་ཐུབ་པའི་རེ་བ་ཡོད། རྒྱ་དམག་གིས་བོད་མི་ཞིག་བསད་འདུག བོད་མི་དེས་དང་པོ་རྒྱ་མའི་ལྟེ་གནས་ཤིག་ལ་མེ་བརྒྱབ་པའམ་། རྒྱ་མིའི་གནས་གཞི་ཞིག་ལ་མེ་མདའ་བརྒྱབ་ནས་རྒྱ་མིའི་ལས་བྱེད་ཁ་ཤས་བསད་པའམ། ཡང་ན་རྒྱ་མི་ཞིག་ལ་དང་པོ་བོད་མི་དེས་གྲི་བརྒྱབ་ནས་བསད་རྗེས་ཁོའང་བསད་འདུག་ཟེར་བ་གོ་སྲིད། ད་དུང་མི་དེའི་དཔང་པ་གཡས་པའི་སྟེང་སྟག་སྨྱོན་ཞེས་བྲིས་འདུག་ཟེར་ན་ང་རེད། མ་ནི་ཐོན་ཨ། ཡང་མིན་ན་བོད་མི་ཅིག་གིས་གོང་གི་ལས་འགུལ་དེ་འདྲ་སྤེལ་རྗེས་རི་ལ་བྲོས་འདུག འོན་ཀྱང་སྟག་སྨྱོན་གྱི་ཡིག་ཆུང་ཞིག་ཁལ་མ་ན་གཡུག་འདུག་ཟེར་ནའང་ང་རེད། སྨོན་ལམ་རྒྱོབས་ཨ།

    Reply
  8. sha tak ri sim says:
    ལོ་ 16 སྔོན།

    དྲ་གྲོགས་སྟག་སྨྱོན་ལགས། དེ་ལྟར་རེད། ངས་ཀྱང་ཁྱེད་དང་ང་ལྟ་བུ་གྲངས་ལས་འདས་པ་ཞིག་བོད་དོན་ཆེད་དུ་ཤི་གསོན་ཐག་གཅོད་བྱེད་མཁན་ཞིག་དུ་འགྱུར་བར་རེ་བ་བྱེད་ཀྱི་ཡོད་ལ། ཉལ་ས་གང་རང་ཞིག་དང་ས་མཐའ་གང་རང་ཞིག་ནས་ཤི་མི་འགྲོ་བར་རེ་བ་རྒྱབ་པ་གཅིག་བུ་མ་ཡིན་པར་དེ་ལྟར་ཡོང་བར་ཤོག་ཟེར་གྱི་ཡིན། དོན་དངོས་ཐོག་དེ་ལྟར་ཡོང་བ་ཞིག་ང་ཚོས་ཀྱང་རང་རང་གི་ས་ནས་གང་ཐུབ་ཐུབ་ཞིག་གྲ་སྒྲིག་བྱེད་དགོས་རེད་ལ། ཁྱེད་ཀྱིས་ཀྱང་གང་ཐུབ་ཐུབ་རེ་གྲ་སྒྲིག་བྱེད་ཀྱི་ཡོད་པར་བདག་ལ་ཡིད་ཆེས་ཡོད། རིག་བཟང་གི་བུ། ཕ་བཟང་གི བོད་ཀྱི་བུ། ང་ཚོ་ཉན་དགོས་པ་ཡིན། ཤི་ན་ས་མཐའ་དང་ཉལ་ས་ནང་ནས་མི་ཤི འདི་ང་ཚོས་བོད་མི་རིགས་ལ་འཇོག་དགོས་པའི་དམ་བཅའ་ཞིག་རེད་ཟེར་ནས་བཤད་ན་འགྲིག་ལ། དེ་ལྟར་དུ་སེམས་ནང་དུ་ཡང་འཛིན་དགོས་པ་ཡིན། དེ་ལྟར་བྱེད་་་

    Reply
  9. Crazy tiger says:
    ལོ་ 16 སྔོན།

    དྲན་གྱི་འདུག ང་བོད་པའི་སྐོར་ལ་ཚད་ལྡན་ཞིག་བཤད་རྒྱུའི་ཆ་རྐྱེན་དཀོན་པའི་ས་མཐའི་ཡང་ས་མཐའ་ཞིག་གཅིག་པོ་ཡིན་པས་ཕྱི་ལ་ཐོན་ནས་ཕན་ཐོགས་ཡོད་པ་མ་རེད། ལྷག་པར་དུ་གོ་སྐབས་འོས་མཚམས་ཤིག་བྱུང་ན་རྒྱ་ནག་ལ་ང་ཚོ་སྲོག་གཏོང་རྒྱུར་ཡང་ཐོགས་པ་མེད་པ་ལག་ལེན་གྱི་ཐོག་ནས་བདེན་དཔང་བྱེད་འདོད་པ་ལས། དབུ་ཁྲིད་ཅིག་དང་འདྲ་བར་རིང་པོ་རིང་པོ་བྲིས་ནས་འདུག་མི་འདོད་པ་རེད། མི་ཚེ་འདི་ན་ནས་ཤི་ན་འཕྲོ་བརླག་རེད་བསམ་གི་འདུག ངའི་སྲོག་འདི་བོད་དོན་ཆེད་དུ་གཏོང་ཐུབ་པ་ཤོག ཉལ་ས་ནང་ནས་ན་བཞིན་ཤི་མ་དགོས་པ་ཤོག་བསམ་གི་ཡོད།

    Reply
  10. sha tak ri sim says:
    ལོ་ 16 སྔོན།

    དྲ་གྲོགས་སྟག་སྨྱོན་ལགས། ཁྱེད་རང་ཐུགས་རྗེ་ཆེ། ལམ་སྟོན་གནང་བ་དེ། ཡིན་ཡང་སྔོན་ཆད་ཁྱེད་རང་གི་ས་ཐོག་ནས་ཡིན་པ་ཡོད། ངས་གསལ་བོ་ཞིག་མི་དྲན་མོད། མི་ཞིག་གིས་ཁྱེད་རང་ལ་སྨྱུག་མིང་སྤྱོད་པ་ལས་དངོས་མིང་བྲིས་ན་ཡག་རབས་གླེང་དུས་སུ་ངས་དེ་ནས་ལན་ཞིག་བཏབ་ཡོད་པ་ཁྱེད་ཀྱིས་དྲན་གསོས་ཀྱི་ཨེ་འདུག མེད་ན་མི་སྐྱོན། ཡིན་ཡང་ངའི་བསམ་ན་ང་ཚོས་ཕན་ཚུན་གྱི་མིང་དངོས་མ་དེ་ཤེས་མིན་གལ་ཆེན་པོ་མིན་པར་འདོད། གལ་ཆེ་བ་ནི་ཕན་ཚུན་གྱི་བསམ་ཚུལ་དྲ་ཐོག་འདིར་སྤེལ་ནས་མི་དམངས་ལ་བསམ་ཚུལ་རེ་ཟུང་གིས་ཞབས་ཞུ་རེ་བྱེད་ཐུབ་མིན་དེ་རེད། བསམ་ཚུལ་གང་ཞིག་གིས་མི་དམངས་ལ་ཕན་ཐོག་སོང་ན། གཟོད་ནས་ང་ཚོས་དྲ་ཐོག་འདི་ནས་དུས་ཚོད་དང་བསམ་ཚུལ་མང་པོ་བྲིས་པ་ལ་གྲུབ་འབྲས་བྱུང་བ་རེད་ཟེར་ན་འགྲིག ང་རང་གིས་དུས་རྟག་དུ་མིང་དང་མི་གཟུགས་དེ་མི་དམངས་ལ་སྟོན་རྒྱུ་དེ་ནི་གལ་ཆེན་དུ་མཐོང་གི་མི་འདུག ཐོག་མར་མི་དམངས་ཀྱི་མཐོང་དགོས་པ་དེ་ནི་ང་ཚོས་མི་དམངས་བསམ་ཚུལ་ཡང་དག་པ་ཞིག་མཐོང་དུ་བཅུགས་ནས། མི་དམངས་ལ་ང་ཚོ་དགོས་འཁོ་ཡོད་མེད་དང་ང་ཚོ་ལ་ཡང་མི་དམངས་དགོས་ཀྱི་ཡོད་མེད་དེས་ས་མཚམས་ཤེས་ཐབས་ལ་བརྩོན་འགྲུས་བྱེད་རྒྱུ་དེ་རེད་སྙམ་གྱི་ཡོད་ན། དྲ་གྲོགས་སྟག་སྨྱོན་ལགས། ཁྱེད་རང་ཡང་ང་དང་འདྲ་བར་མིང་དངོས་མི་སྟོན་པ་དང་མི་གཟུགས་མི་སྟོན་པའི་རྒྱུ་མཚན་འདི་འདྲ་ཐུང་ཐུང་རེ་བཤད་རྒྱུ་ཡོད་དམ། ངས་འདང་རྒྱབ་ན་ཡོད་རྒྱུ་རེད་འདོད། དེ་འདྲ་ཞིག་ཨེ་རེད།

    Reply
  11. Crazy tiger says:
    ལོ་ 16 སྔོན།

    ཁྱེད་ཀྱིས་ཟིན་བྲིས་སྤེལ་བར་དགོས་པ་གཉིས་ཡོད་པ་རེད། དང་པོ་རང་གི་བསམ་ཚུལ་མི་ལ་བཤད་པ། གཉིས་པ་དེའི་ཐོག་མིའི་བསམ་ཚུལ་ཐོབ་རྒྱུའི་རེ་བ་ཡོད་པ་རེད། འོན་ཀྱང་ཀློག་མཁན་ཚོར་སེར་སྣ་ཆེ་བས་མཆན་མང་པོ་འདེབས་གི་མ་རེད། གང་ལྟར་ཁྱེད་རང་གི་ལས་འགན་འབྲི་དགོས་པ་དེ་རེད། ཆ་རྐྱེན་ལྡན་འདུག

    Reply
  12. Crazy tiger says:
    ལོ་ 16 སྔོན།

    ཤ་ཁྲག་ཁྱོད་བསོད་བདེ་ཅན་ཞིག་ཡིན་འདུག་པས་འབད་བརྩོན་བྱོས། དུས་ཚོད་དང་བོད་ཡིག་གི་གནས་ཚད་ཡག་པོ་ཡོད་ཐོག། འབྲི་འདོད་ཀྱི་བརྩོན་སེམས་འདང་ངེས་དང་གློག་ཀླད་སོགས་ཀྱི་ཆ་རྐྱེན་ཡང་ཡོད་འདྲ་བས་དགའ་བོ་བྱུང་། ཁྱེད་ལ་ཐེངས་གཅིག་ནང་གཏམ་ཞིག་བཤད་པ་ཡང་དང་དུ་ལངས་ནས་ཆགས་སྲིད་སྐོར་གྱི་ཟིན་བྲིས་གསུབ་པར་མི་རང་གཤིས་སླད་མེད་ཅིག་པའི་ཡིན་པའི་བག་ཆགས་སླེབས་སོང་བས་རྗེས་སུ་ཡི་རང་ཡོད། མ་ཟད་དམིགས་བསལ་ཆབ་སྲིད་ཀྱི་དགོས་པ་མེད་ན་རང་གི་མིང་ངོ་མ་སྤྱོད་ཐུབ་ན་སྤྱི་ཚོགས་ནང་གྲུབ་འབྲས་དང་གདེངས་འཇོགས་དག་དག་ཅིག་ཐོབ་གི་རེད། སྤྱི་ཚོགས་ཁྲོད་རང་ཉིད་ངོ་སྤྲོད་ཡང་དག་ཅིག་ཡོང་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese