མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ང་རང་བོད་པ་ཡིན་ཟེར་ན་འདོད།

བོད། ཤ་ཁྲག་རུས་གསུམ།
༢༠༠༨/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་པ་ཞིག་གི་སྐྱེ་བ་ལངས་པ་ནས་བཟུང་དེ་ད་ལྟའི་བར་དུ་མི་སུ་ཞིག་དང་འཕྲད་ཀྱང་རེད། སུ་ཞིག་གིས་སྐད་ཆ་དྲིས་ཀྱང་རེད། ངས་ང་རང་བོད་པ་ཡིན་ཟེར་བཞིན་ལན་འདེབས་པར་ཧ་ཅང་དགའ་བོ་ཡོད། དགའ་བོ་ཡོད་སྟངས་དེ་ཡང་ཁྱད་མཚར་གང་ཡང་མིན་པར་རང་ཉིད་བོད་ལ་སྐྱེ་བའི་བོད་པ་ཞིག་ཡིན་པ་དེ་ལས་གཞན་གང་ཡང་མ་རེད། དེ་ན་ངས་རང་ཉིད་བོད་ཟེར་ནས་བཤད་པ་དེ་ལ་ཡང་། མི་ལ་སྐྲག་དགོས་ས་ཞིག་ཡིན་ན་ནི། ང་རང་བོད་དུ་སྐྱེ་བ་ནོར་སོང་བ་རེད་ལ་ངས་བོད་སྐད་ཤེས་པ་ཡང་མ་འགྲིག་པ་རེད། ངས་བོད་ཡིག་གི་ཀ་ངོ་ཙམ་ཆོད་པ་དེ་ཡང་ནག་ཉེས་རུ་ཆགས་སོང་བ་རེད། དེ་འདྲ་མ་ཡིན་པར་ང་རང་བོད་དུ་སྐྱེ་བ་དེ་ལ་ནོར་འཁྲུལ་མེད་པ་ཞིག་ཡིན་དུས། ངས་གང་ནས་མི་སུ་ཞིག་དང་ཐུག་ན་ཁྱེད་རང་གང་ནས་ཡིན་ཞེས་དྲིས་ན་ང་བོད་ནས་ཡིན་ལོས་ཟེར། དེ་ནི་དྲང་བདེན་ཡིན་ལ་ང་རང་སྐྱེ་ས་ཡང་རེད། ས་གང་ཞིག་ནས་མི་སུ་ཞིག་གིས་ཁྱེད་རང་སུ་ཡིན་ཟེར་ན། ངས་ང་རང་བོད་ཡིན་ཟེར་ནས་ལན་ལོས་འདེབས། རྒྱུ་མཚན་ང་རང་བོད་རེད་ལ་ང་རང་བོད་ཡིན་ཟེར་ནས་ལན་བཏབ་པ་དེར་ང་རང་ལ་མ་བདེ་བ་དེ་འདྲ་གང་ཡང་མི་འདུག  ས་གང་ཞིག་ནས་མི་སུ་ཞིག་གིས་བོད་ལ་རྒྱལ་ཁབ་ཡོད་པ་རེད་དམ་ཟེར་ན། ངས་བོད་ལ་རྒྱལ་ཁབ་ཡོད་པ་རེད་དེ་ད་ལྟའི་འཆར་རྒྱ་ནག་སྲིད་གཞུང་གིས་བཙན་བཟུང་བྱས་དེ་མི་ལོ་ལྔ་བཅུ་ཟིན་ཡོད་ཟེར་ན་འདོད། ས་གང་ཞིག་ནས་མི་སུ་ཞིག་གིས་ང་རང་ལ་ཁྱེད་རང་བོད་དུ་ལོག་འདོད་འདུག་གམ་ཟེར་ནས་དྲིས་ན། ངས་ཡོད་དང་ཡོད་ང་རང་བོད་དུ་ལོག་འདོད་ཡོད་པའི་ཚོར་སྣང་གི་རེ་སྒུག་དེ་ནི་ལྟོགས་པ་ཟས་ལ་སྒུག་པ་ལྟ་བུ་ཞིག་ཡོད། འོ་ན། ཁྱེད་རང་བོད་དུ་མི་འགྲོ་བ་ཅི་ཡིན་ནམ་ཟེར་ནས་དྲིས་ན། ངས་ས་མཐའ་ནས་བོད་ལ་རང་དབང་ཐོབ་པར་སྒུག་ཡོད་ལ། གལ་ཏེ། བོད་ལ་རང་དབང་ཞིག་ངའི་མི་ཚེ་ནང་མ་ཐོབ་ན། ང་ས་མཐའ་ནས་ཤི་འདོད་མེད་ལ། ཤི་རུ་བོད་དུ་འགྲོ་ངེས་ཡིན། ང་རང་བོད་དུ་སྐྱེ་བ་ཡིན་ལ་ངའི་ཤ་ཁྲག་རུས་གསུམ་དེ་ཡང་ཕྱིར་བོད་དུ་བསྐྱེལ་དགོས་ཟེར་ངེས་ཡིན། ས་གང་ཞིག་ནས་མི་སུ་ཞིག་གིས་ང་རང་ལ་ཁྱེད་ཀྱིས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་ཡིད་ཆེས་རྩེ་གཅིག་དུ་བྱེད་ཐུབ་ཀྱི་ཡོད་དམ་ཟེར་ནས་དྲིས་ན། ངས་ང་རང་ལས་ལྷག་ཞིག་༧གོང་ས་མཆོག་ལ་ཡིད་ཆེས་ཡོད། དེ་ནི་རྒྱུ་མཚན་མེད་པར་ང་རང་༧གོང་ས་མཆོག་ལ་ཡིད་ཆེས་ཡོད་ཟེར་གྱི་མེད། རྒྱུ་མཚན་མང་བོ་ཞིག་ལ་བརྟེན་ནས་ང་རང་གི་ཡིད་ཆེས་དེ་བྱུང་བ་ཡིན་ཟེར་ན་འདོད། ས་གང་ཞིག་ནས་མི་སུ་ཞིག་གིས་ཁྱེད་རང་གིས་བོད་དོན་དུ་ལས་ཀ་བྱེད་འདོད་ཡོད་དམ་ཟེར་ནས་དྲིས་ན། ལོས་ཡོད་ང་རང་བོད་པ་རེད་མོད། དེ་ང་དང་བཅས་པའི་བོད་པ་ཚང་མས་འདོད་ཀྱི་རེད་ལ་ང་དང་བཅས་པའི་བོད་པ་ཚང་མས་རང་རང་གི་ས་ན་གང་ནུས་ཅི་ཅོག་གིས་འབད་ཀྱི་ཡོད་པ་རེད་ཟེར་ནས་ལན་འདེབས་འདོད་འདུག  ལྷག་པར་དུ་མི་སུ་ཞིག་དང་གནས་གང་ཞིག་ནས་ང་རང་ལ་ཁྱེད་རང་སུ་ཡིན་ཟེར་ན། ངས་ང་རང་བོད་པ་ཡིན་ཟེར་ན་འདོད། ངས་ང་རང་ནམ་རྒྱུན་དུ་བོད་རིགས་སུ་སྐྱེ་བ་ཐོབ་པ་དེར་བློ་འགྱོད་བྱེད་མྱོང་མེད་ལ། ང་རང་ལ་བློ་འགྱོད་ཞིག་ཡོད་པ་ནི་ངས་རང་ཉིད་ལ་བོད་དོན་སྒྲུབ་པའི་ནུས་པ་ཆེན་པོ་ཞིག་མེད་པ་འདི་རེད། ནུས་པ་དེ་ལྟར་ཞིག་ཡོང་བ་ལ་བསམ་ཐུབ་པ་གཅིག་བུས་མི་ཡོང་ལ་སྒྲུབ་དགོས། སྒྲུབ་པ་དེ་ཡང་གྲུབ་འབྲས་ཡོད་མེད་ལ་འགན་ཡོད་དགོས། དེ་ལྟར་འདང་རྒྱག་མཁན་རྒྱག་མཁན་ང་རང་བོད་པ་ཡིན་ཟེར་ན་འདོད། བོད་ཟེར་ནས་མི་ཞིག་གི་ཚིགས་འགོ་ཞིག་གླེང་དེ་འོང་དུས་སུ་ངའི་རྣ་བ་ཟུང་གི་དེ་ཡི་ཕྱོགས་སུ་སྙེགས་པ་ནི། སྐོམ་པ་ཆུ་ལ་རེ་བ་ལ་ལྟ་བུ་ཆགས་ཡོད། དེ་ལྟར་ངས་ང་རང་བོད་པ་ཡིན་ཟེར་ན་འདོད།

 

ཡིད་སྐྱོ་བ་ཞིག་ལ་དེང་སང་ས་ཁུལ་ཁ་ཤས་སུ་རང་ཉིད་བོད་དུ་སྐྱེ་བའི་བོད་པ་ཞིག་ཡིན་ཡང་། རང་ཉིད་བོད་ཡིན་ཟེར་རྒྱུ་ཡང་ངོ་ཚ་བྱེད་ཀྱི་ཡོད་པ་གོ་དུས། ལས་ངན་དེ་ཚོ་བོད་དུ་སྐྱེ་བ་ལངས་མེད་ན་ཅི་མ་རུང་སྙམ་སོང། མི་དེ་དག་གི་གྲངས་བོད་ལ་སྐྱེ་བ་ལས་རྒྱ་ལ་སྐྱེ་ཡོད་ན་ཁེ་ཕན་མང་བོ་རེག་ངེས་རེད། མི་དེ་འདྲའི་རིགས་བོད་ལ་མི་སྐྱེ་བར་ཤོག་ཟེར་ན་འདོད། ས་གང་ཞིག་ནས་མི་སུ་ཞིག་གིས་ང་རང་ལ་ཁྱེད་རང་སུ་ཡིན་ཟེར་ན། ངས་ང་རང་བོད་ཡིན་ཟེར་ན་འདོད་་་་་་་་་་་་་་

འབྲེལ་ཡོད་གསར་འགྱུར།

Opening ceremony prayers. Photo Courtesy: Tibet.net
Mobile App

མོན་གྷོ་འདོད་རྒུ་གླིང་ནས་ཁྱིམ་ཚང་ ༤༠ ལ་སྡོད་ཁང་མཁོ་སྤྲོད་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
Director-General of the World Health Organisation (WHO) Dr. Tedros Adhanom Ghebreyesus attends the World Health Assembly at the United Nations in Geneva, Switzerland, May 21, 2023. (REUTERS/Denis Balibouse)
Mobile App

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐེངས་ ༧༦ པ་མཇུག་སྒྲིལ། 

ཆུ་ཚོད་ ༡༤ སྔོན་ལ།
Front Slider

ཉིན་གཉིས་རིང་གི་བཀའ་ཆོས་མཇུག་སྒྲིལ།

ཆུ་ཚོད་ ༡༤ སྔོན་ལ།
༧གོང་ས་མཆོག་གིས་བོད་པའི་སློབ་ཕྲུག་རྣམས་ལ་འཇམ་དཔལ་དབྱངས་ཀྱི་རྗེས་གནང་སྩལ་སྐབས། བོད་ཀྱི་དུས་བབ་ཀྱི་པར། པྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༣༡ ཉིན།
Mobile App

ཉིན་གཉིས་རིང་གི་བཀའ་ཆོས་མཇུག་སྒྲིལ།

ཆུ་ཚོད་ ༡༥ སྔོན་ལ།
དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད་པ། ༢༠༢༣།༠༥།༣༠ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད།

༢༠༢༣/༠༥/༣༠
ཡུན་ནན་ཐོང་ཧེ་རྫོང་ཁོངས་ཀྱི་ཁ་ཆེའི་ལྷ་ཁང་རྙིང་ཤོས་ནཱ་ཇཱ་ཡེན། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་ཁ་ཆེའི་ལྷ་ཁང་རྙིང་ཤོས་ཤིག་གཏོར་རྩིས་བྱས་ཏེ་གདོང་ཐུག་ཆེན་པོ་བྱུང་འདུག 

༢༠༢༣/༠༥/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist