མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མ་འདས་སྤྲུལ་སྐུ་གླེང་བ།

བོད་ཀྱི་དུས་བབ།
༢༠༠༨/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

སྒང་བ་བོད་ཀྱི་མྱི་ཆེན་དུ་འབོད་པས་བོད་ནས།

ང་ཚོའི་ཆོས་སྲིད་ཟུང་འབྲེལ་བོད་ཀྱི་ལོ་རྒྱུས་ལམ་ལུགས་འོག་ནས་སྤྲུལ་སྐུ་ཞེས་པའི་ལམ་ལུགས་འདི་ཡང་རྒྱུན་མ་ཆད་པར་ད་བར་འཁྲུངས་ཡོད་ལ། འདིས་ཀྱང་ད་བར་དུ་ང་ཚོའི་མི་རིགས་ལ་བྱས་འབྲས་ག་ཚོད་བཞག་ཡོད་པ་ཀུན་གྱི་སེམས་ན་མངའ་བ་དེ་ལྟར་ལེགས་ཤིང་། ཁྱད་པར་དུ་ལོ་རབས་དགུ་བཅུ་བའི་ནང་ལ་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་མ་འདས་པའི་སྤྲུལ་སྐུ་བཙལ་འཚོལ་གྱི་དགོངས་འཆར་དབུ་འཛུགས་གནང་བ་འདིས་ང་ཚོའི་སྤྲུལ་སྐུའི་ལམ་ལུགས་ཐད་སྔ་ན་མེད་པའི་འོད་སྟོང་འཚེར་བའི་བཞུད་ལམ་མཛེས་པོ་ཞིག་ཨེ་ཡོད་ལ་སྙམ་པ་དྲན་མོད། ད་བར་དུ་གྲགས་འགུལ་ཆེན་པོ་ཅི་ཡང་བྱུང་མ་སོང་། འོན་ཀྱང་ད་ཆ་ང་ཚོས་ཚོགས་ཆེན་གྱི་གོ་སྐབས་ལ་ངེས་པར་དུ་མ་འདས་པའི་སྤྲུལ་སྐུ་བཙལ་འཚོལ་ཐད་ཤུགས་བརྒྱབས་ན་ལེགས་པའི་ཆ་ལས་ཉེས་ཆ་འབྱུང་མི་སྲིད་ལ། དེ་ལས་ལྷག་པའི་ཐག་གཅོད་ཅིག་ཀྱང་དཀོན་སྙམ།
ལམ་ལུགས་དེ་འདྲའི་འོག་འཛུལ་ཞུགས་བྱེད་ཐུབ་ཚེ་ངང་ངམ་ཤུགས་ཀྱིས་སྤྲུལ་སྐུའི་ལམ་ལུགས་རྙིང་བ་དེ་ཚོ་ཁ་ཆད་སྣ་རལ་དུ་གྱུར་ཏེ་མཇུག་སྒྲིལ་ངེས་པར་གདོན་མི་ཟའོ།

དམ་པ་གང་ཞིག་ཡིན་ནའང་ཁོང་ཉིད་མ་འདས་པའི་སྐབས་རང་ཉིད་ཀྱི་སྤྲུལ་སྐུ་སྟེ་སྐུ་ཚབ་རང་ཉིད་ཀྱིས་འཇོག་པའམ་མང་མོས་ཐོག་འོས་འཆར་ཡོད་པའི་སྤྲུལ་སྐུ་ཞིག་ཡོང་ཐུབ་ཚེ་ད་གཟོད་ང་ཚོར་མང་གཙོའི་ལམ་ནས་རྙེད་པའི་སྤྲུལ་སྐུ་འཁྲུངས་པ་རེད་ལ། ཕན་ཀྱང་ཐོགས་ངེས་ཤོག་ཡིན་པ་ལས། ཟན་རིལ་དང་དབང་འོག་ནས་བཞག་པའི་སྤྲུལ་སྐུ་ཤི་བོ་དེ་ཚོ་དང་མི་མཚུངས་པའི་རེ་བ་དང་ཡིད་ཆེས་ཡོད། འོན་ཀྱང་མ་འདས་སྤྲུལ་སྐུའི་ལམ་ལུགས་ཐད་ནས་ཀྱང་སྔོན་ལྟར་རྒྱུ་ཤུགས་དང་དབང་ཤུགས་བརྩད་ཚེ་ཡོད་པ་ལས་མེད་ན་དགའ་མོད། ང་ཚོས་ལམ་ཁ་འདི་ལྟ་བུ་ཞིག་བརྒྱུད་དེ་སྤྲུལ་སྐུའི་ལམ་ལུགས་ཐད་བཅོས་བསྒྱུར་རེ་གཏོང་མ་ཐུབ་ཚེ་ཐབས་ལམ་གཞན་གང་དག་ཡོད་པའི་དགོངས་འཆར་གནང་རྐྱང་ཡོང་དགོས།

དེ་ཡང་ང་ཚོ་སྒང་བ་བོད་ཅེས་པའི་མི་རིགས་རླབས་ཆེན་འདི་ཁ་འཐོར་ཡ་བྲལ་དུ་མ་སོང་བར་ད་བར་དུ་འཛམ་གླིང་ས་སྒང་ཧྲིལ་བོར་གནས་ཐུབ་པ་བྱུང་བ་འདི་ཡང་ཕྱོགས་གཅིག་ནས་བལྟས་ན་ང་ཚོའི་མི་རིགས་གོམས་སྲོལ་གྱི་ནང་ཏིལ་ལ་ཏིལ་མར་ཚུལ་དུ་ཐིམ་པའི་ཆོས་ལུགས་རིག་གནས་ཀྱི་སྐུ་དྲིན་ཡིན་པ་ངས་ཀྱང་ཤེས་གི་ཡོད་ལ། གཞན་འདི་དང་ཕྱོགས་མཚུངས་ཀྱི་དགོད་བྲོ་བའི་ལྡོག་འདྲི་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ནའང་ཆོས་ལུགས་ཀྱི་རིན་ཐང་བླ་ན་མེད་པ་དང་སྲིད་འཛིན་རླབས་ཆེན་མང་ཆེ་བ་ཆོས་ལུགས་སྒྲོག་སྤེལ་དང་ཆོས་ཁང་དུ་འགྲོ་ཚུལ་སོགས་ཀྱི་ལྟ་ཚུལ་རྗོད་མཁན་ཡོད་ཤག་ཤག་ཡིན་མོད། འོན་ཀྱང་འདི་ནི་ལྟ་ཚུལ་ཉི་ཚེ་བ་ཞིག་སྟེ། སྲིད་དོན་རིག་པའི་དཔྱད་གླེང་སྟེང་འདོན་རིན་མེད་པ་ཞིག་ཡིན་ནོ།།
ཞེས་སྒང་བ་བོད་ཀྱི་མྱི་ཆེན་དུ་འབོད་པས་རེབ་གོང་སྟོད་ཀྱི་ཆར་ ༢༠༠༨ ཟླ་ ༡༡ ཚེས་ ༡༥ ཉིན་རང་གི་ལྟ་ཚུལ་ཡི་གེར་ཕབ་པ་དགེ །

འབྲེལ་ཡོད་གསར་འགྱུར།

The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

སྐར་མ ༥༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩

མཆན། 3

  1. ཡེ་ཤེས། says:
    ལོ་ 16 སྔོན།

    བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་བསམ་ཚུལ།། དགོནཔ་གང་ལ་སྤྲུལ་སྐུ་དགོས་ན་ཐོག་མར་དེ་ཡི་ནང་གི་གྲྭ་ཚང་ནང་དུ་མཁས་བཙུན་བཟང་གསུམ་གང་གི་ཐད་ནས་བླ་མི་མཚན་ཉིད་ཙང་བ་རྣམས་ཀྱི་མིང་ཟན་རིལ་ནང་དུ་དྲེལ་ནས་བཀའ་བདར་བ་འམ། ཡང་ན་བླ་ཆེན་གྱི་བཀའ་རྟགས་སོགས་ཀྱིས་གདམ་ནས་བཞག གར་སྲིད་དགོན་ཆུང་ལྟ་བུར་གོང་གི་མཚན་ཉིད་ཚང་བ་མེད་ན། རང་གི་མ་དགོན་ལ་ཞུས་ཏེ་གོང་དང་འདྲ་བས་གཞག་ན། སོ་སོའི་རང་ལུགས་ཟིན་པ་སོགས་དགེ་མཚན་དུ་མ་ཡོད་པར་སེམས་ཚང་མས་བསམ་གཞིག་གནང་རོག་ཐུགས་རྗེ་ཆེ། །

    Reply
  2. ཡེ་ཤེས། says:
    ལོ་ 16 སྔོན།

    ཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  3. ཡེ་ཤེས། says:
    ལོ་ 16 སྔོན།

    ཧཧཧཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese