མི་ཡུལ་ནས རང་སྐད་མི་གོ
མི་ཡུལ་ནས་རང་རིགས་མི་མཐོང་
མི་ཡུལ་ནས་རང་ཡིག་མི་འབྲི
མི་ཡུལ་ནས་རང་ཡུལ་མི་རིག
ད་ནི་འདི་ལྟར མི་ཡུལ་ནས ང་རང་ལྟ་བུ་གང་མང་མང་ཞིག
ག་ལེར་རིམ་གྱིས་བགྲོད་ཀྱི་འདུག ག་དུས་སླེབས་སྲིད་དམ
གང་ལ་འགྲོ་བཞིན་ཡོད་པ་རེད་དམ
གང་ཞིག་འཚོལ་བཞིན་ཡོད་པ་ཡིན་ནམ
གང་ཞིག་བོར་སོང་བ་ཡིན་ན
གང་ཞིག་རེག་འདོད་ཀྱི་སྩོལ་བ་བྱེད་ཀྱི་ཡོད་དམ
མི་ཡུལ་ནས ང་ལྟ་བུ་གང་མང་མང་གིས
བོད་སྐད་དང་བོད་ཡིག་གི་གོ་ས་མི་ཟིན་པར
ད་དུང་ ཅི་ཞིག་བཤད་འདོད་ཀྱི་ཡིག་ཕྲེང་མང་བོ་མང་བོ་ཞིག
ཉིན་མཚན་མེད་པར དྲ་ཐོག་འདིར་ཡང་ཡང་འབྲི་དོན་གང་ཡིན་ནམ
མི་ཡུལ་ནས་་་་་་་་་་་ ང་ལྟ་བ་གང་མང་མང་ཞིག
མི་ཡུལ་ནས་རྒས་དེ མི་ཡུལ་ནས་འཆི་མི་སྲིད་པ་ག་ལ་ཡིན