མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྱུར་བའི་རྩ་བ་ཚུགས་སོང་།

བོད་ཀྱི་དུས་བབ།
༢༠༠༨/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

 

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༣༤ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

མི་རྣམས་ཀྱིས་གལ་སྲིད་དུས་རབས་འདི་ཨེ་ཤ་་ཡའི་དུས་རབས་ཡིན་ཚེ། ༢༠༠༨ ལོ་ནི་རྒྱ་ནག་གི་ལོ་ཡིན་ཟེར། ཡིན་ཡང༌། རྒྱ་ནག་གི་ལོ་འདིའི་ཆ་ཤས་གལ་ཆེན་ཞིག་ང་ཚོའི་ཡིན་ལ། ༢༠༠༨ ཀྱི་རྗེས་ནས་རྒྱ་ནག་གིས་ཨེ་ཤ་ཡའི་དུས་རབས་ནང་མུ་མཐུད་དུ་ལོ་ཅི་ཙམ་ཞིག་འཛིན་མིན་ཐད་ང་ཚོར་ཡང་འགན་ཡོད།

ལོ་འདིའི་བོད་མིའི་ཞི་རྒོལ་ཆེན་མོ་དང༌། སི་ཁྲོན་ས་ཡོམ་ཆེན་མོ། ཨོ་ལིམ་པིག་རྩེད་འགྲན་ཆེན་མོ་གསུམ་ནི་ ༢༠༠༨ ལོའི་རྒྱ་ནག་གི་ལོ་རྒྱུས་ཀྱི་བྱུང་བ་ཆེན་མོ་གསུམ་ཡིན་ལ། བྱུང་བ་འདི་གསུམ་གྱི་ཐོག་ནས་འཛམ་གླིང་མི་དམངས་ཀྱིས་རྒྱ་ནག་གི་སྟོབས་ཤུགས་དང་ཞན་ཆ། དེ་མིན་གྱི་གསང་བ་མཐའ་དག་གི་མཐིལ་བརྟོལ་བ་རེད། མང་པོ་ཞིག་གིས་འདི་དག་གི་རྗེས་ནས་རྒྱ་ནག་གི་སྤྱི་ཚོགས་དེ་སླར་ཡང་རྒྱུན་ལྡན་ལ་བབས་ཤིང་ལོ་རྒྱུས་ཀྱི་གོམ་འགྲོས་ཀྱང་ཇེ་བདེར་ཕྱིན་ཡོད་པའི་ལྟ་ཚུལ་བཟུང་ཡོད། ཡིན་ཡང་ད་ཆར་རྒྱ་ནག་སྐམ་ས་ཆེན་མོར་ཡོད་པའི་ཤེས་ཡོན་པ་དག་གིས་ལོ་འདི་རྒྱ་ནག་ལ་དབང་བའི་གོ་དོན་ངོ་མ་དེ་འགྲེལ་མགོ་བཙུགས་ཤིང༌། ༢༠༠༨ ལོའི་རྒྱ་ནག་གི་རྩ་དོན་ངོ་མ་དེ་ རྩ་ཁྲིམས་ ༠༨ ཀྱི་སྟེང་འབབ་དགོས་པར་བསྒྲགས་ཤིང༌།  ཁོང་ཚོས་གཞི་རྩའི་བཅོས་བསྒྱུར་གྱི་དོན་ཚན་ ༡༩ ཡོད་པའི་རྩ་འཛིན་ཡིག་ཆ་ཞིག་ལ་ཤེས་ཡོན་པ་དང་ལས་རིགས་འདྲ་མིན་གྱི་མི་གྲངས་ ༣༠༣ གྱི་མཚན་རྟགས་བཀོད་དེ་སྤེལ་ཡོད་ལ། རྩ་འཛིན་འདི་དག་གིས་རང་དབང་དང་དམངས་གཙོ། ཁྲིམས་ཀྱི་དབང་སྒྱུར་ཡོད་པའི་རྒྱ་ནག་ཅིག་སྐྲུན་རྒྱུ་དང༌། དུས་རབས་ ༢༡ པའི་རྒྱ་ནག་འདི་ཡོངས་ཁྱབ་འགྲོ་བ་མིའི་རིན་ཐང་ལ་བརྩི་བཀུར་བྱེད་མཁན་དང༌། འཛམ་གླིང་གི་དཔལ་ཡོན་དང་ཡར་ཐོན་རྒྱལ་ཁབ་དག་གི་ནང་འགྲོ་དགོས་པའི་འབོད་སྐུལ་ཞུས་ཡོད། ཁོང་ཚོས་རྩ་འཛིན་ཡིག་ཆ་དེ་སྤེལ་མ་ཐག་མི་གྲངས་སྟོང་ཕྲག་འགའ་ཤས་ཀྱིས་རྒྱབ་སྐྱོར་གྱི་ས་ཡིག་བརྒྱབས་ཡོད་ལ། ཡིག་ཆ་འདི་ད་ཆར་རྒྱ་ནག་སྐམ་ས་ཆེན་མོ་གཙོ་བྱས་པའི་ས་ཁུལ་གང་སར་ཁྱབ་བཞིན་ཡོད་ལ། ཕྱི་ཚེས་ ༡༩ བར་དུ་རྒྱབ་སྐྱོར་གྱི་འཕེལ་རིམ་སྐོར་དྲ་རྒྱའི་ནང་དུ་ཐེངས་དྲུག་ལ་གསལ་བསྒྲགས་བྱས་ཡོད་པ་དང༌། ཐེངས་རེ་རེར་རྒྱབ་སྐྱོར་གྱི་ས་ཡིག་ཆིག་སྟོང་རེ་འཕེལ་གྱི་ཡོད་སྟབས། ཁྱོན་སྡོམ་བདུན་ཕྲག་གཅིག་ལྷག་གི་རིང་རྒྱབ་སྐྱོར་མཚན་རྟགས་འགོད་མཚན་མི་གྲངས་ ༦༠༠༠ ལྷག་བྱུང་ཡོད་པ་དང༌། རྒྱབ་སྐྱོར་མཚན་རྟགས་འགོད་མཁན་གྱི་གྲངས་ཀ་མུ་མཐུད་ནས་འཕེལ་ཡོང་གི་ཡོད།

དེ་ལྟར་ཡང༌། ཤེས་ཡོན་པ་འདི་དག་གིས་ཡིག་ཆ་དེ་ཐོག་མར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོའི་སྔ་ནུབ་སྟེ་ཕྱི་ཟླ་ ༡༢ ཚེས་ ༩ ཉིན་དྲ་རྒྱའི་ནང་སྤེལ་བ་དང༌། དེ་མ་ཐག་རྒྱ་ནག་དམར་ཤོག་ཚོགས་པའི་ཉེན་རྟོག་པ་དག་གིས་ཐད་གཏོགས་གྲོང་ཁྱེར་པེ་ཅིན་དང་ཧྲང་ཧེ་གཉིས། ལའོ་ཉིན། ཀྲེ་ཅང༌། ཧྥུ་ཅུན། བཀང་ཏོན། ཧའེ་ནན། ཧྲན་ཤི་ ཧུའུ་པེ། ཧུའུ་ནན་བཅས་ཞིང་ཆེན་ ༨ ཀྱི་གོང་གསལ་ཡིག་ཆར་མཚན་རྟགས་འགོད་མཁན་དག་ལ་འཇིགས་སྐུལ་དང་འདྲི་བརྩད་བྱས་པའི་གྱོད་དོན་ཐེངས་ ༤༠ ལྷག་བྱུང་འདུག་ལ། སྐུ་ཞབས་ལོའུ་ཞའོ་པོ་སོགས་ཁག་ཅིག་ད་ཆར་བཀག་ཉར་འོག་ཚུད་ཡོད། འདི་ལྟར་རྒྱ་ནག་འདི་ད་སྐབས་སླར་ཡང་རྒྱལ་སྤྱིའི་ཁ་རྡུང་གི་འོག་དང༌། ལྷག་པར་དུ་ཐེངས་འདིར་རྒྱ་ནག་དམར་ཤོག་ཚོགས་པ་འདི་རྒྱལ་ཁབ་རང་གི་ཤེས་ཡོན་པ་དང་མི་སེར་གྱི་ལག་བར་ལ་ལྷུང་གི་ཡོད་ལ། བོད་མི་ཚོས་ ༢༠༠༩ ལོ་ལ་གྲ་སྒྲིག་བྱེད་ཀྱི་ཡོད་པ་ལྟར། རྒྱ་ནག་མི་དམངས་ཀྱིས་ཀྱང་སླར་ཡང་རྒྱ་ནག་གི་ལོ་གལ་ཆེན་ཞིག་ལ་གྲ་སྒྲིག་བྱས་ཟིན་ཡོད་སྟབས། ང་ཚོསརྒྱ་ནག་མི་དམངས་ལ་སེམས་ཐག་ཇེ་ཉེར་བཏང་ཞིང་ལོ་རྒྱུས་ཀྱི་འགྱུར་བ་ཆེན་པོ་འདིའི་ཁྲོད་ཆ་ཤས་ཆེན་པོ་ཞིག་ལེན་རྒྱུ་ནི་གལ་ཇེ་ཆེར་གྱུར་ཡོད་དོ།།

 

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

མཆན། 3

  1. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    གྲོགས་པོ་རྣམ་པས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ། ཁ་སང་ནས་བོད་ཀྱི་དགུ་བཅུ་གསུམ་ཚོགས་པས་གཙོས་པའི་བོད་མི་སྐོར་ཞིག་གིས་རྩ་ཁྲིམས་ ༠༨ ལ་རྒྱབ་སྐྱོར་མཚོན་ཆེད་དུ་མཚན་རྟགས་ཀྱི་ལས་འགུལ་ཞིག་མགོ་བརྩམས་འདུག ༧གོང་ས་མཆོག་གིས་ཀྱང་རྒྱ་ནག་སྐམ་ས་ཆེན་མོའི་ཤེས་ཡོན་པ་དེ་དག་གི་ལས་འགུལ་ལ་རྒྱབ་སྐྱོར་གྱི་གསུང་འཕྲིན་བསྩལ་འདུག

    Reply
  2. trongsong sermig says:
    ལོ་ 17 སྔོན།

    རྩོམ་སྒྲིག་པ སྐུ་ཞབས་ལུང་རིག་རྒྱལ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།

    Reply
  3. འཁྱམས་པོ། says:
    ལོ་ 17 སྔོན།

    དེ་ནི་གལ་ཆེན་རེད་ཡིན་ཡང་གྲ་སྒྲིག་དེའང་བོད་པས་འདས་མ་འོངས་ཀྱི་ལོ་རྒྱུས་ལ་བསམ་ནས་ལྷག་པར་དུ་འབྱུང་འགྱུར་ལོ་རྒྱུས་ལ་ང་ཚོས་རིན་གོང་ག་ཚོད་ཅིག་སྤྲོད་མིན་དང་ཇི་ལྟར་སྤྲོད་དགོས་སོགས་ལ་བསམ་ཞིག་ནན་མོ་ཞིག་བྱས་ནས་ད་གཟོད་ཆ་ཤས་ཞིག་ལེན་རྒྱུ་དེ་གལ་ཆེན་རེད་སྙམ། ང་ཚོ་སྤྱི་ཁང་ཞིག་གི་ནང་དུ་འཛུལ་བ་ཡིན་ན་ཐོག་མར་ཡར་སྒོ་ནང་དུ་འཛུལ་དུས་སྤྱི་ཁང་དེར་ཤར་སྒོ་དང་ནུབ་སྒོ་སོགས་ཇི་ལྟར་ཡོད་མེད། དུས་ཤོང་ཚད། སྤྱི་ཁངདེ་ལས་ཕྱིར་འབུད་ན་ཇི་ལྟར་དང་གང་ནས། སྤྱི་ཁང་དེ་དང་ང་ཚོས་སྡོད་ཁང་པར་ཐག་ག་ཚོད་ཡོད་མེད་སོགས་རྟོགས་གཞིགས་མཐའ་ཆོད་པ་ཞིག་བྱས་ནས་ད་གཟོད་སྒོ་ཐེམ་ལ་རྐང་པ་འཇོག་རྒྱུ་དེ་རེད་འདོད།
    རེད་་་འདི་གོ་སྐབས་ཞིག་རེད་ དེ་ལེན་དགོས་པ་རེད་ འོན་ཀྱང་འདིའི་གནད་འགག་གི་དྲི་བ་ཞིག་ནི་ཇི་ལྟར་ལེན་རྒྱུ་དེ་རེད།
    རྩོམ་སྒྲིག་པ སྐུ་ཞབས་ལུང་རིག་རྒྱལ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། ཡིག་ཆ་དང་ཤེས་བྱ་འདིའི་རིག་ནི་ང་ཚོ་ལ་ཆེས་མཁོ་ཤས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese