མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་སྒང་གི་བདེན་དོན་ཚོགས་པ་ཁག་ལ་ཕུལ་བའི་སྙན་ཐོ།

བོད། ཤ་ཁྲག་རུས་གསུམ།
༢༠༠༨/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

མི་ཞིག་གིས་རང་ཉིད་འབོར་བཞིན་པའི་དུས་ཚོད་ཀྱི་སྔ་གཞུག་ཀུན་དུ་རང་ཉིད་ནི་འགྲོ་བ་མི་སྤྱི་མཚུངས་ལྟར། མི་ཡུལ་འདི་ན་མི་གཞན་དག་དང་འདྲ་བར་འགྲོ་བ་སྤྱི་མཚུངས་ཀྱི་ཐོབ་ཐང་དང་རང་དབང་སོགས་ཡོད་མེད་ཀྱི་ཕྱོགས་སུ་བསམ་བློ་རེ་འཁོར་ནས་འོང་དུས། རང་དབང་མེད་པར་ཚུར་ལ་ཕྱོགས་དེ་འོང་བ་ནི། མི་ཞེས་པ་འདི་ནི་སྲོག་ཆགས་དབུགས་ཐོག་མང་བོ་ཞིག་གི་ཁྲོད་ཀྱི་བསམ་བློ་གཏོང་ཤེས་པ་ནས་སྐད་ཆ་བཤད་ཤེས་མཁན་དང་འགྲོ་བ་མི་ཟེར་བ་དེ་རེད། དེས་ན་ངས་འདི་ནས་རང་གི་བསམ་ཚུལ་ཞིག་རྒྱལ་སྤྱིའི་སྒང་གི་བདེན་དོན་ཚོགས་པ་ཁག་ལ་ཕུལ་བའི་སྙན་ཐོ་ཟེར་བ་ཞིག་གཤམ་ནས་སྙན་གསན་ཞུ་རྒྱུ་ཡིན་ན། དྲ་གྲོགས་དག་གི་འདིའི་ཐད་དུ་བསམ་ཚུལ་ལྷུག་པོ་གནང་རོགས་ཞུ།

 

མི་ཟེར་བ་འདིས་གླེང་བཞིན་པ་དང་ནམ་ཡཔ་ཐོབ་འདོད་ཡོད་པའི་རང་དབང་ཟེར་བ་དེ་ནི་གང་འདྲ་ཞིག་ཡིན་ནམ། རང་དབང་ཡོད་མཁན་གྱི་མི་དེ་དག་ནི་བདེ་སྐྱིད་ཀྱི་ངང་འཚོ་ཡོད་དམ། དེ་དག་ལ་མནར་གཅོད་དང་སྡུག་བསྔལ་མེད་དམ། རང་དབང་ཟེར་བ་དེ་ཡིས་མི་ངལ་གསོ་གང་འདྲ་ཞིག་སྤྲོད་ཀྱི་ཡོད་དམ། དོ་དམ་པའི་རང་དབང་སྐྱེ་དུས་ནས་བཟུང་ཐོབ་མྱོང་མེད་པའི་བོད་པ་ང་ལྟ་བུ་ཞིག་ལ་མཚོན་ན། རང་དབང་ཟེར་ན་མིང་ཚིགས་སྙན་པོ་ཞིག་ལས་རང་དབང་དེ་ཐོབ་མྱོང་ཡོད་པ་མ་རེད། སྐད་ཡིག་གི་རང་དབང་། ས་ཆའི་རང་དབང་། སྨྲ་བརྗོད་ཀྱི་རང་དབང་། ཆོས་ལུགས་དད་མོས་ཀྱི་རང་དབང་། རྩོམ་ཡིག་གི་རང་དབང་། མི་རིགས་ཀྱི་རང་དབང་།འགྲུལ་བཞུད་ཀྱི་རང་དབང་། ཡུལ་སྲོལ་གོམ་གཤིས་ཀྱི་རང་དབང་། འདི་དག་གང་ཡང་མེད་མཁན་གྱི་བོད་པ་ང་ནི། འགྲོ་བ་མི་ཞེས་པ་དེའི་གྲལ་དུ་འཚུད་ཀྱི་ཡོད་དམ། དེ་ཡོད་ན་བོད་པ་ང་ལ་རང་དབང་དེ་དག་གི་ཁྲོད་ནས་ཆ་ཤས་ཙམ་ཡང་མེད་དོན་གང་རེད། ཡང་ན། འགྲོ་བ་མི་ཞེས་པ་འདི་ལ་ཡང་ས་མཚམས་ཤིག་ཡོད་དམ། ས་མཚམས་ཤིག་ཕྱེ་ཡོད་པ་ཡིན་ན། ང་བོད་པ་ཚང་ས་མཚམས་དེའི་ཕྱི་ནང་གང་ན་ཡོད་པ་རེད། བདེ་སྐྱིད་ཀྱི་ངང་འཚོ་ཡོད་དམ། དེ་དག་ལ་མནར་གཅོད་དང་སྡུག་བསྔལ་མེད་དམ། རང་དབང་ཟེར་བ་དེ་ཡིས་མི་ངལ་གསོ་གང་འདྲ་ཞིག་སྤྲོད་ཀྱི་ཡོད་དམ། དོ་དམ་པའི་རང་དབང་སྐྱེ་དུས་ནས་བཟུང་ཐོབ་མྱོང་མེད་པའི་བོད་པ་ང་ལྟ་བུ་ཞིག་ལ་མཚོན་ན། རང་དབང་ཟེར་ན་མིང་ཚིགས་སྙན་པོ་ཞིག་ལས་རང་དབང་དེ་ཐོབ་མྱོང་ཡོད་པ་མ་རེད། སྐད་ཡིག་གི་རང་དབང་། ས་ཆའི་རང་དབང་། སྨྲ་བརྗོད་ཀྱི་རང་དབང་། ཆོས་ལུགས་དད་མོས་ཀྱི་རང་དབང་། རྩོམ་ཡིག་གི་རང་དབང་། མི་རིགས་ཀྱི་རང་དབང་།འགྲུལ་བཞུད་ཀྱི་རང་དབང་། ཡུལ་སྲོལ་གོམ་གཤིས་ཀྱི་རང་དབང་། འདི་དག་གང་ཡང་མེད་མཁན་གྱི་བོད་པ་ང་ནི། འགྲོ་བ་མི་ཞེས་པ་དེའི་གྲལ་དུ་འཚུད་ཀྱི་ཡོད་དམ། དེ་ཡོད་ན་བོད་པ་ང་ལ་རང་དབང་དེ་དག་གི་ཁྲོད་ནས་ཆ་ཤས་ཙམ་ཡང་མེད་དོན་གང་རེད། ཡང་ན། འགྲོ་བ་མི་ཞེས་པ་འདི་ལ་ཡང་ས་མཚམས་ཤིག་ཡོད་དམ། ས་མཚམས་ཤིག་ཕྱེ་ཡོད་པ་ཡིན་ན། ང་བོད་པ་ཚང་ས་མཚམས་དེའི་ཕྱི་ནང་གང་ན་ཡོད་པ་རེད། བདེ་སྐྱིད་ཀྱི་ངང་འཚོ་ཡོད་དམ། དེ་དག་ལ་མནར་གཅོད་དང་སྡུག་བསྔལ་མེད་དམ། རང་དབང་ཟེར་བ་དེ་ཡིས་མི་ངལ་གསོ་གང་འདྲ་ཞིག་སྤྲོད་ཀྱི་ཡོད་དམ། དོ་དམ་པའི་རང་དབང་སྐྱེ་དུས་ནས་བཟུང་ཐོབ་མྱོང་མེད་པའི་བོད་པ་ང་ལྟ་བུ་ཞིག་ལ་མཚོན་ན། རང་དབང་ཟེར་ན་མིང་ཚིགས་སྙན་པོ་ཞིག་ལས་རང་དབང་དེ་ཐོབ་མྱོང་ཡོད་པ་མ་རེད། སྐད་ཡིག་གི་རང་དབང་། ས་ཆའི་རང་དབང་། སྨྲ་བརྗོད་ཀྱི་རང་དབང་། ཆོས་ལུགས་དད་མོས་ཀྱི་རང་དབང་། རྩོམ་ཡིག་གི་རང་དབང་། མི་རིགས་ཀྱི་རང་དབང་།འགྲུལ་བཞུད་ཀྱི་རང་དབང་། ཡུལ་སྲོལ་གོམ་གཤིས་ཀྱི་རང་དབང་། འདི་དག་གང་ཡང་མེད་མཁན་གྱི་བོད་པ་ང་ནི། འགྲོ་བ་མི་ཞེས་པ་དེའི་གྲལ་དུ་འཚུད་ཀྱི་ཡོད་དམ། དེ་ཡོད་ན་བོད་པ་ང་ལ་རང་དབང་དེ་དག་གི་ཁྲོད་ནས་ཆ་ཤས་ཙམ་ཡང་མེད་དོན་གང་རེད། ཡང་ན། འགྲོ་བ་མི་ཞེས་པ་འདི་ལ་ཡང་ས་མཚམས་ཤིག་ཡོད་དམ། ས་མཚམས་ཤིག་ཕྱེ་ཡོད་པ་ཡིན་ན། ང་བོད་པ་ཚང་ས་མཚམས་དེའི་ཕྱི་ནང་གང་ན་ཡོད་པ་རེད།

 

ས་མཚམས་ཤིག་ཡོད་ཚེ། འགྲོ་བ་མི་ཕྱི་ནང་གཉིས་ཟེར་ནས་མིང་ཞིག་བཏགས་ན་རེད། མིང་དེ་འདྲ་ཞིག་ཡོད་ཉིན་ནས་ང་བོད་པ་ཚང་འགྲོ་མི་ཡི་ནང་གི་ཕྱི་ནང་གང་ཡིན་ཤེས་ཐུབ་ལ། ང་བོད་པ་ཚང་ལ་ཡང་འགྲོ་བ་མིའི་རང་དབང་ཟེར་བ་དེ་རྩོད་པའི་ཐོབ་ཐང་ཡོད་མེད་དེ་ཤེས་ཐུབ་ངེས་རེད། དེ་ཡང་མ་ཡིན་པར་འགྲོ་བ་མི་ཟེར་བ་ནི་གཅིག་ལས་གཉིས་མེད་པ་ཞིག་ཡིན་ན་ནི། ང་བོད་པ་ཚང་ལ་འགྲོ་བ་མིའི་རང་དབང་དེ་བེད་སྤྱོད་བྱེད་དབང་ཡོད་པ་དང་དེ་རྩོད་ཀྱང་ལོས་ཆོག ཆོག་དུས་སུ་ང་བོད་པ་ཚང་གི་མི་ལ་ཡང་འགྲོ་བ་མིའི་རང་དབང་ཚོགས་སྡེ་ཁག་ནས་ཁ་ལག་གཉིས་བེད་སྤྱད་དེ་འགྲོ་བ་མིས་འགྲོ་བ་མི་ལ་འགན་འཁུར་བྱེད་དགོས་པའི་གནས་ལུགས་དང་རྒྱུ་མཚན་མ་ཡིན་ནམ། ང་བོད་པ་ཚང་གི་འགྲོ་བ་མིའི་རང་དབང་ཡོངས་སུ་རྫོགས་པ་ལ་གཏོར་བཤིག་དང་བཙན་གནོན་བྱེད་བཞིན་པའི་དམར་པོ་སྲིད་གཞུང་ལ་རྒོལ་ལན་མི་སྤྲོད་དོན་གང་ཡིན་ནམ། ང་བོད་པ་ཚང་ལ་དཔལ་འབྱོར་མེད་སྟབས་རེད་དམ། ང་བོད་པ་ཚང་ལ་རྒྱལ་སྤྱིའི་སྟེང་གི་བཙོན་པ་ཉེས་མེད་ལོ་ན་ཆུང་ཤོས་དང་ཆེ་ཤོས་གཉིས་བྱུང་ཡོད་སྟབས་རེད།

དེ་མིན་ན་དམར་པོ་སྲིད་གཞུང་གི་དཔལ་འབྱོར་ལ་རྒྱལ་སྤྱིའི་འགྲོ་བ་མིའི་རང་དབང་ཚོགས་པ་ཁག་དང་བདེན་དོན་སྐྱོང་མཁན་དག་གིས་ཁ་གཏད་མ་ཅོག་པར་གང་ཡང་བྱེད་མ་ཐུབ་པ་རེད། ཡང་ན་ཅི་ཡང་བོད་དོན་དུ་བྱེད་འདོད་མེད་པ་རེད། བྱེད་འདོད་མེད་པ་ཡིན་ན་ནི། འགྲོ་བ་མིའི་རང་དབང་ཚོགས་སྡེ་ཁག་དང་བདེན་དོན་སྐྱོང་མཁན་ཟེར་མཁན་དེ་དག་ནི་མིང་སྟོང་ཙམ་རེད། དེ་མ་ཡིན་པར་དཔལ་འབྱོར་གྱི་སྟབས་ཀྱིས་འགུལ་བསྐྱོད་བྱེད་མ་ཐུབ་པར་བསྡད་ཡོད་ན་ནི། དེ་ལས་ཀྱང་ཉེན་ཁ་ཆེན་པོ་རེད། འཛམ་གླིང་འདི་ལོ་ངོ་མང་བོ་མི་དགོས་པར་རྒྱ་ནག་གི་དཔལ་འབྱོར་གྱི་སྟངས་འཛིན་བྱེད་ངེས་རེད། ག་ལེར་དཔལ་འབྱོར་གྱི་སྟངས་འཛིན་དེ་དང་འགྲོག་ནས་སྲིད་དབང་འཛིན་གང་སར་སླེབས་ཡོང་གི་རེད། དཔེར་ན་ད་ལྟའི་འཆར་ཡང་སྔོན་འགྲོ་ཙམ་ཞིག་རྒྱལ་ཁབ་ཁ་ཤས་ལ་སླེབས་ཡོད་པ་དེ་ལྟར་རེད། རྒྱལ་སྤྱིའི་སྒང་དུ་རྒྱ་ནག་གི་སྟངས་འཛིན་སླེབས་ཉིན་ནས་རྒྱ་ནག་ནི་ང་བོད་པ་ཚང་གི་དབང་བསྒྱུར་བྱེད་མཁན་གཅིག་བུ་མ་ཡིན་པར་རྒྱལ་སྤྱིའི་དབང་བསྒྱུར་བྱེད་མཁན་ཆགས་འགྲོ་ངེས་རེད། 

 

སྤྱིར་བཏང་གི་བཤད་ན་དབང་བསྒྱུར་མཁན་གྱི་རྒྱལ་ཁབ་དེའི་དབང་བསྒྱུར་སའི་རྒྱལ་ཁབ་དེ་ལ་འགྲོ་བ་མི་སྤྱི་མཚུངས་ཀྱི་རང་དབང་སྤྲོད་ཀྱི་ཡོད་ན་ནི་དབང་བསྒྱུར་མ་བསྒྱུར་ལ་ཁྱད་པར་མི་འདུག དེ་མ་ཡིན་པར་དབང་བསྒྱུར་བྱེད་མཁན་གྱི་རྒྱལ་ཁབ་ཁོ་རང་གི་མི་སེར་ལ་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་བེད་སྤྱོད་བྱེད་རྒྱུ་ཡོད་པ་དང་། དབང་བསྒྱུར་ས་དེ་ལ་གང་ཡང་མེད་པར་གྱུར་བ་ཡིན་ན་གཏན་ནས་འགྲིག་གི་མི་འདུག་ལ། དེ་འདྲའི་དབང་བསྒྱུར་བྱེད་མཁན་གྱི་རྒྱལ་ཁབ་སུ་ཞིག་བྱུང་ན། དེ་ལ་རྒྱལ་སྤྱིའི་འགྲོ་བ་མིའི་རང་དབང་གི་ཚོགས་པ་ཁག་དང་རྒྱལ་ཁབ་ཚད་ལྡན་དག་གི་རྒོལ་ལན་མ་སྤྲད་པ་དང་བཀག་འགོག་མ་བྱས་པ་ཡིན་ན། དེ་ནི་ང་བོདཔ་ཚང་གི་གྱོང་རྒུད་གཅིག་བུ་མ་ཡིན་པར་རྒྱལ་སྤྱིའི་བདེ་འཇག་དང་ཞི་བདེའི་ལམ་དུ་བསྐྱོད་མི་ཐུབ་པས་གྱོང་རྒུད་ཅིག་ཆགས་ཀྱི་ཡོད་པ་རེད། དེ་ལ་བསམ་བློ་བ་དང་ཆབ་སྲིད་པ་ཡིན་ཟེར་མཁན་སུ་ཞིག་གིས་སྐད་ཆ་སྙན་མོ་རེ་བཤད་ཀྱང་འགྱུར་བ་གཏོང་རྒྱུ་མེད་པར་ཆགས་མི་སྲིད་པ་མ་རེད། དེ་ཡིན་དུས་ང་བོད་པ་ཚང་གི་གཙོ་བའི་འགྲོ་བ་མིའི་རང་དབང་མེད་མཁན་ཡོངས་ལ་རྒྱལ་སྤྱིའི་སྟེང་ནས་འགན་ལེན་དང་བརྩི་བཀུར། བསམ་ཤེས་དང་རྒྱབ་སྐྱོར་གནང་བར་སྐུལ་ལོངས་བྱེད་ཀྱི་ཡོད་འབོད་སྐུལ་ཡང་ཞུ་བཞིན་ཡོད། དེ་ལྟར་མ་འགྱངས་པར་བྱེད་ཐུབ་པ་ཡིན་ན། ད་དུང་ཅུང་ཙམ་འཕྱི་མེད་དོ།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ཆུ་ཚོད་ ༨ སྔོན་ལ།
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

ཆུ་ཚོད་ ༩ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 10

  1. kangtuk says:
    ལོ་ 17 སྔོན།

    དྲ་གྲོགས་ལགས འོན་ཀྱང་རྒྱ་ནག་ནི་དེ་ལས་ལྡོག་ཏེ་དཔལ་འབྱོར་གྱི་ཐད་ནས་རང་ལ་དབང་པའི་བཟོ་གྲྭ་གང་མང་ཞིག་གི་མ་རྩ་ཤོར་ནས་སྒོ་བརྒྱབ་དང་རྒྱག་བཞིན་པ་དང་ སྲིད་ཀྱི་ཐད་ནས་ཡང་དཔང་འཛིན་པ་ཚོས་དབར་དབང་ཆ་འཕྲོག་རྩོད་དང་ དམངས་ཀྱི་ནང་དུ་ མང་གཙོ་ཚོགས་པ་དང་ སློབ་ཕྲུག་ཚོགས་པ་ ཤིན་ཅིང་ བོད་ ད་དུང་ད་སྐབས་གསར་དུ་ཐོན་པས་ སི་ཁྲོན་ས་ཡོམ་ཆེན་མོ་ སོགས་དེ་རིང་གི་རྒྱ་ནག་ནི་ཟིང་ཆའི་འགོ་རེད དེས་ན་སང་ཉིན་ཀྱི་རྒྱ་ནག་གི་འཇུག་འབྲས་ནི་གང་འདྲ་ཞིག་ལ་ཚོད་དཔག་བྱེད་རྒྱུ་ཡོད།

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་ལགས། བྱ་བ་མགོ་སྔ་གང་ཞིག་ཡིན་ཡང་གོ་རིམ་ཞིག་ཡོད་པ་རེད། དེ་དང་འགྲོག་ནས་རྒྱ་ནག་ཟེར་ནས་དེང་སང་རྒྱལ་ཁབ་མང་ཤོས་ཀྱི་ཁྲོམ་ར་བཟུང་དེ་ཡོང་གི་ཡོད་པ་དེ་ནི་དངོས་ཡོད་ཡིན་པ་ལས། དེ་ལ་འགྱུར་བ་གཏོང་རྒྱུ་ནི་ལས་སླ་བོ་ཞིག་ཆགས་ཀྱི་མེད་པ་རེད། རྒྱུ་མཚན་ནི་མི་མང་བོ་ཞིག་གོང་ཁེ་བོ་དང་ཅ་ལག་ཡག་པོ་ཞིག་དགོས་ཀྱི་ཡོད་པ་དེ་དང་མིག་ལ་ཡང་ཁྲ་ཁྲ་མ་ཁྲ་ཞིག་དགོས་ཀྱི་ཡོད་པ་རེད། དེ་དག་རྒྱ་ནག་གི་བྱེད་ཐུབ་ཀྱི་ཡོད་པས་ན་རྒྱ་ནག་རྒྱལ་སྤྱིའི་ཁྲོམ་ར་མང་བོ་ཞིག་སླེབས་བཞིན་པ་དེ་ནི་མངོན་གསལ་དོད་པོ་ཆགས་ཡོད་པ་རེད། དེ་ལྟར་མངོན་གསལ་དོད་པོས་རྒྱ་ནག་རྒྱལ་སྤྱིའི་ཁྲོམ་ར་དག་ལ་ག་ཚོད་སླེབས་ཐུབ་པ་དེའི་ཚོད་ཀྱི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་འགྲོ་ཡི་ཡོད་པ་རེད། རྒྱ་ནག་གི་དཔལ་འབྱོར་ག་ཚོད་ཡར་རྒྱས་སོང་བ་དེའི་ཚོད་ཀྱིས་རྒྱ་ནག་འཛམ་གླིང་གི་དཔལ་འབྱོར་གྱི་མ་དངུལ་ཆེ་ཤོས་ཀྱི་གྲངས་དུ་སླེབས་ཀྱི་ཡོད་པ་རེད། མ་དངུལ་ཆེ་ཤོས་ཀྱི་གྲངས་དུ་ག་ཚོད་སླེབས་པ་དེ་ཙམ་གྱི་རྒྱ་ནག་སྲིད་གཞུང་ཇེ་བརྟན་ནས་སྟོབས་ཤུགས་ཆེ་ཆེར་འགྲོ་ཡི་ཡོད་པ་རེད། སྟོབས་ཤུགས་དེ་ལ་བརྟེན་ནས་སྲིད་གཞུང་དེ་ལ་དབང་ཤུགས་ཀྱང་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེ་ལྟར་བསམ་བློ་གཏོང་ནས་ཤོག་དང་གཟོད་ནས་རྒྱ་ནག་འདི་བ་ཚང་ཚད་གང་འདྲ་ཞིག་སླེབས་སྲིད་པ་རེད་དམ།

    Reply
  3. kangtuk says:
    ལོ་ 17 སྔོན།

    དགོངས་དག་འདི་ཚོ་ཆད་འདུག་པས་་་་་་ མང་ཆེ་ཤོས་་་་ ཡོང་སྒོ་ཡོད་ཚད་་་་ ལས་གླ་ཙམ་ལས་འབབས་

    Reply
  4. kangtuk says:
    ལོ་ 17 སྔོན།

    དྲ་གྲོགས་ལགས་ དེ་འདྲ་མ་རེད དོན་དངོས་ཐོག་རྒྱལ་སྤྱིའི་ཁྲོམ་ར་དང་བཟོ་གྲྭ་ཆེ་ཤོས་དང་མང་ཆེ་ཕྱི་རྒྱལ་ཁག་གི་རེད་ དེ་བཞིན་རྒྱ་ནག་ནང་གི་བཟོ་གྲྭ་མང་ཆེ་པའི་མར་རྩ་དང་ཡོང་སྒོ་ཡོད་ཕྱི་གླིང་པ་ཚོའི་རེད་མ་གཏོག་རྒྱ་གཞུང་ལ་དཔྱ་ཁྲལ་ཙམ་དང་ལས་གླ་ཙམ་འབབ་གྱིན་ཡོད་པ་མ་རེད། དདུང་དེར་ལས་གླ་སླ་ཕྱིར་ཕྱི་གླིང་པ་ཚོར་བཟོ་གྲྭ་འཛུགས་རྒྱུ་སྟབས་བདེ་པོ་རེད། དེའི་ཕྱིར་དེང་སྐབས་རྒྱལ་སྤྱིའི་ཁྲོམ་ར་ན་རྒྱ་ནག་གི་དངོས་རྫས་མང་པ་རེད། དེ་འདྲ་རེད་དམ།

    Reply
  5. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་ལགས། ཁྱེད་རང་སྐད་ཆ་དེ་ཡང་གཏན་ནས་གནས་ལུགས་མེད་པ་ཞིག་མ་རེད། ཡིན་ཡང་། ངས་བཤད་བཞིན་པའི་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ནུས་པ་ཟེར་བ་དེ་ལས་བཟོ་བའི་གླ་ཆ་ཆེ་ཆུང་གི་སྟེང་ནས་འགྲོ་བཞིན་མེད། ངས་བཤད་་བཞིན་པ་རྒྱ་ནག་གི་རྒྱལ་སྤྱིའི་ཁྲོམ་ར་ག་ཚོད་ལ་ཤུགས་ཆེན་ཐེབས་ཀྱི་ཡོད་མེད་དེའི་བསྐོར་ཡིན། རྒྱལ་སྤྱིའི་ཁྲོམ་ར་མང་ཆེ་བ་རྒྱ་ནག་གི་དངོས་རྫས་ཀྱི་འཁང་དེ་འོང་དུས། རྒྱ་ནག་ནི་རྒྱལ་སྤྱིའི་དཔལ་འབྱོར་སྤྲོད་ཀྱི་གོ་གནས་ཆེ་ཤོས་སུ་འགྱུར་བ་དེ་ཡིན། དེ་ལ་མངོན་འགོག་མི་ཐུབ་པའི་རྒྱལ་ཁབ་ཁག་གི་ལས་བཟོ་བ་དེ་དག་ལ་གླ་ཆ་རྒྱ་ནག་ནང་གི་ལས་བཟོ་བ་དང་བསྡུར་ན་གླ་ཆ་ཆེ་བ་དང་ཐོབ་ཐང་ཡོད་པ་ནི་དངོས་ཡོད་རེད་དེ། དེའི་རྒྱལ་སྤྱིའི་སྟེང་གི་དཔལ་འབྱོར་ཁྲོམ་ར་འཛིན་ཐུབ་ཀྱི་མེད་པ་རེད། དེ་ལྟར་བསམ་བློ་གཏོང་དང་ད་གཟོད་ཁྱེད་རང་གིས་ག་ལེར་ཤེས་སྲིད་པ་རེད། ཡིན་ཡང་། ངས་ཁྱེད་རང་གི་བཤད་བཞིན་པ་དེ་ཡང་རྒྱུ་མཚན་གཏན་ནས་མི་འདུག་ཟེར་གྱི་མེད་དོ།

    Reply
  6. kangtuk says:
    ལོ་ 17 སྔོན།

    དྲ་གྲོགས་ བོད ་་་ ལགས་ བསམ་བློ་ཞིབ་མོ་ཞིག་བཏང་ན་རྒྱ་གཞུང་ལ་དེ་འདྲའི་དཔལ་འབྱོར་ལོངས་སྤྱོད་ཀྱི་སྟོབས་ཤུགས་ཞིག་ཨེ་ཡོད་དམ་དེང་སྐབས་རྒྱ་གཞུང་གིས་རྒྱལ་སྤྱིའི་སྟེང་གནོན་ཤུགས་ཤིག་སྤྲོད་གྱིན་ཡོད་པ་དེ་བདེན་པ་རེད་འོན་ཀྱང་དེ་ནི་ངས་ལྟས་ན་དཔལ་འབྱོར་དང་སྟོབས་འབྱོར་གྱིས་མ་ཡིན་པར་རྒྱ་གཞུང་གིས་མི་སེར་གཡོག་ལ་བཀོལ་རྒྱུ་མང་དྲག་པས་ཡིན་པ་འདྲ། ཁོང་ཚོས་གནོན་ཤུགས་གཙོ་བོ་དེ་ཚོང་འབྲེལ་གྱིས་ཟེར་གྱིན་ཡོད་པ་རེད ཚོང་འབྲེལ་ཞེས་པ་དེ་ཡང་མཐར་གཏུག་ན་བཟོ་གྲྭ་ཁག་གི་ཁེ་ལས་རེད་་ དེའི་རྩ་བ་ནི་ལས་བཟོ་པ་རེད རྒྱ་ནག་ལ་སྤྱི་ཁྱབ་ཀྱིས་དཔལ་འབྱོར་ཞན་དྲག་པའི་ལས་གླ་ཧ་ཅང་གིས་ཁེ་པོ་རེད་མ་ཟད་ལས་བཟོ་པ་ཚོར་ཐོབ་ཐང་གང་ཡང་ཡོད་པ་མ་རེད་ལོ་ག་ཚོད་ལ་ལས་ཀ་བྱས་པ་ཡིན་ནའང་གླ་ཆ་དེ་རང་འཇགས་རེད་ད་དུང་ལས་བཟོ་པ་ཚོས་ཀྱང་ལས་ཀ་དེ་དཀོན་མཆོག་གིས་བྱིན་བརླབས་ཤིག་དུ་བརྩི་གིན་ཡོད་པ་རེད། ད་དུང་རྒྱ་གཞུང་གིས་ས་ཁུལ་ཁ་ཤས་ནང་ངལ་རྩོལ་རུ་ཁག་ཞེས་མིང་སྙན་པོ་ཞིག་གི་འོག་བཙོན་པ་ཚོ་ལས་ཀར་བེད་སྤྱོད་གཏོང་གིན་ཡོད་པས་དེའི་རིག་ལ་གླ་ཆ་སྤྲོད་གྱིན་ཡོད་པ་མ་རེད། ཕྱི་རྒྱལ་ཁག་གང་ཡིན་ཡང་དེ་འདྲ་མིན་པར་ལས་གླ་མཐོ་པོ་རེད་མ་ཟད་ལས་བཟོ་པ་ཚོར་ཡང་ཐོབ་ཐང་ཧ་ཅང་མང་པོ་ཡོད་པ་རེད། དེའི་ཕྱིར་རྒྱ་གཞུང་གིས་གནོན་ཤུགས་ཞེས་པ་དེའི་རྩ་བ་ཡང་དེ་ནས་ཐོན་གྱིན་ཡོད་པ་རེད།

    Reply
  7. sha tak ri sim says:
    ལོ་ 17 སྔོན།

    བྲོ་བ་ཡོད་ན་

    Reply
  8. sha tak ri sim says:
    ལོ་ 17 སྔོན།

    མོག་མོག་འདི་ནི་བདག་གི་བཟོས་པ་ཡིན།།
    སྟག་སྨྱོན་ལྟོགས་ན་འདི་ཉིད་ཟོས་ཀྱང་ཆོག།
    མོག་མོག་གཅིག་གི་བྲོད་ཁོག་མི་རྒྱགས་མོད།།
    བྲོ་མ་ཡོད་ན་རྗེས་སུ་མང་ཙམ་འབུལ།།
    ང་ཡི་ཤེས་པ་ལག་ཟས་འདྲ་མིན་ཞིག།
    ཁྱེད་ལ་དགོས་པ་ཁ་ཟས་ཞིམ་པོ་ཞིག།
    ག་ལེར་ཕེབས་དང་སྣ་ཚོགས་གཞུག་ན་ཡོད།།

    Reply
  9. Crazy tiger says:
    ལོ་ 17 སྔོན།

    མ་མོའི་བརླ་ཤ་འཐག་པའི་ཤ་ཞིབ་དང་།།
    ཞིང་ཁའི་གྲོ་ལོ་བརྫིས་པའི་གྲོ་ཕྱེ་གཉིས།།
    སྦྱར་བའི་མོ་མོ་རྒན་མོ་གཉེར་མང་མ།
    མ་མཐོང་བོད་ཀྱི་བུ་ལ་བག་མ་བརྫངས།།

    Reply
  10. Crazy tiger says:
    ལོ་ 17 སྔོན།

    མ་མོའི་བརླ་ཤ་འཐག་པའི་ཤ་ཞིབ་དང་།།
    ཞིང་ཁའི་གྲོ་ལོ་བརྫིས་པའི་གྲོ་ཕྱེ་གཉིས།།
    ལེགས་པར་སྦྱར་བའི་མོ་མོ་སོས་པ་དེ།།
    གཟུགས་མེད་བོད་ཀྱི་བུ་ལ་མཆོད་པ་འབུལ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese