མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་བོད་སྐད་བཤད་ན་འདོད། ངས་བོད་ཡིག་འབྲི་ན་འདོད།

བོད། ཤ་ཁྲག་རུས་གསུམ།
༢༠༠༨/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp


བོད་ཀྱི་སེམས་སུ་བོད་ཡོད་ལ་བོད་ཀྱི་མིག་ནང་དུ་བོད་ཡོད་དགོས། ངས་འདི་ལྟར་བཤད་ན་འདོད། ང་བོད་པ་ཡིན་ལ་དྲ་ཚིགས་འདི་ཡང་བོད་ཀྱི་སྐད་ཡིག་གི་དྲ་ཚིགས་ཤིག་རེད། ངས་བོད་ཡིག་འབྲི་བཞིན་ཡོད། ང་བོད་པ་ཡིན། ངས་བོད་སྐད་བཤད་ཤེས་ཀྱི་ཡོད། ང་རང་བོད་ལ་ངོ་གནོང་མི་དགོས། ཡིན་ཡང་། ང་རང་གི་ཤེས་པ་དེ་ཡང་ཚད་མཐོན་པོ་ཞིག་གཏན་ནས་མིན། འོན་ཀྱང་། ངས་བོད་ལ་བཅིངས་པའི་སེམས་པ་གཙང་མ་ཡིན། ངས་བོད་དོན་དུ་བཤད་པའི་སྐད་ཆ་ཚང་མ་སྙིང་གཏམ་ཡིན། བོད་ལ་བཅིངས་པའི་སྙིང་གཏན་དྲོན་མོ། ང་སྙིང་གཏམ་བཤད་རྒྱུར་དགའ། བོད་པ་ཚང་ལ་སྙིང་གཏམ་བཤད་རྒྱུར་དགའ། ང་བོད་ལ་དགའ། ང་བོད་ལ་དགའ་བའི་ཚད་གཞི་ལ་རིན་ཐང་མེད། རིན་ཐང་མེད་པ་དེའི་ཆེད་དུ་ང་གསོན་པོར་ལུས་ཡོད། ངས་བོད་ཀྱི་དར་རྒུད་ཁྲོད་དུ་རང་གིས་ཐུབ་ཚོད་ཀྱི་བོད་སྐད་བཤད་ནས་བོད་ཡིག་འབྲི་བ་དང་བོད་དོན་གླེང་གི་ཡོད། འདི་ལྟར་ང་བོད་པ་དངོས་ནས་ཤིག་གི་སེམས་ཡོད་མཁན་ནས་བོད་ལ་ཤ་ཚ་བའི་བོད་ངོ་མ་ཞིག་གྱུར་འདུག ངས་རང་གི་མེས་པོ་དག་གི་བོད་སྐད་བཤད་ནས་བོད་ཡིག་བྲིས་དེ་བོད་ཀྱི་རིག་གཞུང་སྐྱོང་བ་ཤེས་ཀྱི་ཡོད། ང་རང་ཡང་དེ་ལྟར་བྱེད་པར་དགའ། ང་རང་གི་སེམས་ནང་གི་བོད་འདི་ལ་བོད་པ་ག་ཚོད་ཀྱི་བོད་པའི་ལུས་དང་བོད་པའི་སེམས། བོད་པའི་མིག བོད་པའི་སྐད་དང་། བོད་པའི་སྲོག་ལ་གཅེས་པར་ཡོད་དམ། ངས་འདི་ལྟར་བསམ་བློ་གཏོང་གི་ཡོད། ངས་འདི་ལྟར་བསམ་བློ་མུ་མཐུད་དུ་གཏོང་ན་འདོད། ངས་འདི་ལྟར་བོད་སྐད་བཤད་པ་ནས་བོད་ཡིག་འབྲི་ན་འདོད། ངས་རང་ཉིད་ལ་བོད་པ་ཟེར་བའི་ལུས་ངག་ཡིད་གསུམ་འཛོམ་མཁན་གྱི་བོད་པ་དངོས་ནས་ཤིག་ཉན་དུ་འཇུག་པར་རྩོམ་བཞིན་ཡོད། ང་མ་ཤི་ན་ངའི་སེམས་མི་ཤི ངའི་སེམས་མ་ཤི་ན། ང་བོད་ལ་དགའ་བའི་སེམས་པ་འགྱུར་མི་སྲིད། ང་བོད་ལ་དགའ་བའི་སེམས་པ་མ་འགྱུར་ན་ངས་བོད་དོན་སྒྲུབ་ཐུབ། ས་གང་དུ་སོང་ཡང་། ས་གང་ནས་བསྡད་ཀྱང་ང་བོད་པ་ཡིན། ངས་བོད་སྐད་བཤད་བཞིན་ཡོད། ངས་བོད་ཡིག་འབྲི་བཞིན་ཡོད། ང་བོད་པ་དངོས་ནས་ཤིག ལུས་ངག་ཡིད་གསུམ་འཛོམ་པའི་བོད་པ་ཞིག་ཆགས་པར་བརྩོན་བཞིན་ཡོད། མུ་མཐུད་དུ་་་་་་

ང་སྐྱེ་ས་བོད་ཡིན་ལ། ང་སྐྱེ་ཉིན་ནས་ང་ལ་བསླབ་པའི་སྐད་ཆ་དེ་ཡང་བོད་སྐད་ལས་རྒྱ་སྐད་དང་དབྱིན་སྐད་གང་ཡང་མིན། ངའི་ཕ་མ་གཉིས་ཀྱང་བོད་ཡིན་ལ་ཁོང་རྣམ་གཉིས་ཀྱིས་ཀྱང་བོད་སྐད་ལས་གཞན་རྒྱ་སྐད་དང་དབྱིན་སྐད་སོགས་སྐད་ཡིག་གཞན་པ་གང་ཡང་བཤད་ཀྱི་མི་འདུག་ལ་བཤད་ཀྱང་ཤེས་ཀྱི་འདུག ང་འདི་ལྟར་འཚར་ལོངས་བྱུང་། ངས་བོད་ཡིག་སྤྱང་། ངས་བོད་ཡིག་བྲིས། ཀ་ཁ་ག་ང་། ཅ་ཆ་ཇ་ཉ་ཟེར་ནས་བྱིས་པའི་དངས་གཙང་གི་ངག་གི་དབྱངས་རྟ་དང་འགྲོག་ནས་གྱེར་བ་ཡིན། འདི་ལྟར་བོད་ཀྱི་སྐད་དང་ཡི་གེ་ང་རང་གི་ཚེ་སྲོག་ནས་རྣམ་ཤེས་ལ་འཐིམ་སོང་། ང་བོད་སྐད་བཤད་རྒྱུ་དང་བོད་ཡིག་འབྲི་རྒྱུར་དགའ། ང་མ་ཤི་བར་དུ་ཤི་འཐམ་རོ་འཐམ་བྱེད་ན་འདོད། ང་རང་གི་གང་ཤེས་པ་དེ་དག་ངས་ཆུད་ཟོས་སུ་གཏོང་ན་མི་འདོད། ལྷག་པར་དུ་བོད་ཡིག་དང་བོད་སྐད་འདི། ད་དུང་། བོད་ལུས་འདི་་་་་་་་་་

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༢༣ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese