མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ཉིད་ལ་བཤད་པའི་སྐད་ཆ།

བོད། ཤ་ཁྲག་རུས་གསུམ།
༢༠༠༨/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཁྱེད་རང་གིས་མི་སུ་ལ་ཡང་འཕོག་ཐུག་གཏོང་འདོད་མེད་ཟེར་ནས་ནམ་ཡང་སེམས་ནང་དུ་དྲན་བཞིན་ཡོད་ན་ཡང་། མི་ཟེར་བ་འདིས་བསམ་བློ་བཏང་བ་དང་ལག་ལེན་དུ་བསྟར་དུས་ཀྱི་སྐབས་སུ། མཚམས་རེར་བསམ་ཐོག་དུ་འགྲོ་བ་ལས་མང་ཤོས་ནི་བསམ་ཐོག་དུ་འགྲོ་དཀའ་བ་ཡིན་སྟབས། ཁྱེད་རང་གིས་གནས་ལུགས་དང་རྒྱུ་མཚན་ཡོད་མེད་གཅིག་བུ་ལ་བསམ་བློ་བཏང་ནས་བསྡད་པ་ཡིན་ན། ཁྱེད་རང་ལ་མི་མང་བོ་ཞིག་གིས་མིང་ཚིགས་སྙན་པོ་ཞིག་གནང་ངེས་ཡིན། དེའི་མིང་ལ་མི་དྲང་མོ་དང་ཡང་ན་ཡ་རབས་ཟེར་ངེས་ཡིན་ཟེར་ནས་ཁྱེད་རང་གི་ཐེངས་མང་བོ་གོ་མྱོང་བ་དེའི་ཐད་དུ་བསམ་བློ་ཡང་མི་ཉུང་བ་ཞིག་གཏོང་མྱོང་ཡོད་པ་རེད་ལ། རང་གིས་སེམས་ནང་དུ་མི་ལ་འཕོག་ཐུག་གཏོང་འདོད་མེད་པ་དེ་ནི་ཁྱེད་རང་གི་བསམ་བློ་དངོས་ཡིན་ཡང་། ཁྱེད་རང་དངོས་སུ་སྤྱི་ཚོགས་ནང་དུ་ཞུགས་དེ་སོང་དུས་མི་ཚང་ཁྱེད་རང་ལྟར་བསམ་བློ་དེ་འདྲ་གཏོང་མཁན་མིན་སྟབས། ཁོང་ཚོས་གང་བྱེད་པ་དང་ག་རེ་བྱེད་ན་ཡང་མི་ལ་དོགས་པ་རྣམ་དོག་བྱེད་རྒྱུ་དགའ་ལ་དེ་དང་འགྲོག་ནས་རང་ཉིད་ཀྱི་བསམ་ཐོག་དུ་མ་སོང་བའི་སྐབས་སུ་མི་ལ་བརྟུན་ཟེར་བ་དེ་འདྲ་ཁོང་ཚོས་བྱེད་མི་ཤེས་ལ། དེ་ལྟར་བྱས་པ་ཡིན་ན་ཁོང་ཚོས་རང་གི་ལ་རྒྱ་ཤོར་སོང་བར་འདོད་ཀྱི་ཡོད་པ་རེད།

ཁྱེད་རང་གིས་དེའི་སྟབས་ཀྱི་རང་གི་གང་བསམ་པ་ཡོད་ཚད་སེམས་གཏིང་གི་ཤ་ཚའི་སྒོ་ནས་བཤད་ཀྱི་ཡོད་མེད་གང་ལྟར་ཡང་། ཕར་ཕྱོགས་ཀྱི་མི་དེ་དག་ནི་ནམ་ཡང་དོག་པའི་དབང་གི་མི་ཚེ་བསྐྱེལ་རྒྱུར་གྲ་སྒྲིག་བྱས་དེ་བསྡོད་ཡོད་མཁན་རྐྱང་རྐྱང་ཡིན་སྟབས། ཁྱེད་རང་གི་སྐད་ཆ་གང་ཞིག་བཤད་ན་ཡང་གཟབ་གཟབ་བྱོས་དེ་མ་བཤད་ན་སྐད་ཆ་ཚིག་གཅིག་བཤད་ནོར་ཐེབས་པ་ཡིན་ན་ཕར་ཕྱོགས་ཀྱི་མི་དེའི་རིགས་ཀྱི་བཟོད་བསྲན་ཟེར་བ་བརྟེན་མྱོང་མེད་ལ། དེ་ལྟར་བྱས་པ་ཡིན་ན་ནི་རང་ཉིད་སྡར་མ་རུ་བརྩི་བཞིན་ཡོད། ལུགས་སྲོལ་དེ་དང་འགྲོག་ནས་འཚར་ལཽངས་བྱུང་བའི་ཁོང་ཚོའི་སེམས་ནང་གི་ང་རྒྱལ་དེ་ནི་ཁོང་ཚོ་ལ་མཚོན་ན་རང་ཉིད་ཀྱི་སྐྱབས་མགོན་དུ་བསམ་བཞིན་ཡོད། འགྲོ་བ་མི་ཟེར་བ་འདི་ལ་ཁོང་ཁྲོ་ནི་མེད་མཁན་ཞིག་དཀོན་ན་ཡང་། ཁོང་ཁྲོ་སྐྱེ་སླ་བ་དང་ཁོང་ཁྲོ་ལག་ལེན་བྱེད་མིན་གཉིས་ཡོད་པ་རེད། དེའི་སྟབས་ཀྱི་ཁྱེད་རང་གི་ཏན་ཏན་ཏིག་ཏིག་མ་གནང་ན་ཁོང་ཁྲོ་ལག་ལེན་ལ་གོམ་པའི་མི་དེ་དག་གིས་ཁ་སང་གྲོགས་པོ་དང་སྙིང་ཉེ་ཡིན་ཡང་། དེ་རིང་ཁྱེད་རང་ནང་གཉར་གྱི་ཁྱི་ལས་ཀྱང་བརྩིས་མཐོང་མེད་པ་དེ་འདྲ་བྱེད་མི་སྲིད་པ་གཏན་ནས་མིན།

ཁྱེད་རང་གིས་ཁྱེད་རང་གི་གང་བསམ་པ་ཡོད་ཚད་ཀྱང་བདེན་པ་དང་གནས་ལུགས། ཡང་ན་རྒྱུ་འབྲས་དང་རྒྱུ་མཚན་ཚད་མ་ཡིན་བསམ་བཞིན་མེད་པ་རེད་ལ་དེ་ལྟར་བསམ་ན་ཡང་རང་ཉིད་ཀྱི་ནོར་འཁྲུལ་ལས་མི་གཞན་གང་གིས་ཀྱང་ནོར་འཁྲུལ་མིན་པ་དུས་རྟག་དུ་སེམས་ནང་ནས་བརྗེད་མི་རུང་། འོན་ཀྱང་། མི་འདྲ་མིན་དང་གཞིབ་དུས་སྐད་ཆ་འདྲ་མིན་ཞིག་བཤད་དགོས་དུས་དེའི་ཐད་དུ་བསམ་བློ་ཞིབ་མོ་ཞིག་བཏང་། མི་དེ་ལ་བསམ་ཚུལ་དང་གྲོས་མོལ་བྱེད་ས་ཞིག་ཉན་ས་རེད་དང་མ་རེད། ཡིན་ན་ནི་བསམ་ཚུལ་བརྗེ་རེ་དང་གྲོས་མོལ་བྱས་ན་མ་འགྲིག་པ་མེད་ལ་དུས་ཚོད་བཟང་བོ་ཞིག་དང་ཕན་ཚུན་ལ་རོག་འདེགས་བྱས་པ་རང་ཡིན། དེ་མིན་མི་དེ་ནི་ང་རྒྱལ་དང་རང་རློམ་ཁོ་ན་ལས་མི་གཞན་གྱི་གང་བཤད་ལ་བསམ་ཤེས་དང་བརྩི་བཀུར་མེད་མཁན་ཞིག་ཡིན་ན། ཁྱེད་རང་གིས་མི་དེའི་རིགས་ལ་ཨུ་ཚུགས་མཐའ་བསྐྱེལ་བྱེད་དགོས་དོན་གང་ཡང་མེད། མི་དེའི་རིགས་ལ་དེའི་རིགས་ཀྱིས་བཅོས་མཁན་ཞིག་ཡོང་ངེས་ཡིན་ལ། རང་ཉེས་ངོས་ཟིན་པའི་དུས་ཚོད་རེ་ཡང་ཤར་ངེས་ཡིན།

ཁྱེད་རང་གི་རྟག་དུ་སེམས་ཁོང་དུ་སྡུག་བསྔལ་མང་བོ་ཞིག་བསུ་བཞིན་ཡོད་ལ། དེ་དག་ལ་བསམ་བློ་མང་བོ་ཞིག་བཏང་མཐར། སྡུག་བསྔལ་དེ་དག་ག་ལེར་འདོར་རྒྱུ་ལ་ཡང་རྩོམ་པ་བྱེད་ཀྱི་ཡོད་ལ། ཁྱེད་རང་གི་སྐབས་རེ་ལས་སླ་བོའི་སྒོ་ནས་འདོར་ཐུབ་ཀྱི་ཡོད། ཁྱེད་རང་གི་ལས་སླ་བོའི་སྒོ་ནས་འདོར་ཐུབ་པ་དེ་ལྟར་དུ་མི་གཞན་གྱིས་ཀྱང་ལས་སླ་བོའི་སྒོ་ནས་འདོར་ཐུབ་པ་ནས་འདོར་དགོས་པར་བསམ་མི་རུང་། ཁོང་ཚོ་སྡུག་བསྔལ་དེ་དག་འདོར་འདོད་ཀྱི་བསམ་བློ་མེད་ལ། གལ་ཏེ་དེ་ལྟར་སྡུག་བསྔལ་འདོར་མཁན་ཞིག་ཡིན་ན་ནི། དེ་ནི་ཁྲེལ་གཞུང་མེད་མཁན་དུ་བརྩི་བཞིན་ཡོད་ལ། མི་དེའི་རིགས་ནི་ཁྲེལ་གཞུང་མེད་པར་ཡང་འདོད་ཀྱི་ཡོད། ཁྱེད་རང་གི་མི་དེ་དག་གི་རྒྱུས་ལོན་མ་ཐུབ་ཡར་སྔོན་དུ་མི་དེ་དག་ནི་ནུས་མེད་རྐྱང་རྐྱང་ཡང་རེད་བསམ་མི་སྲིད་པ་མིན། དེ་འདྲ་ཡང་མིན། ཁོང་ཚོ་སྐྱེ་མ་ཐག་ནས་ཕ་མེས་ཡང་མེས་ཚོས་བསླབ་པ་ཡིན་སྟབས་ལས་སླ་བོ་ཞིག་འགྱུར་ཆོག་ཆོག་མེད་ལ། འགྱུར་བ་བཏང་བ་ཡིན་ན་ཁོ་རང་སྐྱེ་སའི་མི་རིགས་དེའི་འཕྱ་དམོད་དང་བརྙས་བཅོས་འཁུར་དགོས། དེ་དག་ནི་ནམ་ཡང་ཁོང་ཚོས་མི་འདོད་པ་ཡིན། དེའི་རྒྱུ་མཚན་གྱིས་ཁོང་ཚོ་དེ་ལྟར་འགྲོ་བཞིན་ཡོད། འདོད་པ་ཡོད་མེད་ལ་མ་བལྟས་པར་འགྲོ་དགོས་པ་ཆགས་ཀྱི་ཡོད། དེ་ལ་ཁྱེད་རང་གི་བསམ་ཤེས་བྱས་དེ་ཁྱེད་ཀྱི་རང་ཉིད་མི་དེ་དག་གི་བྱེད་སྟངས་ལ་གོམ་ལོབ་དུ་གཏོང་དགོས་ཀྱི་ཡོད་པ་རེད། ཡིན་ཡང་། ཁྱེད་རང་དེ་ལ་འདྲིས་ན་ཆོག་པ་ལས། ཁྱེད་རང་གི་སེམས་ཀྱི་གཏིང་སར་འཛུལ་ཆོག་གི་མེད། དེ་འདྲར་འགྱུར་ཆོག་ཆོག་དང་བརྗེ་ཆོག་ཆོག་ཞིག་མིན་པ་ནི་ཁྱེད་རང་གིས་ཀྱང་ལོས་ཤེས། ཡིན་ཡང་། ཁྱེད་རང་འགྱུར་དགོས་སའི་དུས་ཚོད་དང་དགོས་འཁོ་བྱུང་་དུས་ཁྱེད་རང་འགྱུར་དགོས་ལ། ཁྱེད་རང་གི་ཁོང་ཚོས་གང་བཤད་ལ་བརྩི་འཇོག་དང་བདེན་པ་རེད་ཟེར་ནས་རྒྱབ་སྐྱོར་བྱེད་དགོས། དེ་ལྟར་བྱེད་ཐུབ་དུས་ཀྱི་ཁྱེད་རང་ལ་ཁོང་ཚོས་སྤྱི་ཚོགས་ནང་ནས་བྱ་བྱེད་ལས་གསུམ་གང་ཡིན་ཐད་ཐོབ་ཐང་རེག་ངེས་ཡིན། ཐོབ་ཐང་དང་ཁྱེད་རང་ལ་རང་དབང་ལོངས་སུ་སྤྱོད་པའི་སྐལ་བ་དང་ནུས་པ་ལྡན་ཉིན། ད་གཟོད་ཁྱེད་རང་གི་རང་གི་གོམ་གཤིས་དང་ལྟ་བ་རྒྱུན་སྐྱོང་དང་སླར་གསོ་བྱེད་ཐུབ་མིན་ཁྱེད་རང་ལ་རེག་ལས་པ་ཡིན། དེ་ལྟར་དུ་སེམས་ལ་བཟུང་དེ་བཟོད་བསྲན་དང་ཏིང་སྙོམས་ལ་བརྟེན་ནས་རང་གི་དམིགས་མདུན་སར་སླེབས་ཐུབ་པ་བྱེད་དགོས་པ་དེ་ཤེས་པར་གྱིས་ཤིག ས་མཐའི་བུ། ཡུལ་གྱར་བུ། བཙན་བྱོལ་བུ། བོད་ཀྱི་བུ། རྒྱལ་ཁབ་མེད་པའི་བུ། གངས་ཅན་པའི་བུ། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི། བརྩོན་པ་བྱོས་དང་། མི་ལ་བརྩོན་འགྲུས་ལྡན་གྱུར་ན། འཇིག་རྟེན་འདི་ན་དཀའ་བ་མེད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese