མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲ་གྲོགས་འཁྱམ་པོའི་ཟིན་བྲིས་བཀླགས་རྗེས་སུ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

དྲ་གྲོགས་ལགས། འཁྱམས་པོ་ས་མཐའ་མི་སྐྱིད་མཛོ་འཕོང་མི་བདེ་ཟེར་སྲོལ་ཡོད་པ་ལྟར། ངེད་ཅག་ནི་ས་མཐའ་ལ་དགའ་ནས་ཡོང་བ་མ་ཡིན་པར། ངེད་ཅག་ས་མཐར་བཅུགས་པ་རེད། ངེད་ཅག་ལ་རང་དབང་དང་རང་ཡུལ་ལ་བདག་པོ་བྱེད་པའི་ཐོབ་ཐང་འཕྲོག་ནས་ངེད་ཅག་ས་མཐར་བཅུགས་པ་ཡིན་དུས། ངེད་ཅག་གི་ནམ་ཡང་དེ་ལྟར་བྱེད་མཁན་གྱི་སྲིད་གཞུང་དེ་ག་ལ་བརྗེད་སྲིད། ཡིན་ཡང་། ས་མཐའ་ནས་སེམས་པ་རེ་སྐྱོ་དུས་སྟག་ཤར་རེའི་མིག་ཆུ་ཁོག་ན་ཡོད། མ་བུ་མོའི་མིག་ཆུ་གདོང་ན་ཡོད་ཟེར་བ་དེ་ལ་འདང་རེ་བརྒྱབ་ནས་རང་སེམས་ལ་རང་གི་སྐྱོར་མ་རེ་བྱེད་ཐུབ་དགོས། དེ་མིན་ངེད་ཅག་ནི་རང་ཉིད་ལ་སྡུག་གཅོད་གཏོང་མཁན་ལས་གང་ཡང་མེད་པ་ཆགས་ངེས་ཡིན་པ་སེམས་སུ་འཛིན་རོགས་ཞུ།

དྲ་གྲོགས་ལགས། འཁྱམས་པོ་ང་རང་ཡང་ཁྱེད་རང་བཞིན་ནམ་རྒྱུན་དུ་རང་ཉིད་གཅིག་བུ་ལ་སེམས་གསོ་བྱས་དེ་འདུག་མཁན་གྱི་གྲངས་ཤིག་ཡིན། ཡིན་ཡང་། ངས་རང་ཉིད་ལ་སེམས་གསོ་བྱེད་སྟངས་ལ་འགྱུར་བ་མང་བོ་ཞིག་ཐེབས་སོང་། སྔོན་ཆད་ཡིན་ན་ང་རང་སེམས་པ་སྐྱོ་དུས་སུ་ངས་ཀྱང་ཨ་རག་ཚོད་མེད་དུ་འཐུང་ནས་རང་ཉིད་ལ་སྐྱོ་རོགས་བྱེད་པར་འདོད་ཀྱི་ཡོད། དེ་ལྟར་ང་རང་གི་ཉེ་འཁོར་གྱི་གྲོགས་པོ་མང་བོ་ཞིག་གིས་དེ་མཐོང་ནས་ཁོང་ཚོས་ང་རང་ཨ་རག་འཐུང་རྒྱུ་མང་དྲགས་དེ་ཤི་རྒྱུར་དོགས་ནས་ཐེངས་མང་བོ་ང་རང་ལ་འབོད་སྐུལ་བྱས་མྱོང་ཡོད། འོན་ཀྱང་། ང་རང་ལ་དམིགས་གསལ་གྱི་འགྱུར་བ་གང་ཡང་མ་སོང་། དེ་ནས་ངས་མུ་མཐུད་དུ་ཨ་རག་འཐུང་བ་ཡིན། སྐབས་དེ་ལ་ང་རང་ལ་ཡང་ཨ་རག་འཐུང་བྱེད་ཀྱི་སྒོར་མོའི་ཡང་དཀའ་ངལ་ཞེ་དྲགས་འཕྲད་ཀྱི་མེད་ལ་ངས་ཀྱང་དེ་ནི་ང་རང་གི་དགའ་ཕྱོགས་དང་སྐྱོ་རོགས་ཤིག་ལ་ངོས་བཟུང་དེ་ཨ་རག་འཐུང་བ་ཡིན། མུ་མཐུད་དུ།

དྲ་གྲོགས་ལགས། ལོ་ངོ་ཁ་ཤས་ཀྱི་རྗེས་སུ་ཨ་རག་ལ་རང་བཞིན་གྱིས་རང་ཉིད་ཀྱི་ཨ་རག་འཐུང་དགོས་པའི་རྒྱུ་མཚན་རྩད་གཅོད་བྱེད་འདོད་ཀྱི་བསམ་བློ་ཞིག་འཁོར་སོང་བ་ལྟར། ཉིན་མ་རེ་རེ་བཞིན་ངས་རང་ཉིད་ལ་དྲི་བ་འདྲ་མིན་བཀོད་དེ་ཨ་རག་དང་ངེད་གཉིས་བར་གྱི་འབྲེལ་བ་ལ་བསམ་བློ་གཏོང་བ་དང་དེ་ལ་ལན་རེ་ཨེ་རྙེད་བལྟས་པ་ཡིན། བར་སྐབས་དེ་འདྲ་ཞིག་ལ་ང་རང་ལ་བསམ་བློ་གཏོང་ལུགས་མ་འདྲ་བ་ཞིག་རྙེད་སོང་བ་ལྟར་ཨ་རག་དང་ངེད་གཉིས་ལ་འབྲེལ་བ་བཟང་བོ་ཞིག་མེད་པ་དང་འབྲེལ་བ་དེ་ལ་མུ་མཐུད་དུ་གཡེང་བསྡད་པ་ཡིན་ན། ཨ་རག་གི་ང་རང་ལ་གང་ཡང་བྱེད་ཐུབ་ཀྱི་མི་འདུག དམིགས་གསལ་གྱི་ཨ་རག་གིས་ང་རང་གི་སྐྱོ་སྣང་ཡོད་ཚད་མེད་དུ་འཇུག་པ་ལས་ལྡོག་ནས་སྐྱོ་སྣང་ཆེ་རུ་གཏོང་བ་དང་ཆག་སྒོ་ཇེ་མང་དུ་འགྲོ་བ། ཨ་རག་འཐུང་ཚར་རྗེས་ཀྱི་ང་རང་ནི་ནམ་རྒྱུན་གྱི་མི་དེ་མ་ཡིན་པ་ཞིག་ཆགས་ཀྱི་ཡོད་པ་ཡང་རང་ཉིད་ཀྱི་དྲན་ཐུབ་ཀྱི་མེད་ལ། རང་གི་ལུས་ཕུང་གི་བདེ་ཐང་དང་རང་ཉིད་མི་ཡུལ་དུ་སྐྱབས་བཅོལ་ལ་ཡོང་དགོས་པའི་དམིགས་ཡུལ་སོགས་ལ་ཡང་བར་ཆད་དང་གཏོར་ལོག་བྱེད་ཀྱི་འདུག་པ་ལས་བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཡང་མེད་པའི་རྒྱུ་མཚན་དང་གནས་ལུགས་ཤེས་སུ་བཅུགས་སོང་།

དྲ་གྲོགས་ལགས། ཉིན་མ་དེ་ནས་བཟུང་ང་རང་གི་ཨ་རག་འཐུང་མེད་ལ་ཨ་རག་གི་ང་རང་སྐྱོ་སྣང་སེལ་མི་ཐུབ་པའི་རྒྱུ་མཚན་ཡང་གསལ་བོ་རྟོགས་པ་བཞིན། ངས་རང་ཉིད་ཀྱི་གྲོགས་པོ་དག་ལ་ཡང་ཨ་རག་མི་འཐུང་བར་སྐུལ་འདེད་བྱེད་ཀྱི་ཡོད། དེ་ལྟར་ང་རང་ནི་ཨ་རག་ལ་དུངས་ཤ་བརླན་མཁན་ནས་ཨ་རག་དང་གཏན་བྲལ་བྱེད་ཐུབ་མཁན་གྱི་མི་ཞིག་ཆགས་སོང་ལ། དེ་ནས་བཟུང་ལུས་ཕུང་གི་བདེ་ཐང་དང་མིའི་ཆ་འཇོག་ཡང་རིམ་གྱིས་འཕེལ་སོང་། ད་དུང་རང་གི་རྣམ་རིག་ཀྱང་སྔར་ལས་ལྡབས་འགྱུར་གྱི་ཡར་རྒྱས་བྱིན་སོང་། ངས་རེ་བ་ལ་ཨ་རག་ནི་སེམས་སྐྱོ་བའི་སྐབས་སུ་ལྷག་དུ་འཐུང་རྒྱུ་ཞིག་མིན་ལ། དེ་དུས་འཐུང་ན་ཆག་སྒོ་སྣ་མང་བསུ་བའི་སྔ་ལྟས་སུ་གྱུར་འགྲོ་ལགས། རབ་ན་ཨ་རག་དང་ཁྱེད་གཉིས་བར་གྱི་འབྲེལ་བ་ལ་བསམ་བློ་ཞིབ་མོ་ཞིག་འཁོར་ཐུབ་ནས་ང་རང་གི་བསམ་པ་ལྟར་ཁྱེད་རང་ཡང་ཨ་རག་དང་འབྲེལ་ཐག་གཅོད་ཐུབ་པར་ཤོག

 

དྲ་གྲོགས་ལགས། རེད། མི་མང་བོ་ཞིག་གིས་ཨ་རག་འཐུང་བ་ནི་སྐྱིད་དུས་སུ་སྐྱིད་རོགས་དང་སྡུག་དུས་སུ་སྡུག་རོགས་བྱེད་ཐུབ་ཟེར་བཞིན་ཡོད་པ་རེད། དེ་ནི་སྐྱག་རྫུན་ཞིག་ལས་དྲང་བདེན་གྱི་སྐད་ཆ་ཞིག་གཏན་ནས་ཆགས་མི་འདུག ངས་འདི་ནས་གང་བྲིས་པ་དག་ཁྱེད་རང་གཙོ་བའི་དྲ་གྲོགས་ཨ་རག་ལ་དགའ་བ་དག་ལ་བསམ་ཚུལ་བཟང་བོ་ཞིག་གི་ངང་དུ་བྲིས་པ་ལས་མཁས་འདོག་སྟོན་པ་དང་བསླབ་བྱ་བརྒྱབ་པ་དེ་འདྲ་གཏན་ནས་མིན། ང་རང་གི་བསམ་ཚུལ་ནང་ལ་བོད་ལ་ཤ་ཞེན་ཡོད་པའི་བོད་མི་སུ་ཞིག་ཡིན་ཡང་། འདི་ལྟར་ས་མཐའ་ནས་སྡུག་མགོ་ཆང་གི་གནོན་བཞིན་པ་དེ་དག་གོ་ན་མི་འདོད་པ་དེ་ལས་གཞན་གང་ཡང་མིན།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༣ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༨ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 4

  1. sha tak ri sim says:
    ལོ་ 17 སྔོན།

    གནས་ཚང་ལགས། ཁྱེད་རང་འདིར་ཕེབས་ནས་བསམ་ཚུལ་རེ་བཤད་རྒྱུར་འབོད་སྐུལ་ཞུ། ལྷག་པར་དུ་སྐུ་ཉིད་ང་རང་གི་ཟིན་བྲིས་ནང་དུ་ཕེབས་པ་ལ་ཐུགས་རྗེ་ཆེ་ཞུ། འདི་ལྟར་ངེད་ཅག་གི་རང་རང་གི་འཚོ་བའི་ནང་གི་ཉམ་མྱོང་དང་བསྒྲགས་ནས་ཕན་ཚུན་ལ་གླེང་མོལ་དང་བསམ་ཚུལ་སྤེལ་རྒྱུ་ནི་བདག་གི་རེ་བ་དང་དམིགས་ཡུལ་དུ་དྲངས་ཆོག་པ་ཡིན་ནོ།

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    ཕ་དམ་པ་ཆང་གི་བཟི་ཡང་དོ་དམ་པ་རླུང་ལ་མི་བསྐུར་ཟེར་བ་ནི་ཆང་འཐུང་ཚོས་རང་ཉིད་འགེབས་སྲུང་བྱེད་ཆེད་དུ་བཤད་བཞིན་པ་ཞིག་ལས། དོན་དངོས་སུ་ཆུ་བསྐྱལ་རྒྱག་མཁན་ཞིག་ལ་དཔེར་བླངས་དེ་བཤད་པ་ཡིན་ན། ཆུ་བསྐྱལ་ཡག་པོ་མི་ཤེས་མཁན་དག་ནི་ནམ་ཡང་བདེ་འཇག་ངང་དུ་འཚོ་ཡོད་པ་རེད། རྒྱུ་མཚན་ནི་ཁོ་རང་གི་ཆུ་ཡག་པོ་བསྐྱལ་མི་ཤེས་སྟབས་རྟག་དུ་སེམས་ཆུང་བྱོས་དེ་ཆུ་བསྐྱལ་བཞིན་ཡོད་པ་རེད། ཆུ་ནང་དུ་ཤི་མཁན་དག་ནི་ཆུ་བསྐྱལ་མཁས་པ་དེ་ཚོ་ཤི་བཞིན་ཡོད་པ་རེད། གང་ཡིན་ཟེར་ན་ཁོ་རང་ཚོ་ང་རྒྱལ་ཆེན་པོའི་ངང་དུ་ཆུ་བསྐྱལ་བཞིན་ཡོད་པ་རེད་ལ། ང་རང་ཆུ་བསྐྱལ་ལ་མཁས་པོ་ཡོད་ཟེར་ནས་རང་གི་ནུས་པ་དེའི་ཆུའི་སྟོབས་ཤུགས་ལ་ངོ་ཡ་མི་ཡོང་བ་དེ་ནི་སེམས་ནང་དུ་ཤར་ཐུབ་ཀྱི་མེད་པ་རེད། དེ་བཞིན་དུ་རྒྱུན་དུ་ཆང་འཐུང་མཁན་དེ་དག་གོང་གི་དེ་མཚུངས་ཀྱི་དོན་རྐྱེན་འདྲ་མིན་ལ་འཕྲད་ཀྱི་ཡོད་པ་རེད་མ་གཏོགས། ཐོག་མ་ནས་དོན་རྐྱེན་ངན་པ་ཞིག་སློང་འདོད་ཀྱི་ཀུན་སློང་ཡོད་པ་མ་རེད་ཟེར་ནས་ཐག་བཅད་ན་འགྲིག་གི་ཡོད་པ་རེད། ངས་འདི་ལྟར་བཤད་པ་ནི་ང་རང་གི་ཉམ་མྱོང་དེ་ལས་གྲོགས་པོ་ཁྱེད་རང་འདྲ་བ་ཚོ་ལ་ཕན་རེ་ཐོག་ན་སྙམ་པ་ལས་མཁས་འདོད་དང་གྲགས་འདོད་གང་ཡང་མེད་ལ་བསླབ་བྱ་རྒྱག་འདོད་ཀྱི་བཤད་པ་ཡང་མིན། གནས་ལུགས་དང་རྒྱུ་མཚན་རྙེད་ན་ག་ལེར་རང་ཉིད་ནས་མགོ་འཛུགས་བྱེད་སྟངས་ཤིག་ངོ་སྤྲོད་བྱས་པ་ཙམ་མོ།

    Reply
  3. kangtuk says:
    ལོ་ 17 སྔོན།

    དྲ་གྲོགས་ བོད ཤ་ཁྲག་རུས་གསུམ་ལགས་སེམས་གསོ་དང་བསླབས་བྱ་རེའི་ཁྲོད་དུ་ཁྱེད་ཀྱི་བྱུང་རབ་སྙན་མོ་དེས་བགོ་བྱ་རེ་གནང་པ་སྙིང་ནས་བཀའ་དྲིན་ཞུ། དེ་ནི་འུ་ཅག་སྐྱབས་བཅོལ་པའི་ལས་དབང་གི་རྒྱུད་རིམ་ཞིག་དུ་ངེས་པ་འདྲ་ ལྷག་པར་དུ་ང་དང་ང་འདྲ་པའི་འཁྱམས་པོ་ཚོ། ལན་རེར་ངས་ཀྱང་ཁྱེད་རང་གིས་བཤད་པ་ལྟར་བསམ་མྱོང་མ་ཟད་ལག་ལེན་དུའང་བསྟར་ན་འདོད་ ད་དུང་ངའི་ཨ་མ་དེའང་ངའི་མདུན་ན་འགྲེང་ནི་འདུག འོན་ཀྱང་དེ་ནི་་་་་་་རྒྱུད་རིམ་ངེས་ཅན་ཞིག་་་་་དེ་ནི་་་་
    ཡིན་ཡང་ངས་རང་ཉིད་ལ་ནམ་ཡང་དམ་བཅའ་ཞིག་ཡོད་པ་ནི་་་་་ཕ་དམ་པ་ཆང་གིས་བཟི་ཡང་དོན་དམ་པ་རླུང་ལ་མི་སྐུར་ཞེས་པ་་་་་དེ་རེད།

    Reply
  4. beginning says:
    ལོ་ 17 སྔོན།

    ཁོ་རེ། ད་རེས་འཚམས་འདྲི་ཞིག་བྱེད་འདོད་སྐྱེས་སོང་། མ་གཞི་ངས་ག་དུས་ཀྱང་རང་ཚོས་དོན་དག་རྐང་གཅིག་ཀྱང་ལབ་ཀྱི་མེད་པར་མིང་ཚིག་སྟོང་ཟད་དུ་སྟོང་བཞིན་པར་གོ་བ་ལེན་བཞིན་ཡོད། འདིའང་པཱ་ལེ་བ་ཞིག་འཆི་མ་ཐུབ་པའི་སྔ་རྗེས་ཡིན་སྲིད་ཀྱང་། ད་རེས་ཁྱེད་རང་ལ་རང་ཚུགས་གཅིག་ཡོད་པ་ཤེས་སོང་། ཨ་རག་མི་འཐུང་བར་གཞན་ལ་འབོད་སྐད་བྱེད་ཐུབ་པར་ཡི་རངས་ཡོད། ཁ་དྲོ་ཚེ་རིང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese