མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་ཡིག་འབྲི་བ་ནི།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཡིག་འབྲི་བ་ནི། རང་གི་སྙན་གྲགས་ཀྱི་ཆེད་དུ་མིན་ལ། རང་ཉིད་ལ་དངུལ་སྒོར་མང་བོ་ཞིག་ཐོབ་ཆེད་དུའང་གཏན་ནས་མིན། དེ་ན་གང་ཡིན་ཟེར་ན་ནི།  རྩོམ་ཡིག་འབྲི་བ་ནི་མི་མང་ལ་ཞབས་ཞུ་ཞིག་བྱེད་ཆེད་དུ་ཡིན་ལ། ཞབས་ཞུ་དེ་ཡང་མི་མང་ལ་རང་གི་སེམས་གཏིང་གི་མི་ཟེར་བ་འདི་ལ་དགོས་པའི་བདེ་ཐང་གི་ཆེད་དུ་སྐད་ཆ་རེ་བཤད་པ་དེ་ཡིན། རྩོམ་ཡིག་དེ་ལྟར་འབྲི་དུས། ང་རང་ལ་མི་ཟེར་བ་འདི་ལ་འགན་ཞིག་ཡོད་པ་དང་མི་ཟེར་བ་འདི་ལ་མི་ཚང་མ་འདྲ་མཉམ་གྱི་འདོད་ཕྱོགས་ཤིག་ཡོད་པ་ངོས་ཟིན་ཐོབ་དུ་འཇུག་པའི་ལམ་ཞིག་བསྐྲུན་ཆེད་དུ་ཡིན། ལམ་ཁ་དེ་ནས་ཐུང་ཐུང་ཞིག་མིན་ལ། ལམ་དེའི་ནང་དུ་འགྲོ་རྒྱུ་ལ་ཡང་མི་རང་རང་ནས་འགན་ལེན་དང་དང་ལེན་ངང་འབད་བརྩོན་བྱེད་དགོས་པའི་གནས་ལུགས་དང་རྒྱུ་མཚན་གང་མང་མང་ཞིག་མི་རང་རང་གི་བློ་ངོར་ཡོད་པ་དེ་དག་ཕན་ཚུན་ལ་གསལ་འདེབས་དང་གྲོས་མོལ་བྱེད་པའི་ཆེད་དུ་ཡིན། དེང་སང་མི་མང་བོ་ཞིག་གི་རྩོམ་ཡིག་ཟེར་བ་ནི་གོ་རྒྱུ་མེད་པ་དང་སྙན་ངག་ཟེར་བ་དེ་བས་ཀྱང་རིན་ཐང་མེད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། དེ་འདྲ་ཞིག་གཏན་ནས་མ་ཡིན་པར་ངེད་ཅག་སྨྱུ་གུ་འཛིན་མཁན་ས་སྟེང་འདི་ན་གང་ཡོད་པ་ཚང་མས་ངོས་ཟིན་ཐོབ་དགོས་པ་ལས། སྐུར་འདེབས་དང་དམའ་འབེབས་རྐྱང་རྐྱང་གི་ཁྲོད་ནས་རྩོམ་ཡིག་སྤེལ་བ་ནི་ཡར་རྒྱས་ཤིག་མ་ཡིན་པར་མིའི་རིགས་ཀྱི་སེམས་ནང་དུ་ནག་ཐིགས་ཤིག་ཕབ་པ་ལས་གང་ཡང་མིན་པ་ཤེས་དགོས། ངེད་ཅག་རྩོམ་ཡིག་འབྲི་མཁན་སུ་ཞིག་ལ་མཚོན་ན་ཡང་རང་གི་འབྲི་བཞིན་པ་དེ་དག་རང་ཉིད་ལ་མིང་དང་གོ་གནས་ཐོབ་ཆེད་དུ་བེད་སྤྱོད་གཏོང་མི་འོས་པ་ལ། དེ་ལྟར་བེད་སྤྱོད་བཏང་བ་ཡིན་ན།  དེའི་རིགས་ཀྱི་རང་གི་མིང་དང་གོ་གནས་ཀྱི་ཆེད་དུ་བདེན་པ་དང་བརྩི་བཀུར་དང་ཤ་ཞེན། ཁྲེལ་གཞུང་བཅས་ལ་རིན་ཐང་མི་འཇོག་པ་ཡིན།

རྩོམ་ཡིག་འབྲི་བ་ནི་མིའི་རིགས་ཀྱི་འཚོ་བའི་ནང་དུ་དགོས་འཁོ་ཞིག་སྐོང་ཆེད་དུ་ཡིན་ལ། དགོས་འཁོ་དེ་ཡང་དྲང་ཕྱོགས་ཤིག་ལས་ཀྱོག་ཕྱོགས་ནས་ནམ་ཡང་སྤེལ་མི་རུང་བ་ཡིན། དེ་ལྟར་རྩོམ་ཡིག་འབྲི་བ་དག་ནི་མིའི་རིགས་ཀྱི་ནག་ཉེས་བྱེད་མཁན་ཞིག་ལས་གང་ཡང་མེད་པར་ཆགས་བཞིན་ཡོད། དེའི་ཕྱིར་ངས་དུས་རྟག་དུ་རྩོམ་ཡིག་འབྲི་བ་ནི་རང་གི་སྲོག་ལས་རྩ་ཆེན་དང་རང་གི་འཚོ་བ་ལས་གལ་ཆེན་དུ་འཛིན་གྱི་ཡོད། ཡིན་ཡང་། ང་རང་གི་གང་བྲིས་པ་ཡོད་ཚད་དེ་ཡང་ཕུལ་བྱུང་ཤ་སྟག་ཞིག་ཡིན་པར་ཡང་འདོད་མ་མྱོང་ལ། ངས་ཤེས་ཀྱི་ཡོད། ངས་འཇོན་གྱི་ཡོད། ཡང་ན་ང་རང་ལ་ཤེས་ཡོན་ཚད་ལྡན་ཞིག་ཡོད་ཅེས་རང་རློམ་ཞིག་ནམ་ཡང་བྱེད་མྱོང་མེད་ལ། ངས་རྟག་དུ་རང་གི་ཨེ་ཤེས་ཨེ་འཇོན་ལ་བལྟ་བཞིན་ཡོད་པ་དེ་ལས་ང་རང་གི་ཤེས་ཡོན་གྱི་ཚད་གཞི་གོང་མཐོར་བཏང་ནས་མིའི་རིགས་ཀྱི་སེམས་ནང་གི་དགའ་སྐྱོ་ཆགས་སྡང་ལ་དབང་བསྒྱུར་བ་དེ་ནི་དོན་དངོས་སུ་གང་ཞིག་ལ་ངོས་འཛིན་བྱེད་དགོས་པ་ནས་དེ་ཉིད་ལ་གོ་དོན་ཟབ་མོ་ཞིག་ཐོབ་པར་འབད་འབུངས་ཉིན་མཚན་མེད་པར་བྱེད་བཞིན་ཡོད་ལ་སྨྱུག་ཐོག་པ་ཚོ་ལ་ཡང་དེ་ལྟར་སྐུལ་ལོངས་དང་འབོད་སྐུལ་བྱེད་ཀྱི་ཡོད།

ང་རང་ལ་རྩོམ་པ་པོ་ཞེས་པའི་མིང་ཡང་ཐོབ་འདོད་མེད་ལ། སྙན་ངག་པ་ཞེས་པའི་ཆོ་ལོ་དེ་ཡང་དེ་བས་ཀྱང་དགོས་དོན་མེད་ལ། མཁས་པ་དང་དབུ་ཁྲིད་ཟེར་བའི་གོ་མིང་དེ་འདྲ་བརྫིག་པ་ཞིག་ཀྱང་ང་རང་གི་རྨི་ལམ་ནང་དུ་ཡང་ཐོབ་དགོས་ཀྱི་མེད། ང་རང་གི་རྩོམ་ཡིག་གང་འབྲི་འདོད་པ་དང་གང་ཞིག་ལ་བསམ་བློ་གཏོང་བཞིན་པ་དེ་དག་གི་མཐར་གཏུག་གི་དམིགས་ཡུལ་ནི། མིའི་རིགས་ཀྱི་ཕན་ཚུན་ལ་བསམ་ཤེས་དང་བརྩི་བཀུར། ཁྲེལ་གཞུང་དང་དྲང་བདེན་ཡོད་མཁན་ཞིག་ཆགས་རྒྱུ་དེ་ཡིན། དེ་ལྟར་ཆགས་ཉིན་གྱི་མིའི་རིགས་ཀྱི་སྤྱི་ཚོགས་ཤིག་ག་དུས་བྱུང་ན་དེ་དུས་ང་རང་གི་རྩོམ་ཡིག་ཆ་ཆོར་འདི་དག་འབྲི་མཚམས་ཀྱང་འཇོག་ངེས་ཡིན་ལ། ཉིན་མཚན་མེད་པར་མི་ཟེར་བ་འདི་ལ་དགོས་པའི་འདོད་ཞེན་ལྕི་མོ་དེ་དག་ག་བསྐོར་ལ་བསམ་བློ་ཡང་གཏོང་མཚམས་འཇོག་ཁོ་ཐག་ཡིན། ཡིན་ཡང་། ང་རང་ལྟ་བུ་མི་མང་བོ་ཞིག་ལ་རྨི་ལམ་དང་རེ་བ། ཡང་ན་ཡིད་ཆེས་འདི་འདྲ་མང་བོ་ཞིག་ཡོད་ངེས་ཡིན་ལ། དེ་དག་གི་ཆེད་དུ་ངེད་ཅག་གི་རང་རང་གི་གང་ནས་བསྡད་ཀྱང་གང་ཞིག་བྱེད་ཀྱི་ཡོད་པ་དེའི་ཁོར་ཡུག་ནས་མགོ་འཛུགས་དང་ལག་ལེན་ལ་འདེབས་རྒྱུར་སང་ཉིན་ལས་དེ་རིང་གལ་ཆེན་དུ་འཛིན་པ་དང་ཆུ་ཚོད་གཅིག་གི་རྗེས་སུ་ལས་ཆུ་ཚོད་གཅིག་གི་སྔོན་མ་དེ་གལ་ཆེན་དུ་འཛིན་པ་དང་། སྐར་ཆ་གཅིག་གི་སྔ་ཕྱི་ལས་སྔ་མ་འདེམས་ནས་འགུལ་བསྐྱོད་ཆུང་ས་ནས་བརྩམས་ནས་ཆེན་པོར་ཆགས་པར་བརྩོན་རྒྱུ་དེ་ནི་ང་རང་གི་དུས་ཚོད་ཡོད་མེད་དང་རང་གི་ཤེས་མིན་ལ་མ་བལྟས་པར་འབད་ཀྱི་ཡོད།

མི་སུས་ཀྱང་རྩོམ་ཡིག་འབྲི་ཆོག་ན་ཡང་། མི་སུས་ཀྱང་རྩོམ་ཡིག་འབྲི་བ་ལ་དམིགས་ཡུལ་བཟང་ཕྱོགས་ནས་འཛིན་དགོས་པ་དང་སྐད་ཆ་ཡག་སྡུག་གང་ཞིག་བཤད་འདོད་ཀྱང་དེ་དག་ལ་འགན་འཁུར་ཡོད་པ་དང་རྒྱུ་མཚན་ཡོད་པ། བསམ་ཤེས་ཡོད་པ། རང་ཚུགས་ཡོད་པ་བཅས་ཡིན་དགོས་པར་འདོད་ཀྱི་ཡོད།

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༢༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༢༠ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༢༣ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese