མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནམ་འོག་འདི་འདྲ་མཉམ་ནམ་ཡང་ཡོང་མི་སྲིད་དོ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

མི་ཚང་མ་ཉལ་འདུག ད་ནི་མཚན་དཀྱིལ་གཡོལ་ནས་ཆུ་ཚོད་དང་བོ་རེད། མི་མང་བོ་ཞིག་རང་རང་གི་ཆུང་མའི་མཉམ་དུ་སྐྱིད་པོ་གཏོང་བཞིན་པའི་སྐབས་ཤིག་ཀྱང་རེད། མི་མང་བོ་ཞིག་རྨི་ལམ་གྱི་ཞིང་དུ་ཡོད། མི་མང་བོ་ཞིག་སྙིང་ཉེ་དང་མཛའ་མོ་མེད་པར་ཁེར་རྐྱང་གི་ཚོར་བ་ལ་འཐམ་ནས་འཇིག་རྟེན་འདིའི་སྟེང་གི་ཚོར་བ་ཆེས་སྐྱུར་ཤོས་དེ་ལ་རོལ་བཞིན་ཡོད། མི་མང་བོ་ཞིག་ཉེས་མེད་དུ་བཙོན་ཁང་དུ་འཁྱག་ལྟོགས་གཟེར་གསུམ་གྱི་སྡུག་བསྔལ་མྱོང་བཞིན་ཡོད། མི་མང་བོ་ཞིག་ར་བཟི་ནས་ཀུ་རིང་འདེབས་པ་དང་སྙིང་གཏམ་གླེང་བཞིན་ཡོད། མི་མང་བོ་ཞིག་སྐྱེ་བཞིན་ཡོད་ལ་འཆི་བཞིན་ཡོད། མི་མང་བོ་ཞིག་རྒུད་བཞིན་ཡོད་ལ་དར་བཞིན་ཡོད། མི་མང་བོ་ཞིག་གློག་ཀླད་ཀྱི་གྲོང་ཚོ་ན་འཁྱམ་བཞིན་ཡོད། མི་མང་བོ་ཞིག་གི་གློག་བརྙན་ལ་བལྟ་བཞིན་ལ་དེབ་ཀློག་བྱེད་བཞིན་ཡོད། མི་མང་བོ་ཞིག་གི་བཟའ་འཁོན་བྱེད་བཞིན་ཡོད་ལ་འཐོར་བཞིན་ཡོད། མི་མང་བོ་ཞིག་གི་མཚན་མོའི་ཞབས་བྲོ་རྒྱག་བཞིན་ཡོད་ལ་གླུ་དབྱངས་དང་ཞབས་བྲོ་འཁྲབ་བཞིན་ཡོད། མི་མང་བོ་ཞིག་གི་ནང་མི་དང་ཉེ་དུ་འབོར་བཞིན་ཡོད་ལ་ཟོས་གོས་གནས་མལ་མེད་པར་འཚོ་བཞིན་ཡོད། མི་མང་བོ་ཞིག་གི་རྐུན་ཇག་འཕྲོག་གསུམ་བྱེད་མཁན་ཡིན་ལ་མི་གཤིས་མེད་མཁན་ཡིན། མི་མང་བོ་ཞིག་ལ་ཟས་གོས་མོད་དྲགས་ནས་ཆུད་ཟོས་སུ་གཏོང་བཞིན་ཡོད་ལ་དངུལ་སྒོར་གྱི་གྲངས་ཀ་རང་གི་མི་ཤེས་པ་ཡོད་ཀྱང་མེད་མུག་འདོན་བཞིན་ཡོད། མི་མང་བོ་ཞིག་ལ་ལག་དངུལ་སྒོར་རྡོག་ཁ་ཤས་ལས་མེད་ཀྱང་སེམས་ནང་དུ་ཕྱུག་སྣང་གི་འཚོ་བཞིན་ཡོད། མི་མང་བོ་ཞིག་གིས་རྟག་དུ་མི་ལ་སྐྱོན་བརྗོད་ཁོ་ན་བྱེད་པར་གོམ་ཡོད་པ་ལས་རང་སྐྱོན་ལ་བརྟག་དཔྱད་བྱེད་རྒྱུའི་གོམ་གཤིས་མེད། མི་མང་བོ་ཞིག་གི་རང་ཉིད་ཀྱི་སྐྱོན་ཆ་དག་དེར་བྱེད་བཞིན་དུ་རང་གི་འགྲོ་འདུག་སྤྱོད་གསུམ་ཀུན་དང་མཐུན་པ་བྱེད་ཀྱི་ཡོད། མི་མང་བོ་ཞིག་ལ་ནམ་ཡང་ཆོག་ཤེས་མེད་ལ་ནམ་རྒྱུན་དུ་འཚེ་བ་བྱེད་རྒྱུར་བྱང་ཡོད། མི་མང་བོ་ཞིག་གི་རང་མ་གཏོགས་གཞན་ལ་བསམ་བློ་གཏོང་མི་ཤེས་ལ་བརྩི་བཀུར་དང་ཁྲེལ་གཞུང་མེད། མི་མང་བོ་ཞིག་ལ་བརྩེ་དུང་དང་བྱམས་བརྩེ་ལྡན་ལ་ཁྲེལ་གཞུང་དང་ཕྱི་ཐག་འདུག མི་མང་བོ་ཞིག་ལ་རང་ལས་གཞན་ལ་བརྩི་བཀུར་དང་འཛུམ་འདང་སྟོན་ལ་སེམས་ནང་དུ་རྒྱུ་ནོར་ལ་རིན་ཐང་མི་འཇོག མི་མང་བོ་ཞིག་གི་ཞི་བདེ་དང་དྲང་བདེན་ལ་དགའ་ཞིང་ཁ་ཡོད་ལག་ཡོད་ཡིན། མི་མང་བོ་ཞིག་སྙིང་རུས་དང་བརྩོན་སེམས་ཆེ་ལ་སྙན་ངག་འབྲི་ཞིང་རྩོམ་ཡིག་སྤེལ། མི་མང་བོ་ཞིག་ལེ་ལོ་ཆེ་ལ་ལོ་ཟླ་ཆུད་ཟོས་བྱེད་ཀྱི་ཡོད། མི་མང་བོ་ཞིག་ཀློག་པ་པོ་དང་ནམ་ཡང་ཁུ་སིམ་དང་ལྷིང་འཇག་ཡིན། མི་མང་བོ་ཞིག་སྨན་བཙོང་ཡིིན་ལ་སྒོར་མོ་ལས་བརྩེ་བ་འཚོལ་མཁན་ཡིན། མི་མང་བོ་སྨྱོན་པ་ཡིན་ལ་སྐད་ཆ་གང་ཡང་བཤད་སྲིད་པ་ཡིན། མི་མང་བོ་ཞིག་རྐང་ཐང་ཡིན་ལ་རླངས་འཁོར་གཏོང་མཁན་ཡང་ཡོད། མི་མང་བོ་ཞིག་གནམ་གྲུ་གཏོང་མཁན་ཡིན་ལ་ལས་བྱེད་ཀྱང་ཡིན། མི་མང་བོ་ཞིག་གསར་འགོད་པ་ཡིན་ལ་འཁྲབ་སྟོན་པ་ཡང་ཡིན། མི་མང་བོ་ཞིག་རང་ཤི་རྒྱག་མཁན་ཡིན་ལ་གཤེད་མ་ཡང་ཡིན། མི་མང་བོ་ཞིག་གཞན་བརྟེན་པ་ཡིན་ལ་རང་གི་རྐ་ལག་ལ་འགུལ་བསྐྱོད་མི་གཏོང་། མི་མང་བོ་ཞིག་གྲ་བ་དང་བཙུན་མ་ཡིན་ལ་ཆོས་ལུགས་ཁ་ལ་འཁྱེར་མཁན་ཡང་ཡིན། མི་མང་བོ་ཞིག་ཁྲིམས་དཔོན་ཡིན་ལ་ཁྲིམས་མེད་ལུགས་མེད་བྱེད་མཁན་ཡང་ཆགས་ཡོད། མི་མང་བོ་ཞིག་ཆོས་ལུགས་པ་ཡིན་ལ་ལྷ་འདྲེ་གདོན་འགག་ལ་ཡིད་ཆེས་ཆེན་པོ་ཡོད། མི་མང་བོ་ཞིག་བར་གསེང་དུ་ལུས་པའི་འགྲུལ་བ་ཡིན་ལ་རང་ཚུགས་དང་དམིགས་ཡུལ་མེད། མི་མང་བོ་ཞིག་གྱང་ཁའི་རྩ་དང་དབྱར་ཁའི་གནམ་སྔོ་ཡིན་ལ་གནས་ཚང་དང་འདུག་ས་མེད། མི་མང་བོ་ཞིག་ལ་རང་དབང་དང་ཐོབ་ཐང་མེད་ལ་ལྐུགས་པ་དང་གླེན་པ་ཡིན། མི་མང་བོ་ཞིག་ལ་ལོ་རྒྱུས་དང་སྒྲུང་གཏམ་སྣ་གཅིག་ཀྱང་མེད། མི་མང་བོ་ཞིག་རྣམ་ཐར་དང་རྟོགས་བརྗོད་ཁྲི་སྟོང་གི་བདག་པོ་ཡིན། མི་མང་བོ་ཞིག་ལ་གནམ་འོག་དབང་ཚད་ཡོད་ཀྱང་མིའི་རིན་ཐང་མེད། མི་མང་བོ་ཞིག་ལ་གྲོགས་པོ་སྟོང་ཕྲག་ལས་བརྒལ་བ་ཡོད་ཀྱང་སེམས་ཐག་ཉེ་བའི་གྲོགས་པོ་གཅིག་ཀྱང་མེད། མི་མང་བོ་ཞིག་ལ་གྲོགས་པོ་ཁ་ཤས་ལས་མེད་ཀྱང་ཚང་མ་སེམས་ཐག་ཉེ་བ་རྐྱང་རྐྱང་ཡིན། མི་མང་བོ་ཞིག་ཕྱུག་པོ་ཡིན་ལ་མེད་པོ་ཡང་ཡིན། མི་མང་བོ་ཞིག་ཤ་ཁྲག་རུས་གསུམ་གྱི་གྲུབ་ཡོད། མི་མང་བོ་ཞིག་རྣོ་ལྕགས་ས་གསུམ་ཡིན། མི་མང་བོ་ཞིག་ལ་གཏམ་དང་མྱི་ཁའི་གཏོང་མྱོང་མེད། མི་མང་བོ་ཞིག་ཆང་འཐུང་དང་དུ་འཐེན་ཡིན་ཡང་ལྷག་བསམ་གྱི་ཕྱུག་པོ་ཡིན། མི་མང་བོ་ཞིག་མཁས་མིང་དང་སྙན་གྲགས་ཀྱི་བརྗིད་ཀྱང་འཇིག་རྟེན་ལ་ཞེན་ཆགས་ཆེ་ཞིང་ཤི་རྒྱུར་སྐྲག  མི་མང་བོ་ཞིག་འཇིག་རྟེན་ལ་ཞེན་པ་ལོག་ནས་འཆི་བ་རང་སྟེང་དུ་སླེབས་པར་དང་ལེན་བྱེད་མཁན་ཡིན། མི་མང་བོ་ཞིག་དབུགས་རིང་འཐེན་རྒྱུར་གོམ་ཡོད་ལ་སུན་སྣང་དང་སྡུག་ཡས་ཀྱི་བྲན་གཡོག་ཡིན། མི་མང་བོ་ཞིག་ནད་པ་ཡིན་ལ་དྲགས་བསྐྱེད་མེད། མི་མང་བོ་ཞིག་རང་གཞན་གཉིས་ཀ་ཡིན་ལྷ་འདྲེ་གཉིས་ཀྱང་ཡིན། མི་མང་བོ་ཞིག་རང་གཞན་གང་ཡང་མིན་ལ་དུད་འགྲོ་ལས་ཀྱང་སྡུག མི་མང་བོ་ཞིག་འཇིག་རྟེན་སྲུང་སྐྱོབས་བྱེད་མཁན་ཡིན་ལ་གཏོར་བཤིག་གཏོང་མཁན་ཡང་ཡིན། མདོར་ན་མི་མང་བོ་ཞིག་ཚར་རྒྱུ་ཡོད་པ་ནས་མེད་པ་དང་མེད་པ་ནས་ཡོད་པ། ཡོད་མེད་མེད་མིན། སྐྱེ་འཆི་དར་རྒུད། ཤར་ནུབ་ནག་འོད། གཞོན་རྒས་བཙོག་མཛེས། ལང་ཚོ་དབུལ་ཕྱུག ད་ཡོད་ད་མེད། སང་འོང་ནངས་འགྲོ  ཀློག་འདོན་ཉན་ཤེས།  གོ་མེད་ཚིགས་ནོར། ངུ་སྐྱེན་དགོད་སླ། འགྲོ་འདུག་ཟ་བཏུང་། ཉལ་གཉིད་བཀོག་ནུར། བཤད་གླེང་འབྲི་རྩོམ།  ཁ་བདེ་སྟོང་སྒྲོག བསམ་འཕོད་སྒྲུབ་བྱེད། ཤེས་རབ་འདྲི་དཔྱད།  རྟོགས་བཏགས་འཆར་སྣང་།  རྨོངས་ལུགས་ཨུ་ཚུགས། མི་མང་བོ་ཞིག་་་་་་་་་་་

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༢༣ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese