མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལོ་བོད་ནང་མིན་བོད་ཕྱི་ཡིན།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

ད་གཉིས་ལས་སད་འདོད་ཡིན་ན་ཡག་པོ་རེད་དེ། ཡང་བསྐྱར་གཉིད་དུ་གཡུར་འདོད་ཡིན་ན་རྒྱ་ནག་གི་འདོད་ཐོག་དང་བོད་ནང་གི་བོད་མི་དེ་དག་གི་ཚེ་སྲོག་ལ་འགན་ལེན་བྱེད་མ་ཐུབ་པའི་ལས་འགུལ་གང་ཞིག་སྤེལ་ཡང་དེ་དག་ལ་རྒྱབ་སྐྱོར་བྱེད་རྒྱུ་དངོས་ནས་ཁག་པོ་རེད། ད་ལོ་བོད་ནང་ལས་བོད་ཕྱི་ལོག་གི་བཙན་བྱོལ་གཞུང་གཙོ་བྱས་དེ་ལས་འགུལ་སྤེལ་དགོས་པ་ལས་བོད་ནང་གི་ངེད་ཅག་ལ་བདེན་པའི་དབང་བོ་སྔར་ལོ་བྱས་ཟིན་པ་མ་ཟད། ཚེ་སྲོག་གི་འགྲོ་གྲོན་ཡང་མང་བོ་ཞིག་བཏང་ཚར་བ་རེད། ད་ལོ་ནི་དམིགས་གསལ་བོད་ནང་དུ་རེ་བ་བྱེད་མཁན་དག་ནི་རང་ཉིད་ལ་འགུལ་བསྐྱོད་བྱེད་འདོད་མེད་པའི་སྐུ་ངོ་དག་གི་བསམ་ཚུལ་དེ་དག་ལ་ད་ནི་འགྱུར་བ་གཏོང་དགོས་པ་ལས། བོད་ནང་གི་ག་རེ་བྱུང་ཡོང་མི་ཤེས་པ་ཟེར་བ་སོགས་བོད་ནང་གི་བོད་མི་དེ་དག་སླར་ཡང་ཡར་བླངས་བྱེད་པར་སྐུལ་བ་ལྟ་བུས་ཚིགས་དེ་འདྲ་མ་གསུང་ན་ཡག་པོ་རེད། ད་ལོ་ན་ཕྱི་བསྡོད་བོད་མི་གནད་ཡོད་མཁས་པ་དང་ཆབ་སྲིད་པ་དག་གི་སྣེ་འཁྲིད་ནས་འཛམ་གླིང་མི་དམངས་ལ་བོད་ཟེར་བ་ནས་གཅིག་ལས་གཉིས་མེད་པ་དེ་ར་སྤྲོད་བྱེད་རྒྱུའི་དུས་ཚོད་གལ་ཆེན་ཞིག་ཆགས་ཡོད་པ་མ་ཟད། ལོ་ངོ་བཅུ་ཕྲག་གཅིག་ལྷག་བྱིན་ཡང་གར་སོང་མི་ཤེས་པའི་ཆུང་སྲིད་རིན་པོ་མཆོག་གི་གཙོ་བའི་བོད་ནང་གི་བོད་མི་ཆབ་སྲིད་བཙོན་པ་ཡོད་ཚད་ཆ་རྐྱེན་གང་ཡང་མེད་པས་སྒོ་ནས་གློ་གྲོལ་གཏོང་དགོས་པར་ལས་འགུལ་སྤེལ་མ་ཐུབ་པ་ཡིན་ན། བོད་ཕྱི་བསྡོད་པ་དག་ནི་ཁ་ལས་ལག་མེད་མཁན་གྱི་བོད་མི་ཞིག་ཆགས་པ་རེད་ཅེས་ཟེར་ན་འདོད། ད་ནི་བོད་ཕྱི་བསྡོད་པ་ཚོས་ཁ་མཁས་པོ་རེ་བཤད་དེ་འདུག་པའི་དུས་ཚོད་ནི་གཡོལ་ཟིན་པ་ཤེས་པར་བྱེད་དགོས་ཀྱི་འདུག འདིའི་ཐད་དུ་བསམ་ཚུལ་འདྲ་མིན་གླེང་མཁན་ཡོད་ན་མུ་མཐུད་དུ་ཕེབས་ནས་ངེད་ཅག་གི་གོང་ནས་བཀའ་གཏོང་མཁན་དང་ངེད་ཅག་དང་འདྲ་མཉམ་ཡིན་པའི་མི་དམངས། བཙན་བྱོལ་མི་དམངས་ལ་སྐུལ་འདེད་ཤུགས་ཆེན་བྱེད་དགོས་ཀྱི་འདུག་ལ། ཕྱི་རྒྱལ་ཡུལ་གྲུ་སོ་སོ་ན་ཡོད་པའི་བོད་ཡིན་ཟེར་མཁན་དག་ལ་ཡང་ད་ལོ་ནི་དམིགས་གསལ་གྱི་ནུས་ཤུགས་འདོན་པའི་དུས་གལ་ཞིག་ཡིན་པ་ཤེས་སུ་འཇུག་དགོས་པ་མཐོང་གི་འདུག་པ་འདི་ལ་དྲ་གྲོགས་ཚོས་ག་རེ་དགོངས་ཀྱི་འདུག་ལྷུག་པོར་གསུང་རོགས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 5

  1. kangwod says:
    ལོ་ 18 སྔོན།

    གྲོགས་པོ་ལགས། བདག་གིས་ད་ལོའི་བོད་ནང་གི་ཞི་རྒོལ་ཆེན་མོ་དེ་གླེན་རྟགས་ཤིག་ལ་རྩ་བ་ནས་ངོས་འཛིན་གྱིན་མེད།
    ངས་རྒྱ་དམར་གྱིས་བོད་བསད་པ་ལ་རྗེས་སུ་ཡི་རངས་བྱེད་ཀྱིན་མེད། བོད་ཀྱིས་རང་ཉིད་དངོས་སུ་མཐོང་ནས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་བ་ལ་རྗེས་སུ་ཡི་རངས་བྱེད་ཀྱིན་ཡོད། དེ་ལ་ཡི་རངས་བྱས་པ་ལ་ཁྱོད་སྐྲག་དགོས་ནི་མ་རེད། གོང་ས་མཆོག་གིས་ཀྱང་ད་ལོ་ང་ལ་མིག་ཆུ་ཤོར་སོང་། ཡིན་ནའང་། ང་གཉིད་སྐྱིད་པོ་ཁུགས་ཀྱི་འདུག་ཅེས་གསར་ལམ་ཁག་ལ་ཡང་ཡང་གསུངས་པ་དེ་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་བྱས་པ་རེད། ཞིབ་ཆ་ཤེས་དགོས། གཞན་རྩོམ་ལ་བསམ་ཚུལ་སྤེལ་དུས་གོ་བ་ལོན་རྒྱུ་གལ་ཆེ། གོ་བ་མ་ལོན་པར་བཤད་ན་མཚན་ཉིད་རིག་པའི་ནང་གི་ལྟག་ཆོད་ཟེར་བ་དེ་རེད། ལྷག་པར་དུ་ངའི་རྩོམ་ཆད་ཚོ་ལ་ཁྱད་ཆོས་ཤིག་ཡོད་པ་ནི་མགོ་མཇུག་བར་གསུམ་བསྔོག་ནས་རྟགས་གསལ་བཏང་ནའང་སོར་ཐོ་གང་ཤོར་རྒྱུ་མེད་པ་དེ་ཡིན་བསམས་བཞིན་ཡོད།
    ཁྱེད་ཀྱིས་ད་ལོ་འཛམ་གླིང་གིས་བོད་མཐོང་བ་ལ་གྲུབ་འབྲས་མ་ཐོན་ཟེར་བ་ནི། ད་ལོ་སྤུན་ཟླ་ཚོས་ཚེ་སྲོག་བློས་བཏང་བ་ལ་གྲུབ་འབྲས་མ་ཐོན་ཟེར་ཀོ་ནི་རེད། གྲུབ་འབྲས་ཐོན་ན་པཎ་ཆེན་རིན་པོ་ཆེ་གློད་གྲོད་བྱེད་དགོས་བར་འདོད་པ་དེ་ཡང་གླེན་རྟགས་ཤིག་རེད།
    ཁྱེད་ཀྱིས་པཎ་ཆེན་རིན་པོ་ཆེ་ད་དུང་རྒྱ་ནག་གིས་བཙན་ཉར་བྱེད་ཀྱིན་པའི་རྒྱུ་མཚན་ཨེ་ཤེས། དེ་ནི་པཎ་ཆེན་རིན་པོ་ཆེ་རྒྱ་ཕྲུག་དངོས་མ་ཞིག་བཟོས་ཏེ་ལག་ཆ་བྱས་ནས་བོད་པ་ཚོ་མགོ་སྐོར་གཏོང་དགོས་བསམས་བཞིན་ཡོད་པ་རེད། ཡིན་ནའང་། གཏོང་གི་མེད་པ་དེ་ཁོ་ཚོས་ད་དུང་རྒྱ་ཕྲུག་དངོས་མ་ཞིག་བཟོ་མ་ཐུབ་པར་ལྷག་ཡོད་པའི་རྟགས་མཚན་ཞིག་རེད། ཡང་ན་ད་དུང་དོགས་པ་ཟོས་ནས་ཕྱི་རོལ་ལ་གློད་མ་ཐུབ་པ་གང་རུང་ལས་འདའ་ཡོད་ནི་མ་རེད།

    ད་ལོའི་དམར་གསོད་ཆེན་མོ་འདིའི་འབྱུང་རྩ་གཞན་ཞིག་ནི་རྒྱལ་སྤྱི་དབུ་ཁྲིད་ཚོ་ཡིན་ཟེར་མཁན་ཐོག་མ་དེ་ང་ཡིན་རྒྱུ་རེད། ངས་ཁ་བྱང་ཡང་དེ་ལྟར་སྤེལ་ནས་《ཁྲག་གི་རྡོ་རིང་》ནང་ལ་སྤྱི་ཟླ་བརྒྱད་པ་མ་ཟིན་ཙམ་ནས་བསྐུར་ཡོད། རྒྱལ་སྤྱིའི་དབུ་ཁྲིད་ཚོས་ད་ལོ་ཞི་བདེ་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ལ་རྩིས་ཐང་མ་སྤྲད་པ་དང་། པཎ་ཆེན་རིན་པོ་ཚེ་གློད་གྲོལ་དགོས་པའི་ཡིག་ཆ་ཁྲི་འབུམ་མང་པོ་རྒྱལ་སྤྱིའི་དབུ་ཁྲིད་ཚོའི་ཡིག་ཚང་ན་རྡུལ་གྱིས་མནན་ཡོད་ནའང་ད་དུང་གློད་གྲོལ་མ་ཐུབ་པ་དེ་བོད་པའི་སྐྱོན་མ་རེད་ལ། ད་ལོའི་ཞི་རྒོལ་ལ་གྲུབ་འབྲས་མ་ཐོན་པ་ཡང་དེ་ཙམ་གྱིས་འགྲུབ་ནི་མ་རེད།

    སྤྱིར་ཆབ་སྲིད་ལ་སྟོབས་ཤུགས་གསུམ་དགོས་ནི་རེད། ༼ མི་མང་གི་སྟོབས་ཤུགས། དབུ་ཁྲིད་ཀྱི་སྟོབས་ཤུགས། དམག་གི་སྟོབས་ཤུགས༽ ལྷག་པར་དུ་བོད་པའི་ཆབ་སྲིད་སྟོབས་ཤུགས་དང་པོ་དེ་ལ་བརྟེན་ནས་ཡར་ལངས་བའི་རེ་བ་བྱེད་དགོས་ནི་རེད་ལ། སྟོབས་ཤུགས་དང་པོ་དེ་ཡང་དཀྱིལ་འཁོར་ཆེན་པོ་གསུམ་ནས་་ཡོང་དགོས་ནི་རེད། ༡ བོད་པའི་སྤྱི་ཚོགས་ཀྱི་དཀྱིལ་འཁོར། ༢ རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དཀྱིལ་འཁོར། ༣་རྒྱ་ནག་མི་མང་གི་དཀྱིལ་འཁོར་གསུམ་ནས་ཡོང་དགོས་པ་རེད་ལ། གོང་ས་མཆོག་གི་གལ་ཆེའི་གསུང་འཕྲིན་མང་ཆེ་བ་དཀྱིལ་འཁོར་འདི་གསུམ་ལ་སྒོ་བསྟུན་ནས་ཕེབས་ཡོད་པ་རེད། དཔེར་ན། གསུམ་བཅུ་དུས་དྲན་གསུང་འཕྲིན་དང་པོའི་ནང་དུའང་བོད་རང་བཙན་ཞེས་པའི་ཚིག་གཅིག་བཤད་མེད་པར་འཛམ་གླིང་གི་མིག་དཔེར་འོས་པའི་རང་དབང་ཞིག་ཅེས་གསུངས་ཡོད་པ་རེད། དེ་ཡང་དཀྱིལ་འཁོར་དེ་གསུམ་ལ་བསྟུན་པ་ལས་གཞན་ཅི་ཡང་མ་རེད། དཀྱིལ་འཁོར་དེ་གསུམ་ལ་དཔགས་ན་ད་ལོ་བོད་ནང་གི་ཞི་བའི་གྱེན་ལངས་ལ་རླབས་ཆེ་བའི་ནུས་པ་ཐོན་ཡོད་ནི་རེད། ཤེས་སོང་སམ།

    ཡང་གཅིག་བཤད་ན་བོད་ཤོར་དུས་ཚེ་སྲོག་ས་ཡ་གཅིག་གི་ངུ་འབོད་དང་མཉམ་དུ་ཤོར་བ་རེད། དེ་བཞིན་ཕྱིར་ལེན་པ་ལའང་དེའི་འགྲོ་གྲོན་མ་བརྒྱུད་རང་བརྒྱུད་འཁེལ་བའི་དུས་ངན་ཞིག་ཐོན་ངེས་པ་ལྟ་བུ་ཞིག་རེད། ངས་ཁ་ཉེས་བོས་པ་མིན་ཡང་། བོད་པ་ཚོ་འུ་ཐུག་གི་ཉམས་ཆེན་པོ་འདུག་ལ། རྒྱ་དམར་གྱི་འགོ་ཁྲིད་ཚོ་ལའང་མཁྲེགས་རེངས་ཀྱི་ང་རྒྱལ་ང་ཆེན་པོ་འདུག

    དཔེར་ན། ད་ལོ་གྱེན་ལངས་སྐབས་གདན་ས་ནས་བླ་སྤྲུལ་ཚོགས་པས་ལས་འགུལ་སྤེལ་བ་རེད། གདན་སའི་ཆེས་མཐོའི་དགེ་བཤེས་འཛིན་གྲྭ་ལྷ་རམས་དང་བཀའ་རམས་པ་ཚོ་རང་ངོས་ནས་ཐང་ལ་བུད་ནས་ལས་འགུལ་སྤེལ་བ་རེད། ད་དུང་དགེ་ལུགད་རྒྱུགས་སྤྲོད་ཀྱང་པྱིར་འཐེན་དགོས་པའི་སྙན་ཞུ་བཏང་བ་རེད། འདི་དག་ན་འདུག་གི་མ་བབཅུགས་ན་སུ་ལའང་སྲོག་མི་དགོས་ཤིང་འགྲོ་རྐྱང་ཡིན་པའི་རྟགས་མཚན་ཞིག་མ་རེད་དམ།
    ཨ་་་་་་་ཤ་ཁྲག་རུས་གསུམ་་་་་་་་་་་་་་་་

    Reply
  2. sha tak ri sim says:
    ལོ་ 18 སྔོན།

    ཁྱེད་རང་གི་བསམ་ན་བོད་འཛམ་གླིང་མཐོང་བ་དེ་ལ་གྲུབ་འབྲས་སོང་འདུག་སྙམ་གྱི་ཡོད་པ་འདྲ། དེས་ན་ཆུང་སྲིད་རིན་པོ་ཆེ་བོར་ནས་ལོ་ངོ་བཅུ་གསུམ་ཙམ་ཞིག་མགོར་ན་ཡང་འཛམ་གླིང་གི་མ་མཐོང་བ་རེད་དམ། ང་ཚོས་ཐ་ན་ཤི་གསོན་ཡང་མི་ཤེས་པ་དེ་ཙམ་གྱི་གནས་ཚུལ་ཡང་མཁོ་སྤྲོད་བྱེད་མི་ཐུབ་པའི་འཛམ་གླིང་གི་ང་ཚོ་ལ་ག་རེ་རོགས་རམ་བྱེད་ཐུབ། སྟོང་བསམ་མ་བྱེད་རོགས། དེ་ལས་བོད་མི་རང་གི་རང་སྐྱོབས་པ་ལ་བོད་མི་གཅིག་གི་ཚེ་སྲོག་ཡང་གལ་ཆེན་ཡིན་པ་ཤེས་པར་གྱིས་ན་ཡག་པོ་རེད་སྙམ་བཞིན་ཡོད། དེའི་ཐད་སྐུ་ཉིད་དང་བསམ་ཚུལ་མི་མཐུན་པ་འདུག་པ་དང་། ལྷག་པར་དུ་ནང་བའི་དགེ་འདུན་པ་ཞིག་གི་གསོད་གཏུབ་ལ་རྗེས་སུ་ཡི་རུང་བྱེད་ཀྱི་ཡོད་པའི་བསམ་ཚུལ་ཞིག་བཤད་ཡོང་དུས་སུ་ང་རང་དངོས་ནས་ཧ་ལས་པ་ཧང་སངས་ཀྱི་འདུག གང་ཡིན་ཟེར་ན། ལུས་ལ་སྟོན་པའི་ན་བཟའ་གྱོན་མཁན་དང་བསམ་བློ་གང་ཙམ་ཡར་ཐོན་གྱི་འཁྲིས་སུ་ཡོད་པའི་དགེ་འདུན་པ་ཁྱེད་ཀྱིས་དེ་འདྲ་གསུང་དེ་ཡོང་ན། དངོས་ནས་སྐྲག་ནི་ཞིག་རེད། ངེད་ཚང་གི་དོན་དག་ཚང་མ་འདི་ལྟར་ཚར་རྒྱུ་ཡིན་པ་འདྲ། ཨ་ཤུ་རེ་གོ བོད་པ་འདི་ཚང་གི་རང་ཉིད་སྲུང་སྐྱོབས་བྱེད་རྒྱུ་ལས་གཞན་ཞིག་གི་གང་ཡང་བྱེད་མི་ཐུབ་པ་ད་ལོ་དམར་གསོད་ཆེན་མོའི་སྐབས་སུ་ངེད་ཅག་ལ་མིག་མཐོང་ལག་ཟིན་བྱུང་ཡོད་ན་ཡང་། ད་དུང་གླེན་རྟགས་སྟོན་རྒྱུ་ཟེར་ན་ང་རང་རྩ་ནས་མི་འཐད་དོ།

    Reply
  3. kangwod says:
    ལོ་ 18 སྔོན།

    བོད་ནང་གི་བོད་མི་ཚོ་གསོད་རྒྱུ་ཙམ་རྒྱ་ནག་གི་འདོད་པ་ཡིན་ནི་མ་རེད།

    བོད་ནང་གི་བོད་མི་ཚོས་ང་ཚོ་ལས་ཀྱང་སྒུལ་ཤུགས་ཆེན་པོ་ཞིག་བཏང་ན་ནུས་པ་ཆེ་ནི་རེད། དཔེར་ན་ད་ལོ་ལྟ་བུ་རེད།
    ད་ལོ་བོད་ནང་ནས་མི་ཤི་རྟ་འགྱེལ་གྱི་གོད་ཆག་དེ་བྱུང་མེད་ན་ད་ལོ་བོད་འཛམ་གླིང་གི་མཐོང་ཡོད་ནི་མ་རེད། ད་རུང་བོད་གཉིད་ནས་ཡོད་ནི་རེད།

    ད་ལོ་བོད་ཡར་ལངས་ཚར་བ་རེད། ད་གཉིད་ཀྱི་མ་རེད་བསམ་ནས་ང་དགའ་བསྡད་ཡོད། ཁྱེད་ཀྱིས་བསམ་པར་ད་དུང་ཅུང་གཉིད་དགོས་པ་ཡིན་ནམ།
    ཧཧཧཧཧ་ ཨ་ལ་ཀུ་རེ་ཡིན།
    ཉེན་ཁ་བརྒྱུད་དེ་ཆབ་སྲིད་ཀྱི་ལས་ཀ་མ་བྱས་ན་ཆབ་སྲིད་ཐད་ནས་གཉིད་ལས་བསྡད་པ་རེད། རྐང་ལག་བཀུམས་ནས་གཉིད་ལས་བསྡད་པ་རེད། མ་རེད་དམ།

    Reply
  4. sha tak ri sim says:
    ལོ་ 18 སྔོན།

    དྲ་གྲོགས་ལགས། བོན་རྒྱ་བསྟན་འཛིན་རབ་རྒྱས། ངས་བཤད་པ་ནི་བོད་ནང་གི་མི་དག་གི་རྐ་ལག་བཀུམ་ནས་གཉིད་ལ་བསྡོད་ཟེར་བཞིན་མེད། ཁྱེད་ཀྱིས་བོད་ནང་གི་མི་དག་གི་སྐྱིད་སྡུག་དངོས་དེ་བསམ་བློ་གཏོང་མ་ཤེས་པ་ཡིན་ནམ། ཡང་ན་ཤེས་ནས་རྐང་བཙུགས་དེ་བོད་ནང་གི་བོད་མི་དེ་དག་རྒྱ་ནག་སྲིད་གཞུང་གི་འདོད་ངན་འགྲུབ་ཆེད་དུ་ཚེ་སྲོག་མང་བོ་ཞིག་མེ་མདའི་ཁ་ལ་འཇོག་རན་ལ་སླེབས་འདུག་སྙམ་གྱི་ཡོད་དམ། དེ་འདྲ་གསུང་གི་ཡོད་དམ། དེ་ཡིན་ན་དངོས་ནས་ཁྱེད་རང་གི་ད་དུང་བསམ་བློ་ཞིབ་མི་མ་མཐོང་བ་ཞིག་དུ་མཐོང་དུ་འདུག་ལགས།

    Reply
  5. kangwod says:
    ལོ་ 18 སྔོན།

    ངས་བལྟས་ན་བོད་ཕྱི་ནང་གཉིས་ཡིན་དགོས།
    བོད་ཤོར་དུས་བོད་མི་ས་ཡ་གཅིག་གི་ཟུངས་ཁྲག་དང་ལྷན་ཤོར་སོང་ང་།
    ཕྱིར་ལེན་དུས་ཀྱང་འགྲོ་སོང་དེ་ཡོད་ཀྱི་རེད་པཱ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese