མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ནང་དུ་ལོ་གསར་སླེབས་པ་དགའ་རྒྱུ་མེད།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

ལོ་གསར་མ་རེད་དོམ་གསར་རེད།།
དོམ་ལན་ཐོན་པ་དགའ་རྒྱུ་མེད།།
གསར་ལ་ཉེ་བའི་ལོ་ནག་འདི།།
བྱས་དང་མ་བྱས་གོང་གི་བཀའ།།
རང་དབང་ཁ་ལ་སྒོ་ལྕགས་ཡོད།།
བསྡོད་འདུག་གང་ཡིན་ཁྲིམས་ལུགས་ལྟར།།
མི་བྱེད་ཟེར་མཁན་ཁག་པོ་རེད།།
དམར་པོའི་ཁྲག་ཞིག་མཐོང་མི་འདོད།།
དབུགས་མེད་བེམ་པོ་བརྩིགས་མི་རུང་།།
ཚེ་སྲོག་སྲུང་བར་གལ་ཆེ་བས།།
གོང་གི་ཅི་གསུང་བྱེད་རྒྱུ་ཡིན།།
མི་རིགས་སེམས་པ་ནང་དུ་ཡོད།།
ནང་གི་བཙན་ས་སུ་ལ་ཡང་།།
དབང་ཐབས་མེད་པའི་ཆོས་ཉིད་དེ།།
བཤད་དགོས་མི་འདུག་སེམས་སུ་ཡོད།།

མཆན། 3

  1. abakara says:
    ལོ་ 13 སྔོན།

    དོམ་གསར་དེ་ལ་སྙིང་ནས་སྡིགས་མོ་བྱེད། །
    ལོ་གསར་དེ་ལ་སེམས་ནས་དམོད་མོ་གཏོང། །

    Reply
  2. sha tak ri sim says:
    ལོ་ 13 སྔོན།

    ཐོག་མར་དྲ་གྲོགས་བསེ་རུ་ལགས་ཁྱེད་རང་ལ་དགོངས་དག་ཞུ། ཉིན་མ་ཁ་ཤས་ཀྱི་རིང་དུ་ང་རང་གུང་གསེང་ཞིག་ལ་སོང་དེ་ལན་དུས་ཐོག་དུ་འདེམས་མ་ཐེབས་པ་དེར།

    རིགས་མཐུན་སེམས་ཀྱི་དབུས་ན་གནས་པ་ཡི།།
    ཕན་ཚུན་དུངས་པ་ཟབ་མོའི་གླེང་མོལ་འདིས།།
    སེམས་ཀྱི་ངལ་གསོ་སྤྲོད་ལ་ཕན་པ་དང་།།
    རང་རང་བསམ་ཚུལ་གླེང་ལ་བཟང་བས་ན།།
    ཉིད་ཀྱིས་བྲིས་པའི་རྩོམ་ཡིག་ཀློག་དུས་སུ།།
    རང་དབང་མེད་པར་སེམས་ལ་དགའ་ཚོར་ཞིག།
    གང་ནས་ཡོང་བ་རྩ་གཅོད་བྱས་དུས་སུ།།
    རིགས་རུས་གཅིག་ལ་དུངས་པའི་ཞེན་ཁོག་དེས།།
    ང་ཚོ་གཅིག་དུ་སྤྲེལ་བ་གཞི་ནས་རྟོགས།།
    ད་ལོ་ལོ་གསར་མེད་པའི་ཁ་བརྡ་ཡིས།།
    ང་ཚོས་རང་རང་སེམས་ཀྱི་བསམ་ཚུལ་དག།
    དྲ་ཚིགས་གང་སར་གླེང་བས་འབྲས་རྟགས་སུ།།
    ད་ནི་བཙན་བྱོལ་བོད་མི་ཡོངས་རྫོགས་ཀྱི།།
    ལོ་གསར་མི་གཏོང་ཟེར་བས་བརྡ་འཕྲིན་དག།
    དྲ་ཚིགས་འདི་ཡི་གོང་འོག་ཡོད་ཚད་ཁྱབ།།
    ཡིན་ཡང་མྱ་ངན་ཞུ་ལུགས་གང་འདྲ་ཞིག།
    བྱེད་མིན་ད་དུང་ཐག་གཅོད་མི་འདུག་ན།།
    དེའི་ཐད་དུ་བསམ་ཚུལ་ལྷུག་པོར་སྩོལ།།

    Reply
  3. samkhar says:
    ལོ་ 13 སྔོན།

    ལོ་གསར་ལོ་གསར་ཚུར་ལ་སླེབས།།
    མི་རྙིང་དོན་རྙིང་ཕར་ལ་སོང་།།
    གསར་རྙིང་གཉིས་ཀྱི་བར་དོ་ནས།།
    ད་ནི་ཅི་ཞིག་བྱས་ན་བསམ།།

    ད་ལོའི་ལོ་གསར་བརྩི་ལུགས་འདི།།
    ལོ་ནག་མྱ་ངན་ལོ་རུ་བརྩི།།
    ང་དགུ་དྲན་གསོའི་ལོ་རུ་བརྩི།།
    ལོ་རྒྱུས་ནང་གི་བརྗེད་ཐོ་ཞིག།

    ལོ་གསར་ཚེས་གཅིག་མྱ་ངན་བྱེད།།
    ཆུ་ཕུད་ཇ་ཕུད་ཟས་ཕུད་སོགས།།
    ཚེ་སྲོག་འབུམ་གྱི་རྣམ་ཤེས་ལ།།
    མྱ་ངན་མཆོད་པའི་ཚུལ་དུ་འབུལ།།

    ཕྱག་དང་མཆོད་པ་བསངས་གསོལ་རྣམས།།
    འདས་ཟིན་དཔའ་བོ་དཔའ་མོ་ཡི།།
    རྣམ་ཤེས་ཚུར་ལ་འགུག་བཞིན་དུ།།
    དྲིན་བྱས་དྲིན་གཟོའི་སླད་དུ་འབུལ།།

    ཕྱོགས་བཞི་མཚམས་བརྒྱད་བཞུགས་པ་ཡི།།
    བོད་རིགས་མགོ་ནག་རྩམ་གཟན་རྣམས།།
    ཡིད་གདུང་མཆི་མས་བརླན་བཞིན་དུ།།
    ཉིས་སྟོང་དགུ་ཡི་ལོ་གསར་བསུ།།

    མི་རབས་ཇི་སྲིད་ནམ་གནས་བར།།
    མྱ་ངན་ལོ་འདིའི་རྒྱབ་ལྗོངས་རྣམས།།
    རང་ཅག་བོད་ཀྱི་ལོ་རྒྱུས་ཀྱི།།
    མེ་ལོང་ནང་དུ་ཅིས་མི་འཇོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist