མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལན་ཐན་ཐུན་ཞིག་ལ་ལན་ཞིག་བྲིས་པ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

དྲ་གྲོགས་ལགས། དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་ང་རང་དྲ་ཐོག་འདིར་སླེབས་མ་ཐུབ་པ་དེ་ལ་དགོངས་དག་ཞུ། ཁྱེད་ཀྱིས་ང་རང་ལ་བྲིས་པའི་ལན་ཐུང་ཐུང་འདི་ལ་ངས་ཀྱང་བསམ་ཚུལ་ཞིག་འབྲི་ན་འདོད་བྱུང་། ང་རང་གིས་དུས་རྟག་དུ་བོད་ནང་གི་བོད་མི་དེ་དག་རང་གི་ཚེ་སྲོག་ཀྱང་བོད་དོན་དུ་གཏོང་བ་དེ་ནི་རྩ་བ་ནས་ཡག་པོ་མེད་པ་རེད་ཅེས་བསམ་མྱོང་མེད་ལ། དེ་ལ་གྲུབ་འབྲས་ཡོད་མེད་བཤད་པ་ལས་གཞན་དེ་དག་ལ་དམའ་འབེབས་བྱེད་འདོད་ཀྱི་བསམ་ཚུལ་དེ་འདྲ་ཡིད་དུ་ཡང་ཤར་མྱོང་མེད། ང་ཚོས་ལས་འགུལ་སྤེལ་ཕྱོགས་ལ་འགྱུར་བ་ཞིག་གཏོང་དགོས་ཀྱི་འདུག་ཟེར་ནས་ཤོད་བཞིན་པ་ལས། བོད་ནང་གི་རྒྱལ་གཅེས་དཔའ་བོ་དེ་དག་འདས་གྲོངས་དུ་བྱིན་པ་ལ་ཟུར་ཟ་བྱེད་ཀྱི་མེད། དེ་ནི་འགྱུར་བ་གང་འདྲ་ཞིག་གཏོང་དགོས་ཀྱི་འདུག་ཟེར་ན་བོད་མི་གཅིག་ཡིན་ཡང་རྒྱ་ནག་སྲིད་གཞུང་གི་དགོས་འདོད་ངན་པ་དེ་དག་འགྲུབ་ཆེད་དུ་ཚེ་སྲོག་རྒྱ་ནག་གི་མེ་མདའི་འོག་དུ་རྐྱེན་ལམ་དུ་སོང་བ་དེ་ལ་ང་རང་འཕོང་སེམས་སྐྱེ་བཞིན་འདུག་ཟེར་བཞིན་ཡོད། འོ་ན། ངེད་ཅག་གང་བྱེད་དགོས་སམ་ཟེར་ན་ལས་འགུལ་གང་ཞིག་སྤེལ་བ་ལ་ཡང་རང་གི་ཚེ་སྲོག་ལ་འགན་ལེན་བྱེད་ཐུབ་པས་སྒོ་ནས་དུས་ཡུན་སྙུག་བསྲིང་བྱས་དེ་ལས་འགུལ་སྤེལ་བ་ལས་རང་རང་གི་མི་ལུས་རིན་ཆེན་ཚེ་སྲོག་གི་འགྲོ་སོང་གཏོང་བ་དེ་ནི་ང་ཚོ་བོད་མི་ཚང་ལ་གྱོང་རྒུད་ཞིག་ལས་གང་ཡང་མི་འདུག་ཟེར་གྱི་ཡོད་པ་དེ་ཡིན་པ་མ་ཟད། ལས་འགུལ་སྤེལ་ཕྱོགས་མངོན་ལྐོག་གང་རུང་མང་བོ་ཞིག་འདུག་ཟེར་གྱི་ཡོད་ལ། དེ་དག་ལ་ཡང་མི་རིགས་འཚོ་གནས་བྱེད་ཐུབ་མིན་གྱི་གནད་དོན་ཡང་ཆེན་པོ་ཞིག་ཡོད་པ་དེ་བཤད་ཀྱི་ཡོད། བོད་ནང་གི་བོད་མི་དཔའ་ངར་ལྡན་ཞིང་བློ་དཀར་གཞུང་དྲང་གི་མི་དེ་དག་གཅིག་རྗེས་གཉིས་མཐུད་དུ་ཚེ་སྲོག་འཆི་ལམ་དུ་བསྐྱལ་བ་ཡིན་ན། དེ་ནི་བོད་པ་ཚང་གི་མ་འོངས་པའི་མི་རིགས་འཚོ་གནས་ལ་གྱོང་རྒུད་དང་རྒྱ་ནག་གི་དམིགས་འབྲས་ངན་པ་དེའི་གྲུབ་འབྲས་སུ་འགྲོ་བཞིན་པ་དེ་རེད་ཅེས་ཡང་དང་བསྐྱར་དུ་བཤད་ཀྱི་ཡོད། རྒྱ་ནག་སྲིད་གཞུང་གིས་བོད་མི་དབའ་ངར་ལྡན་ཞིང་གཞུང་དྲང་བོད་རིགས་ལ་ཤ་ཞེན་གཅིག་ཡིན་རུང་གསོད་གཏུབ་བྱེད་ཐུབ་མིན་ལ་བསམ་བློ་གཏོང་བ་དང་ཐབས་ཇུས་འདྲ་མིན་བྱེད་ཀྱི་ཡོད་པ་དེ་ནི་ངེད་ཅག་གི་བསམ་བློ་ཞིབ་མོ་ཞིག་བཏང་ན་ཤེས་གསལ་ཡིན་སྟབས། ང་རང་གི་ད་ལོ་བོད་ནང་མིན་བོད་ཕྱི་ཡིན་ཟེར་ནས་འབྲི་དགོས་དོན་ཡང་དེ་ལས་གཞན་གང་ཡང་མེད་པ་མཁྱེན་་པར་མཛོད། ད་དུང་དེའི་མ་འཐུས་ན་ཡང་བསྐྱར་ཕེབས་ཤོག་དང་གླེང་མོལ་མུ་མཐུད་དུ་བྱེད་ཆོག

ཨོ་རེད། དགོངས་དག་ཁྱེད་རང་གི་གོང་ནས་བླ་སྤྲུལ་མང་བོ་ཞིག་གིས་ཀྱང་ལས་འགུལ་སྤེལ་ཡོད་པ་རེད་ཟེར་བ་དེ་ལ་དྲ་གྲོགས་བཙན་སྲང་ཁྲག་འཐུང་ནས་སྐྱག་རྫུན་མ་བཤད་ཟེར་ནས་བྲིས་འདུག ངས་ཀྱང་ཁོ་རང་ལ་རྒྱབ་སྐྱོར་བྱས་པ་མིན་མོད། ང་ཚོས་བཙན་བྱོལ་ནང་གི་བླ་སྤྲུལ་མང་བོ་ཞིག་གི་སྣེ་འཁྲིད་དེ་ལས་འགུལ་་སྤེལ་བ་ནི་ང་རང་གི་མཐོང་མ་སོང་ལ། གལ་ཏེ་བླ་སྤྲུལ་མང་བོ་ཞིག་དུས་གཅིག་དུ་ལས་འགུལ་རླབས་ཆེན་ཞིག་དངོས་ནས་སྤེལ་ཐུབ་ཡོད་པ་ཡིན་ན། ༧གོང་ས་མཆོག་གིས་ཀྱང་དེ་དག་ལ་དམིགས་གསལ་གྱི་དོ་སྣང་བྱུང་ངེས་ཡིན་ལ། བཀའ་སློབ་རེ་ཡང་གསུང་ཡོད་ངེས་རེད། དེ་དག་གང་ཡང་བྱུང་མ་སོང་ཟེར་ནས་ངན་ཁག་དྲིས་པ་མིན་ཀྱང་། དངོས་ནས་བླ་སྤྲུལ་དག་གི་ལས་འགུལ་ཞིག་སྤེལ་ཐུབ་པ་ཡིན་ན་མི་མང་གིས་ཀྱང་ལྟ་ཚུལ་ཡག་དུ་འགྲོ་བ་མ་ཟད། བླ་སྤྲུལ་དེ་དག་ལ་ཡང་མ་འོངས་པ་ན་གོ་གནས་དང་སྐད་ཆ་གང་བཤད་པ་དེ་དག་ལ་ནུས་པ་ཡོད་པ་ཞིག་ཆགས་ངེས་རེད། བླ་སྤྲུལ་དག་གི་གལ་ཏེ་མ་འོངས་པར་ལས་འགུལ་རེ་སྤེལ་བ་ཡིན་ན་ནི། ཚོགས་པ་གང་རུང་ཞིག་གི་མངའ་ཁུངས་སུ་མི་འགྲོ་བར་རྡོག་རྩ་གཅིག་སྒྲུལ་གྱིས་འབོད་ཚིགས་གཅིག་ལ་བརྟེན་ནས་ལས་འགུལ་སྤེལ་ཐུབ་པ་ཡིན་ན་དངོས་ནས་ཁྱེད་རང་གི་བཤད་པ་ལྟར་འཛམ་གླིང་མི་མང་གི་མིག་ནང་དུ་ཡང་། ༧གོང་ས་མཆོག་གི་རྗེས་འབྲེང་བ་རབ་བྱུང་འདི་དག་གིས་ཀྱང་༧གོང་ས་མཆོག་གི་བཀའ་སྲུང་ཅི་སྒྲུབ་བྱེད་ཀྱི་འདུག་སྙམ་པ་ཞིག་ཡོང་ངེས་རེད། དེའི་ཐད་དུ་ཁྱེད་རང་གིས་ཀྱང་བླ་སྤྲུལ་དགེ་བཤེས་དག་ལ་སྐུལ་ལོངས་རེ་བྱེད་ཐུབ་པ་ཡིན་ན་ནི་དངོས་ནས་བོད་ཀྱི་ལས་དོན་རླབས་ཆེན་ཞིག་འགྲུབ་ས་རེད་སྙམ་སོང་། ཨོ་རེད་ལགས། འབོད་ཚིགས་གཅིག་དེ་ནི་འདི་འདྲ་རེད། ཆ་རྐྱེན་གང་ཡང་མེད་པས་སྒོ་ནས་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ཀྱི་ཡོད་ཟེར་ནས་ཉིན་གཅིག་དུས་གཅིག་ལ་བླ་སྤྲུལ་དགེ་བཤེས་ཡོངས་སུ་རྫོགས་པའི་དབུ་སྣ་དྲངས་དེ་བོད་ལ་ཁ་ཕྱོགས་ནས་འཚེ་མེད་ཞི་བ་རང་ནས་ལས་འགུལ་སྤེལ་རྒྱུ་དེ་རེད་ལགས། ངས་ནི་དེ་འདྲ་ཞིག་བསམ་ནས་ལོ་མང་འགོར་སོང་བས་སྐད་ཆ་ཞིག་དེ་རང་ཁྱེད་ལ་བཤད་པ་ཡིན། གལ་ཏེ་ནོར་བ་འདྲ་ཡོད་ན་སྣང་མེད་དུ་སྐྱུར་ན་འགྲིག་གི་རེད།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༠ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༠ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༤ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 6

  1. sha tak ri sim says:
    ལོ་ 18 སྔོན།

    དྲ་གྲོགས་བཙན་སྲས་ཁྲག་འཐུང་ལགས། ཁྱེད་རང་གི་བོན་རྒྱ་ལགས་ཀྱིས་སྐུ་ཚབ་བྱས་པ་དེར་ཐུགས་རྗེ་ཆེ་ཞུ། རྗེས་མ་འཇལ་དུས་སུ་ཁྱེད་རང་ཁྱེད་རང་རང་གི་བསམ་ཚུལ་འཁྱེར་ནས་ཕེབས་ཤོག་དང་དགའ་བསུ་གྲངས་མེད་ཞུ་ཆོག་ལ། རང་རང་གི་གང་བསམ་བཞིན་པ་དང་བོད་དོན་ཆེད་དུ་སྐད་ཆ་ཅི་འདྲ་ཞིག་གྲོས་ཁ་བྱེད་ཐུབ་མིན་དང་བསམ་ཚུལ་བརྗེ་རེའི་བྱེད་ཐུབ་མིན་དེ་བལྟས་ཆོག

    Reply
  2. sha tak ri sim says:
    ལོ་ 18 སྔོན།

    དྲ་གྲོགས་དབྱིན་ཡིག་བེད་སྤྱོད་གནང་མཁན། འཇམ་དབྱངས་གྲགས་པ་ལགས་སུ་ཞུ་རྒྱུར། ཉིད་ཀྱིས་བོད་ཡིག་འབྲི་མི་ཤེས་པ་ཡིན་ན་ནི་ཁག་མེད། དེ་མིན་བོད་ཡིག་གི་ཟིན་བྲིས་འདི་ནི་བོད་པ་ཚང་གི་བོད་ཡིག་གི་གནས་ཚང་ཞིག་ལས་དབྱིན་ཡིག་གི་གནས་ཚང་ཞིག་གཏན་ནས་ཆགས་མེད་པ་རེད། ཡིན་ཡང་། ཁྱེད་རང་ས་ཁུལ་ཐག་རིང་ཞིག་དུ་ཡོད་པ་དང་བོད་ཡིག་སྤྱོད་རྒྱུར་དཀའ་ངལ་འཕྲད་ཡོད་པ་ཡིན་ན་ནི་དྲ་གྲོགས་མེ་ལགས་དང་བསོད་དེ། ཨ་ཁུ་སྨོན་ལམ་བཅས་ཀྱི་ཟིན་བྲིས་ནང་དུ་ཕེབས་དང་ཁྱེད་རང་གི་བོད་ཡིག་འབྲི་སྟངས་གང་འདྲ་ཡིན་མིན་དེ་ནི་ཤེས་ཡོང་གི་རེད་དོ། དེ་མིན་རྐང་བཙུགས་ནས་བོད་ཡིག་གི་ཟིན་བྲིས་ནང་དུ་དབྱིན་ཡིག་བྲིས་པ་ནི་ཡིན་རྒྱུ་མ་རེད་འདོད་ཀྱི་ཡོད། རྗེས་ཕྱོགས་དེའི་ཐད་དུ་གཟབ་རོགས་ཞུ།

    Reply
  3. jamyangdakpa632 says:
    ལོ་ 18 སྔོན།

    sorry i just checked. though i am not good at english i dont know how i use tibetan. so someone help me .

    Reply
  4. jamyangdakpa632 says:
    ལོ་ 18 སྔོན།

    hi bod-sha-tak-rig-sum,
    you have wrote very well.hehhehhehehehehhehhe

    Reply
  5. abakara says:
    ལོ་ 18 སྔོན།

    ཤ་ཁྲག་གོ་སོང་ངམ། བོན་རྒྱ་བས་བཤད་རྒྱུ་དེ་ངས་ཁྱེད་ལ་བཤད་ཚར་བ་ཡིན། དེ་རིང་ང་བོན་རྒྱ་བའི་ཚབ་ཡིན།

    Reply
  6. abakara says:
    ལོ་ 18 སྔོན།

    དགྲ་བོས་ང་གསོད་ཀྱི་རེད་ཅེས་ཕྱི་སྣུར་བྱེད་པ་དེ་བོད་བཙན་པོའི་གདུང་རྒྱུད་ཅིག་ལ་མཚོན་ན་ངོ་ཚ་དགོས་པ་ཞིག་རེད། ང་ཚོས་ད་ལོའི་དཔའ་རྒོད་ཚོའི་བླ་སྒུལ་བ་ཡང་རེད། ཡིན་ནའང་། བོད་ནང་གི་སྤུན་ཟླ་ཚོའི་ཚེ་སྲོག་ལ་གཅེས་པ་ཡག་པོ་རེད།
    ཁྲག་འཐུང་གིས་བཤད་པ་དེ་ལ་ངས་ལན་ཞིག་བྲིས་ཚར་བ་ཡིན། ད་ལོ་སེ་ར་དགོན་པའི་བླ་མ་ཚོགས་པ་ཡིན་ན་ལས་འགུལ་མང་པོ་སྤེལ་བ་རེད། ང་སེ་ར་ཐོན་ན་དེའི་སྐོར་རྒྱས་པ་ཞིག་ཟིན་བྲིས་ནང་བཞག་ཆོག ད་ལྟ་ང་དགའ་ལྡན་ན་ཡོད། ཡིན་ནའང། མང་ཆེ་བ་བླ་མ་གཞོན་རབས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese