ལོ་ལྟར་༧གོང་ས་མཆོག་གིས་སྤྱི་ཟླ་ ༣ པའི་ནང་དཔྱིད་ཆོས་ཆེན་མོ་གནང་གི་ཡོད་ཀྱང༌། ད་ལོའི་ལོ་མགོར་ཝ་རཱ་ནཱ་སིར་གསུང་ཆོས་གནང་བའི་རྐྱེན་གྱིས་ལོ་འདིའི་དཔྱིད་ཆོས་ཆེན་མོ་ཕྱིར་འཐེན་གནང་ཡོད་པ་རེད།
ཕྱི་ཚེས་ ༢༣ ཉིན་སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་འདི་ག་གསར་ཁང་ལ་གསལ་བཤད་གནང་དོན། ད་ལོའི་ལོ་མགོ་འདིར་༧གོང་ས་མཆོག་གིས་གནས་མཆོག་ཝ་ར་ཎ་སི་ནས་གསུང་ཆོས་གནང་ཡོད་སྟབས། ལོ་གསར་རྗེས་ཀྱི་དཔྱིད་ཆོས་ཆེན་མོ་ཕྱིར་འཐེན་གནང་བ་ཡོད་པ་རེད། ཡིན་ཡང་ལོ་ལྟར་གནང་སྲོལ་ཡོད་པ་བཞིན། ད་ལོར་ཡང་ཕྱི་ཟླ་ ༣ པའི་ཚེས་ ༡༡ ཉིན་༧གོང་ས་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གཅིག་རིང་སྟོན་པའི་སྐྱེས་རབས་སྐོར་གྱི་གསུང་ཆོས་གནང་རྒྱུ་ཡིན་འདུག