མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུའི་ལོ་སར་དོན་ཚན་ལྔ།

བོད་ཀྱི་དུས་བབ།
༢༠༠༩/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

དབུས་གཞོན་ནུ་ལྷན་ཚོགས་ཀྱིས་ས་གླང་ལོའི་བོད་ཀྱི་ལོ་གསར་མི་གཏོང་བར་ལོ་ནག་སྲུང་གཙི་ཞུ་རྒྱུ་ཡིན་པ་དང༌། ཉིན་ལྔའི་རིང་ལ་ལས་འགུལ་ཁག་ལྔ་ས་གནས་སོ་སོའི་གཞོན་ནུའི་ཡན་ལག་ཁག་གི་གོ་སྒྲིག་འོག་སྤེལ་རྒྱུ་ཡིན་འདུག 

ཚེས་ ༢༩ ཉིན་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་ད་ལོ་ས་གླང་ལོའི་བོད་ཀྱི་ལོ་གསར་མི་གཏོང་བར་འཐབ་རྩོད་ཀྱི་སྒོ་ནས་ལོ་ནག་སྲུང་གཙི་ཞུ་རྒྱུའི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་པ་དང༌། རྒྱ་ནག་གིས་བོད་ཡུལ་བཙན་འཛུལ་མགོ་བཙུགས་ནས་མི་ལོ་ ༦༠ འཁོར་བ་དང་བོད་རིགས་རྣམས་གཞིས་བྱེས་གཉིས་སུ་ཁ་གྱེས་ནས་མི་ལོ་ ༥༠ འཁོར་བ། དེ་བཞིན་སྤྱི་ལོ་ ༢༠༠༨ ལོར་བོད་མིའི་ཞི་རྒོལ་སྐབས། རྒྱ་གཞུང་གི་དྲག་གནོན་འོག་མདོ་དབུས་ཁམས་གསུམ་གྱི་བོད་མི་མི་ཉུང་བ་ཞིག་གི་ཚེ་སྲོག་ཤོར་བ་དང༌། བོད་མི་སྟོང་ཕྲག་ཁ་ཤས་ཀྱིས་བཙོན་དུ་མནར་གཅོད་མྱོང་བཞིན་པ་བཅས་ཀྱི་ཆེད་དུ། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དོན་ཚན་ལྔ་ཡོད་པའི་ལོ་ནག་གཙི་བའི་ལས་འགུལ་ཞིག་ས་གནས་གཞོན་ནུ་ཁག་ཡོངས་ལ་བཀོད་ཁྱབ་བཏང་སྟེ། ས་གནས་སོ་སོར་ཡང་ལས་འགུལ་གཅིག་མཚུངས་སྤེལ་རྒྱུ་ཡིན་འདུག  གསལ་བསྒྲགས་སུ་འཁོད་པའི་ལས་འགུལ་དང་པོ་ནི་བོད་ཟླ་ ༡༢ ཚེས་ ༢༩ ཉིན། ནམ་རྒྱུན་གྱི་གླུད་གཡུག་གཏོང་གི་ཚབ་ཏུ་མའོ་ཙེ་ཏུང་དང་ཧུའུ་ཅིན་ཐའོ་གཉིས་ཀྱི་འདྲ་གཟུགས་ཆེན་པོ་རེ་གཡུག་རྒྱུ་དང༌། ལས་འགུལ་ནང་དུ་ཞུགས་མཁན་སོ་སོས་ཀྱང་གླུད་ཚབ་ཏུ་སོ་སོའི་ནང་ནས་མའོ་དང་ཧུའུ་ཡི་འདྲ་གཟུགས་རེ་འཁྱེར་ཡོང་རྒྱུ། གཉིས་པ་ནི་བོད་ཟླ་ ༡༢ པའི་ཚེས་ ༣༠ སྟེ་གནམ་གང་ཉིན་བོད་ཀྱི་རྩ་དོན་སྐོར་མཉམ་སྦྲེལ་རྒྱལ་ཚོགས་དང༌། ཡུ་རོབ་གྲོས་ཚོགས་ལ་འབུལ་རྒྱུའི་མཚན་རྟགས་བསྡུ་རུབ་བྱས་ཏེ། ཁུངས་སོ་སོར་སྦྲགས་ཐོག་བརྒྱུད་འབུལ་གཏོང་བྱ་རྒྱུ། གསུམ་པ་ནི་ལོ་སར་ཚེས་ ༡ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩ དང་ཕྱེད་ཀ་ནས་མགོ་འཛུགས་ཀྱིས་རྡ་རམ་ས་ལར་ཟས་བཅད་ངོ་རྒོལ་ཚེས་ ༣ བར་མི་གྲངས་ ༥༠ ཡས་མས་བརྗེ་ལེན་མེད་པའི་ལས་འགུལ་མུ་མཐུད་སྤེལ་རྒྱུ་དང༌། ཚེས་ ༡ དགོང་མོར་མྱ་ངན་མཚོན་ཆེད་སྒེར་སོ་སོའི་ཁང་བའི་ཕྱི་རོལ་ཏུ་མཆོད་མེ་དང་ཡང་ལྭ་སྒྲོན་འབུལ་ཞུ་རྒྱུའི་འབོད་སྐུལ་བྱ་རྒྱུ། ལས་འགུལ་བཞི་བ་དེ་ནི་ལོ་སར་ཚེས་ ༣ ཉིན་ཞོགས་པ་ཆུ་ཚོད་ ༩ དང་ཕྱེད་ཀར་ལྷ་རྒྱལ་རིར་དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་གི་སྐུ་བརྙན་མདུན་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་རྗེས་དྲན་སླད་འདུ་འཛོམས་ཀྱིས། ལྷ་རྒྱལ་རི་ནས་རྡ་ཤོད་ཀ་ཅ་རི་བར་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱ་རྒྱུ། ལྔ་བ་སྟེ་ཚེས་ ༣ ཉིན་ ༢༠༠༨ ལོའི་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པས་གཙོས་ད་བར་བོད་རང་བཙན་གྱི་དོན་གཅེས་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་སླད། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དང་སྨོན་ལམ་གསོག་སྒྲུབ་ཀྱི་འདས་མཆོད་རྒྱས་པ་ཞིག་དབུས་གཞོན་ལྷན་གྱི་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གོ་སྒྲིག་ཞུ་རྒྱུ་བཅས་ཡིན་འདུག 

འབྲེལ་ཡོད་གསར་འགྱུར།

Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༥ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢༣ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༢༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༢༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

༢༠༢༦/༠༤/༡༥

མཆན། 6

  1. འབྲོང༌གི་ངུར་སྒྲ། says:
    ལོ་ 17 སྔོན།

    གཞོན་ནུ་ཚོགས་པར་ཟས་བཅད་ངོ་རྒོལ་ལས་གཞན་ཐབས་རྩོད་བྱེད་སྟངས་མེད་པ་རེད་དམ།
    དེ་འདྲའི་ཐབས་རྡུགས་ཤིག ཟས་བཅད་ངོ་གོ་སྒྲིག་བྱ་རྒྱུ་ནི་ཆེས་ལས་སླ་བ་ཞིག་རེད་ལ། ལྷག་པར་མོའོ་དང་ཧའོ་ཡི་པར་གླུད་གཏོང་བའི་འཐབ་རྩོད་བྱ་སྟངས་དེ་ནི་དེ་འདྲའི་ཆོ་མེད་པ་ཞིག་མིན་ནམ། ཇི་འདྲའི་དགོད་བྲོ་བ་ཞིག་རེད། གཞོན་ནུ་ཚོགས་པ་ལ་ཟས་བཅད་ངོ་རྒོལ་བྱེད་དུས་ཁོང་ཚོའི་ཚོགས་མི་རྣམས་གར་སོང་ཆ་མེད་ཡིན་ལ། ཟབ་སྦྱོང་དང་རྩེད་མོའི་རིགས་འགྲན་སྡུར་བྱེད་དུས་ཚིང་ཁ་རྒྱག་གི་ཡོད། ལྷག་པར་དུ་ཚོགས་ཆེན་ཚོགས་སྐབས་འུར་རྒྱག་རྒྱུར་དགའ་བའི་ཚོགས་པ་འདི་ལྟ་བུས་ཅི་ཞིག་ཕན་ནམ། དེ་བས་ཁོང་ཚོར་ལྷག་པའི་གནད་དོན་ནི་རང་བཙན་གྱི་ལངས་ཕྱོགས་གཅིག་པུ་འཛིན་རྒྱུ་ཙམ་མ་ཡིན་པར་དངོས་ཡོད་ཀྱི་ཐོག་ནས་ལས་འགུལ་སྐད་གྲགས་ཆེ་བ་ཅི་ཞིག་སྤེལ་རྒྱུ་དང་དེའི་ཇི་ལྟར་སྤེལ་རྒྱུ་ཡིན་མན་ལ་བསམ་བློ་བཏང་ནས་འཇོན་ཐང་མངོན་རྒྱུ་དེ་རེད་དོ༎

    Reply
  2. བསེ་རུ། says:
    ལོ་ 17 སྔོན།

    གཙི་དང་བརྩི་གཉིས་ལ་ཁྱད་པར་ནི་དུས་བབ་ཀྱི་གསར་འགོད་པས་བཀས་བཅད་པའི་གྲས་ཀྱི་ཐ་སྙད་ཅིག་རེད།
    གསར་འགྱུར་བརྒྱུད་ལམ་གཞན་རྣམས་སྲུང་བརྩི་འདི་བཞིན་འབྲི་མུས་རེད།

    Reply
  3. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    བཀུར་འོས་གསར་འགོད་པ་ལགས།
    གཙི་དང་བརྩི་གཉིས་ཀྱི་ཁྱད་པར་ཅི་རེད།
    ཁྱེད་ཀྱིས་གསར་འགྱུར་ཕལ་ཆེ་བར་་བརྩི་ཡི་ཚབ་ལ་གཙི་བེད་སྤྱད་བཏང་འདུག

    Reply
  4. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    བཙན་བྱོལ་དུ་གཞོན་ནུའི་ཡན་ལག་ཁག་ག་ཚོད་ཡོད་དམ།
    བཀུར་འོས་གསར་འགོད་པ་ལགས།
    ལོ་ནག་སྲུང་གཙི་མ་རེད། ལོ་ནག་སྲུང་བརྩི་རེད།

    Reply
  5. དགྲ་འདུལ། says:
    ལོ་ 17 སྔོན།

    འདྲེ་རིག་ལྡན་ལ་རྒྱུན་དུ་རྒྱབ་སྐྱོར་ཡོད།

    Reply
  6. འདྲེ་རིག་ལྡན། says:
    ལོ་ 17 སྔོན།

    གཞོན་ནུ་ལ་ནམ་ཡང་རྒྱབ་སྐྱོར་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese