ཆུང་འདྲིས་བྱམས་པ་མི་རེད།
བྱམས་པའི་ཞལ་རས་དུང་རེད།
དུང་གི་ཟླ་བ་ཤར་དུས།
ཨོ་་་་ མཚན་མོའི་ཁེར་རྐྱང་ང་སྐྱོ་སོང་།
ཆུང་འདྲིས་བརྩེ་བའི་མི་རེད།
སེམས་ཀྱི་བརྩེ་དུང་དྲོན་མོ།
ཉི་འོད་དྲོད་ཀྱི་རང་བཞིན།
ཨོ་་་་ ཉིན་མོའི་གྲིབ་མ་ང་སྐྱོ་སོང་།
ཆུང་འདྲིས་དགའ་བའི་རོགས་རེད།
དྲན་ཤིང་ནང་གི་སྲོག་རེད།
ས་ཆའི་ཁ་ཐག་བར་ནས།
ཨོ་་་་ ས་མཐའི་བུ་ལོ་ང་སྐྱོ་སོང་།




![Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]](https://tibettimes.net/wp-content/uploads/2026/10/Screen-Shot-2026-10-16-at-2.29.07-PM-360x180.png)