དབྱིན་ཡུལ་དུ་མི་ལོ་བཅོ་བརྒྱད་རིང་འབབ་མ་མྱོང་བའི་ཁ་བ་མཐུག་པོ་ཞིག་བབས་ཏེ་དབྱིན་སྒོར་དུང་ཕྱུར་ ༣༠ ལྷག་གི་གྱོང་གུད་བྱུང་ཡོད་འདུག
ཕྱི་ཚེས་ ༣ ཉིན་གྱི་བྷི་བྷི་སེ་ལྟར་ན། ལོ་ངོ་ ༡༨ རིང་འབབ་མ་མྱོང་བའི་ཁང་ཆགས་དེ་ལ་བརྟེན་བཟོ་གྲྭ་དང༌། སློབ་གྲྭ་ འགྲིམ་འགྲུལ། གནམ་གྲུ། དྲ་ལམ་ཁག སྨན་ཁང་དང་ཚོང་ཁང་སོགས་སྒོ་བརྒྱབ་དགོས་བྱུང་བ་དང་། མི་གྲངས་ཁྲི་ ༦༤༠ ཡིས་ལས་ཀ་མཚམས་འཇོག་བྱ་དགོས་བྱུང་ཡོད་འདུག
ཁང་སྐྱས་གཡོགས་པའི་དབྱིན་ཡུལ་མི་མང་གིས་འཁང་ར་དང་སྡུག་དམོད་བྱེད་བཞིན། གནམ་གཤིས་བརྟག་དཔྱད་ལས་ཁུངས་ལ་སྔོན་དཔག་གི་ནུས་པ་མེད་པ་དང༌། མི་མང་ལ་སྔོན་བརྡ་མ་བཏང་ཚུལ་དང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་འབར་རྫས་གས་གཏོར་གྱི་དོན་རྐྱེན་སྐབས་སུའང་འདི་ལྟར་རླངས་འཁོར་མཐའ་དག་འགག་ཐུབ་མེད་སྐོར་བཤད་ཀྱིན་ཡོད་པ་རེད། གནས་ཚུལ་དབྱེ་ཞིབ་པ་ལྟར་ན། ཐེངས་འདིའི་ཁང་སྐྱོན་གྱི་དབང་གིས་ཉམས་རྒུད་ལ་འགྲོ་བཞིན་པའི་དབྱིན་ཇིའི་དཔལ་འབྱོར་ལ་དབྱིན་སྒོར་དུང་ཕྱུར་ ༣༠ ལྷག་གི་གྱོང་གུད་ཐེབས་ཡོད་ཚུལ་བརྗོད་འདུག