མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་བརྒྱད་ལོ་དང་། ཉིས་སྟོང་བརྒྱད་ལོ་ཟེར་བ་བཀླགས་རྗེས་སུ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཤི་གསོན་གཉིས་ཀྱི་བར་རོལ་ནས། བོད་པ་འདི་ཚང་གི་གླུ་བ་དང་གླུ་མ་ཚོའི་སྙིང་སྟོབས་ལ་ཡང་འདར་ཤ་རྒྱག་གི་འཇུག་བཞིན་ཡོད་པ་མ་ཡིན་ནམ། ང་ཚོས་བོད་དུ་ཁ་དཔེ་ཞིག་ཡོད་པ་ལྟར། མགོ་འབུར་འབུར་ཐམས་ཅད་དགྲ་ཡིན་ཟེར་བས་གཏམ་དཔེ་བཞིན་རྒྱ་ནག་སྲིད་གཞུང་ངན་པའི་བྱེད་ཐབས་འདི་འདྲ་ཞིག་བོད་ཀྱི་རིགས་ཞེན་གྱིས་སེམས་པ་རྨས་ཤིང་། རྨས་ཟིན་པའི་སེམས་པ་དེའི་རྨ་ཁ་སྐད་ངག་གི་གདངས་སུ་གྱེར་མཁན་གང་ན་སུ་ཡོད་པ་དེ་དག་གཅིག་གཅིག་གཉིས་གཉིས་བྱས་དེ་བཙོན་དུ་འཇུག་བཞིན་ཡོད་པ་དེའི་ནང་དུ། བོད་པ་ནང་རོལ་བ་ཡོད་པ་ཐག་གིས་ཆོད་པ་ཡིན། དེ་མིན་ན་རྒྱ་ནག་སྲིད་གཞུང་གི་དཔོན་ངན་ཆུང་ཆུང་སྲིད་གཞུང་ངན་པའི་རྒྱུགས་ཁྱི་དེ་དག་གི་རྣ་སྒོར་དེ་འདྲའི་ནང་དོན་གསལ་གསལ་དངས་དངས་ཤིག་ག་ལ་འབྱོར་སྲིད། དངོས་ནས་ཡིད་འཕངས་པ་ནི་རང་རིགས་རང་གི་བཙོང་མཁན་གྱི་བོད་རིགས་སྡར་མ་རེ་ཟུང་ཡོད་པ་དེ་དག་གི་བྱེད་སྟངས་ལ་སེམས་ནས་སྙིང་ན་བ་ཞིག་རེད། ཤུ་རེ་གོ བོད་པ་ཚང་ལ་གཅིག་བྱུང་ན་གཅིག གཉིས་བྱུང་ན་གཉིས། བསྡོད་དུ་མི་འཇུག་པ་འདི་ནི། རྒྱ་ནག་གི་སྲིད་ཇུས་བཟང་བོ་རུ་འབོད་པས་འཛམ་གླིང་གི་སྙན་གྲགས་ཆེ་ཞིང་རླབས་ཆེན་གྱི་དབུ་ཁྲིད་དག་གིས་མ་ཤེས་པ་ཡིན་ནི་མ་རེད། ད་ང་ཚོས་རང་གི་རང་སྐྱོབས་ཐབས་ཀྱི་སྲིད་ཇུས་མ་ནོར་བ་བྱེད་ཐུབ་ན་མ་རེད་དམ།

སོག་ཕྲུག་ལགས། ཤེས་རབ།
རྒྱུས་མེད་ན་ཟུག་གི་འཁུན་སྒྲ་རེ་རེ།
སུ་ཞིག་གི་ལག་དམར་བཞིན།

ཁྱེད་རང་ལ་གཤེད་མ་ལྟ་བའི་མི་ངན་དག་གིས་མནར་གཅོད་གཏོང་སྐབས། 
ཉེས་མེད་དུ་རང་གི་ཤ་གསེང་རུས་གསེང་ནས་གཟེར་ནས་འོང་དུས།
ཁྱེད་རང་བོད་དུ་སྐྱེ་བ་ལ་ཡིད་སྐྱོ་བཞིན་འདུག་གམ།
དེ་འདྲ་ཡིན་མི་སྲིད།
ངེད་ཅག་གི་ཁྱེད་རང་གླེང་བཞིན་ཡོད་ལ།
ངེད་ཅག་གིས་ཁྱེད་རང་གི་སྙིང་སྟོབས་དང་།
ཞུམ་མེད་ཀྱི་སྤོབས་པ་གཟི་བརྗིད་ཀྱི་དྲན་ཐོར་འགོད་བཞིན་ཡོད།
ཨ་མའི་བུ། སོག་ཕྲུག་ཤེས་རབ།
བོད་ཀྱི་བུ། སོག་ཕྲུག་ཤེས་རབ།
བོད་ཀྱི་དབའ་རྒོད་ལགས། སོག་ཕྲུག་ཤེས་རབ།
དམྱལ་བ་ལྟ་བའི་བཙོན་ར་དེ་ནས།
ཁྱེད་རང་ལྟ་བའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོད་ཚད།
མྱུར་དུ་གློ་གྲོལ་ཐོབ་པར་སྨོན།

སོག་ཕྲུག་ལགས། ཤེས་རབ།

ཁྱེད་རང་གི་བླངས་པའི་གླུ་སྐད་དེ།

འཛམ་གླིང་གི་ཡུལ་གྲུ་གང་སར་གནས་པའི་བོད་པ་དག་གི་རྣ་བར་བསྐྱལ་ཡོད།

ཁྱེད་ཀྱིས་བླངས་པའི་གླུ་སྐད་དེ་ནི་དངོས་ནས་ཆུང་ཆུང་ཞིག་གཏན་ནས་མིན།

ཁྱེད་རང་ཐུགས་མ་སྐྱོ།

ང་ཚོ་ཁྱེད་ཀྱི་རྒྱབ་མདུན་གང་རུང་དུ།

ད་དུང་ཤི་མེད་པར་གསོན་པོ་ཡིན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 5

  1. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་ལགས། དམིགས་གསལ་གྱི་ད་ལོ་གཅིག་བུ་ང་ཚོ་བོད་པ་ཚང་གི་ལོ་སར་ལ་མྱ་ངན་ཟེར་བ་ལས་ངས་བོད་པ་ཚང་གི་ད་ལྟའི་མི་རབས་འདི་ལ་མྱ་ངན་གྱི་མི་རབས་ཟེར་ན་འདོད། ངེད་ཅག་གི་མྱ་ངན་འདི་མ་སངས་ན། བོད་པ་ཚང་ནི་མྱ་ངན་གྱི་མི་རབས་ཟེར་ནས་འབོད་འདོད་ཡོད། ངས་བོད་པ་ཚང་འདི་མི་ལོ་ལྔ་བཅུ་ཏག་ཏག་ལ་མྱ་ངན་ནང་དུ་བསྡད་པ་དང་། ད་དུང་ཡང་མི་ལོ་ག་ཚོད་ཅིག་ལ་མྱ་ངན་ཁྲོད་དུ་གནས་དགོས་མིན་མི་ཤེས་སྟབས། ངས་ད་ལྟའི་བོད་ཀྱི་གནས་བབ་འདི་ལ་མྱ་ངན་གྱི་མི་རབས་ཟེར་ནས་འབོད་ཀྱི་ཡིན་ལ། དྲ་གྲོགས་ཁྱེད་རང་དང་དྲ་གྲོགས་གཞན་པ་དག་ལ་འདིས་ཐད་དུ་ལྟ་ཚུལ་གང་ཡོད་ང་རང་གི་ཤེས་ན་འདོད། ང་ཚོ་ནི་མྱ་ངན་གྱི་མི་རབས་ཡིན་པ་མ་ཟད། ངེད་ཅག་གི་མྱ་ངན་གྱི་མི་རབས་འདི་སངས་ཆེད་དུ། བོད་པ་གང་དུ་གནས་ཡུལ་གྱི་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་རང་ཉིད་ནི་མྱ་ངན་གྱི་མི་རབས་ཤིག་གི་ཁུངས་སུ་སྐྱེས་ཡོད་པ་ཤེས་དགོས་པ་དང་དེ་དང་འབྲེལ་ནས་མྱ་ངན་གྱི་མི་རབས་འདིས་མྱ་ངན་གྱི་བྱུང་རབས་ཀྱང་མི་གཅིག་ནས་བཅུ། བཅུ་ནས་བརྒྱ། བརྒྱ་ནས་སྟོང་། སྟོང་ནས་ཁྲི། ཁྲི་ནས་ས་ཡ་ནས་ས་ཡ་ནས་བརྒྱུད་དེ། འཛམ་གླིང་གི་མི་དམངས་གང་མང་མང་གི་རྣ་ལམ་འདི་མྱ་ངན་གྱི་མི་རབས་ཤིག་ད་ལྟ་ཡང་མྱ་ངན་དང་མནར་གཅོད། རང་དབང་གཏན་བྲལ་གྱི་འཚོ་བ་ཞིག་རྒྱ་ནག་སྲིད་གཞུང་གིས་གནོན་ཤུགས་འོག་རོལ་བཞིན་ཡོད་པ་ནི། འདོད་མོས་ཡོད་ནས་རོལ་བཞིན་མེད་པ་དེ་དག་གི་བསྐོར་དངོས་ཤུགས་བརྒྱུད་གསུམ་གང་ཞིག་ལ་ནུས་པ་འདོན་ཐུབ་པ་དེ་དག་རང་རང་གི་སྐད་ངག་དང་ཡི་གེ རྩོམ་ཡིག་དང་ཆབ་བསྒྲགས། འབོད་སྐུལ་དང་སྙན་ཞུ་སོགས་ཐབས་ལམ་འདྲ་མིན་ནས་ང་ཚོ་ནི་བོད་མི་རིགས་ཀྱི་མྱ་ངན་གྱི་མི་རབས་ཤིག་ཡིན་པ་ཤེས་སུ་མཇུག་རྒྱུའི་ལས་འགན་ནི་ངེད་ཅག་གི་ཕྲག་པར་འབབ་ཡོད་པ་ཤེས་སུ་འཇུག་པའི་འོས་འགན་དང་འབད་བརྩོན་བྱེད་དགོས་པའི་ལས་དེ་ང་ཚོ་བོད་མི་རབས་ཀྱི་གཞོན་སོ་དཀར་ནས་དབུ་དུང་དཀར་བར་དང་། བྱིས་པ་ལོ་དྲུག་ནས་བུད་མེད་རྒན་གཞོན་ཡོད་ཚད་ཀྱི་སེམས་ཁུངས་དུ་བོད། མྱ་ངན་གྱི་མི་རབས་ཡིན་པ་ངེས་ཤེས་ཤིག་རྙེད་དུ་བཅུགས་པ་ཡིན་ན། ད་གཟོད་བོད་པ་ཚང་གི་གཞིས་བྱིས་གཉིས་ལ་རེ་བ་ནས་དམིགས་ཡུལ་གྱི་སྟེང་འགྲོ་ཐུབ་པའི་ལམ་ཕྱོགས་ཤིག་ཡོད་པར་ཡིད་ཆེས་བྱེད་ཆོག་པ་ཡིན། ངས་འདི་ལྟར་གླེང་གཞི་ཞིག་འཛུགས་དོན་ནི། མྱ་ངན་གྱི་ལོ་སར་ཞེས་གླེང་དེ་ལོ་སར་བ་མྱ་ངན་བརྗེད་འགྲོ་བ་ལྟ་བུ་ཞིག་གི་ལས་འགུལ་དེ་ཉིད་ཆུང་དྲགས་པར་གླེང་བཞིན་ཡོད་པ་ལས། མྱ་ངན་གྱི་ལོ་སར་ཟེར་བ་དེ་ནི་ཡག་པོ་མེད་པ་ཞིག་རེད་ཅེས་བཤད་ཀྱི་མེད། ངས་བོད་པ་ཚང་ལ་རང་དབང་མ་ཐོབ་བར་དུ་བོད་འདི། མྱ་ངན་གྱི་མི་རབས་ཤིག་ཡིན་པར་འབོད་ཀྱི་ཡོད་དོ།

    Reply
  2. samkhar says:
    ལོ་ 17 སྔོན།

    སྣ་ཚོགས་འཚོ་བའི་གཟུགས་བརྙན་རབ་བེ་རིབ།།
    སྣ་ཚོགས་སེམས་ཀྱི་ཡོལ་བ་ལྷབ་སེ་ལྷབ།།
    སྣ་ཚོགས་རྩོམ་གྱི་སྒྟ་རྩལ་ཁྱར་མ་ཁྱོར།།
    སྣ་ཚོགས་བྱ་བའི་བར་ནས་ཐར་མ་ཐོར།།

    དྲ་གྲོགས་ལགས།

    མྱ་ངན་གྱི་ལོ་གསར།
    དར་དམར་གྱི་ལོ་གསར།
    འདི་ནི་སྔར་བྱུང་མ་མྱོང་བའི་བོད་གཞིས་བྱེས་གཉིས་ཀྱི་ལོ་གསར་གྱི་མིང་བརྡ་གསར་པ་ཞིག་རེད་ལ།
    རྒྱལ་རབས་ལོ་རྒྱུས་ནང་དུ་འཁོད་ངེས་པའི་ལོ་གསར་དམིགས་བསལ་བ་ཞིག་ཀྱང་རེད།

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    དྲ་གྲོགས་བསེ་རུ་ལགས། ངས་ཁྱེད་རང་གི་རྩོམ་ཡིག་དེ་སྤེལ་བར་སྒུག་ནས་བསྡད་ཡོད་ལ། དྲ་གྲོགས་གང་མང་ཞིག་གིས་ཀྱང་ང་དང་འདྲ་བར་སྒུག་ནས་བསྡད་ཡོད་ངེས་རེད།

    Reply
  4. samkhar says:
    ལོ་ 17 སྔོན།

    དྲ་གྲོགས་ལགས།

    ང་ཚོས་དྲ་ཐོག་ནས་མྱ་ངན་གྱི་ལོ་གསར་ཞེས་རྩོམ་ཡིག་སྣ་ཚོགས་ཤིག་སྤེལ་དང་སྤེལ་མུས་ཡིན།
    དེ་རིང་ངའི་མིག་ཡུལ་དུ་གྱུར་པ་ནི་དར་དམར་གྱི་ལོ་གསར་ཞེས་པའི་ཚིག་འདི་མངོན་བྱུང་།
    ྡདྲ་གྲོགས་ལགས།
    དར་དམར་གྱི་ལོ་གསར་དང་མྱ་ངན་གྱི་ལོ་གསར་གཉིས་ལས་ནི་ཆབ་སྲིད་ཀྱི་དོན་གནད་གལ་ཆེན་ཞིག་དུ་འགྱུར་བཞིན་འདུག

    Reply
  5. samkhar says:
    ལོ་ 17 སྔོན།

    དྲ་གྲོགས་ལགས།

    ང་ཚོས་དྲ་ཐོག་ནས་མྱ་ངན་གྱི་ལོ་གསར་ཞེས་རྩོམ་ཡིག་སྣ་ཚོགས་ཤིག་སྤེལ་དང་སྤེལ་མུས་ཡིན།
    དེ་རིང་ངའི་མིག་ཡུལ་དུ་གྱུར་པ་ནི་དར་དམར་གྱི་ལོ་གསར་ཞེས་པའི་ཚིག་འདི་མངོན་བྱུང་།
    ྡདྲ་གྲོགས་ལགས།
    དར་དམར་གྱི་ལོ་གསར་དང་མྱ་ངན་གྱི་ལོ་གསར་གཉིས་ལས་ནི་ཆབ་སྲིད་ཀྱི་དོན་གནད་གལ་ཆེན་ཞིག་དུ་འགྱུར་བཞིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese